
- ཀ་ཐོ་སེམས་ཀྱི་དབྱི
- དབྱངས་སྙན་འཇོལ་མོའ
- བོན་བསྟན་ཅི་ཙམ་གནས
- གཡུང་དྲུང་ཡན་ལག་ཚི
- སེམས་ཀྱི་གད་རྒྱངས།
- དགོས་ན་ལོངས།
- ཐ་སྙད་ཀྱི་རོལ་རྩེད
- བསམ་པའི་སྡུག་བསྔལ།
- ཞིམ་མངར་དཀྲུག་ཇའི་
- གཡས་རུའི་ཨ་ཁྲིད་ཆེ
- ༥ ༡༡ མ་ཡུམ།
- རྗེ་ཏ་པི་ཧྲི་ཙའི་ར
- རྒྱལ་གཤེན་རྗེས་དྲན
- ཕྱེ་མར་མཆོད།།
- རྫོང་དྲུག་ཡུལ་གྱི་
- སེམས་ཀྱི་རླབས་སྒྲ།
- ཆང་གཞས།།
- བོད་དང་བོན།
- འཕྲིན་ལས་ཟབ་མོའི་འ
- རྣམ་དཔྱོད་འགྲན་པའི
- པན་ཆེན་སྐུ་ཕྲེང་རི
- རིགས་སྒྲའི་ཁྲོད་ཀྱ
- དགེ་རྒན་དུས་ཆེན་ལ།
- ཐ་སྙད་ཀྱི་རོལ་རྩེད
- དམངས་ཀྱི་སྐུ་གཤེན།
- དཔེ་རྩིས་བཀླག་པའི་
- དཔལ་རིས་ཡུལ་གྱི་སྐ
- རྨེའུ་དཔལ་ཆེན་གྱི་
- སྐྱོ་དབྱངས།།
- ཡེ་གཤེན་བཀོད་པ་དོན
- Re:གཡུང་དྲུང་ཡན་ལག
- Re:གཡུང་དྲུང་ཡན་ལག
- Re:གཡུང་དྲུང་ཡན་ལག
- Re:གཡུང་དྲུང་ཡན་ལག
- Re:གཡུང་དྲུང་ཡན་ལག
- Re:སེམས་ཀྱི་གད་རྒྱ
- Re:དགོས་ན་ལོངས།
- Re:གཡས་རུའི་ཨ་ཁྲིད
- Re:འཕྲུལ་ངག་བདེན་པ
- Re:ཐ་སྙད་ཀྱི་རོལ་ར
- Re:ཐ་སྙད་ཀྱི་རོལ་ར
- Re:ཐ་སྙད་ཀྱི་རོལ་ར
- Re:ཐ་སྙད་ཀྱི་རོལ་ར
- Re:༥ ༡༡ མ་ཡུམ།
- Re:ཞིམ་མངར་དཀྲུག་ཇ
- Re:ཞིམ་མངར་དཀྲུག་ཇ
- Re:གཡས་རུའི་ཨ་ཁྲིད
- Re:ཞིམ་མངར་དཀྲུག་ཇ
- Re:ཞིམ་མངར་དཀྲུག་ཇ
- Re:ཞིམ་མངར་དཀྲུག་ཇ
སེམས་ཀྱི་སྡུག་བསྔལ།།
དཀར་དམར་འདུས་པའི་རྣག་ཁྲག་ཁྲོད་དུ།།
རྣམ་ཤེས་མེ་ལོང་རྒྱ་རུ་འཐུམས་ཤིང་།།
རྨུག་འཐིབ་སྡུག་གི་རུ་ཤིང་ཁྲོད་ནས།།
ལམ་ནོར་དུ་མའི་ཁ་བྱང་བྲིས་འདུག།
མ་ལོའི་འགུལ་བསྐྱོད་རྟ་རྒོད་ཞོན་འདྲ།།
གྲང་དྲོའི་བཟའ་གཏུང་ལྕགས་བསྲེག་གངས་ཀླུང་།།
ཨ་མའི་བདེ་སྡུག་བུ་ཡི་ཁྲེས་པོ།།
ཐོག་མའི་འཚོ་བའི་བྲོ་བ་ཁ་འདུག།
འབྱུང་འདུས་ཕུང་པོ་འགྱུ་ལས་དྲངས་ཤིང་།།
འཇམ་པོའི་རེག་བྱ་ཚེར་མར་འགྱུར་ལ།།
ཨ་མའི་ངག་རྟས་སྒྲ་འཛིན་བཤོག་པའི།།
གནས་འདིར་འབྱོར་བ་ངོ་མ་ནོར་འདུག།
འཁྱག་ལྟོག་སྡུག་གི་གོམ་འགྲོས་དང་པོ།།
ཕ་མ་དགའ་བའི་པང་ནས་འདོར་དུས།།
འོད་ཀྱི་མཇལ་སྣང་རིམ་བཞིན་ཡལ་ཏེ།།
འཇིག་རྟེན་རི་མོ་དལ་གྱིས་དོད་སོང་།།
ལུས་ཀྱི་སྟོབས་ཤུགས་རིམ་བཞིན་རྫོགས་དུས།།
སེམས་ཀྱི་ཆགས་སྡང་དེ་བཞིན་འཕེལ་བ།།
སྡུག་གི་ཁུར་པོ་ལག་ཏུ་ལེན་པའི།།
གནས་འདིར་འབྱོར་བ་ངོ་མ་ནོར་འདུག།
ཕུང་པོ་འཕེལ་བའི་རིམ་པ་རེ་རེར།།
འདུ་བཞིའི་དམག་གི་འཐབ་འཁྲུགས་རེ་རེ།།
གཞོན་གྱི་ལང་ཚོ་ནད་ཀྱི་གང་བུ།།
གནས་འདིར་འབྱོར་བ་ངོ་མ་ནོར་འདུག།
གཉེན་འདུན་འཁྲུགས་པའི་རྔམ་ཟིལ་གཅིག་དང་།།
དགྲ་སྡང་འཁྲད་པའི་དོགས་གནས་ཤིག་སྟེ།།
སྡུག་བསྔལ་བཞིའི་རྦ་ཀློང་ནང་ནས།།
གནས་འདིར་འབྱོར་བ་ངོ་མ་ནོར་འདུག།
སུག་བཞི་སྟོབས་ཀྱི་འགན་ཁུར་ཤོར་ཞིང་།།
ཚིགས་ལྷུ་རེ་རེའི་གཡོ་ཁྲལ་འོག་ནས།།
རྒད་པའི་རེ་བ་མཁར་བར་བརྟེན་པའི།།
གནས་འདིར་འབྱོར་བ་ངོ་མ་ནོར་འདུག།
རྒད་པོའི་ལང་ཚོ་མལ་དུ་ལྷུང་ནས།།
དུས་བཞིའ་ཟ་མ་ཁ་ལ་གཉོད་པའི།།
ཉམ་ངའི་རྣམ་ཐར་ཕྱི་རུ་ཐོན་དུས།།
གནས་འདིར་འབྱོར་བ་ངོ་མ་ནོར་འདུག།
བུ་ནོར་འཁོར་གཡོག་རེ་རེར་བྲལ་ཞིང་།།
སྡིག་གི་བྱས་བསགས་དེ་བཞིན་ཤར་དུས།།
མི་ཚེ་དེ་ལ་འཚེར་སྣང་མང་བའི།།
གནས་འདིར་འབྱོར་བ་ངོ་མ་ནོར་འདུག།
དོན་ལྔ་འཇིག་པའི་གོ་རིམ་དག་ན།།
འོད་ལྔ་འཆར་བའི་འཇིགས་བསྐུལ་དུ་མ།།
སྒོ་ལྔའི་དབང་པོར་གོ་བརྡ་སྤྲོད་པའི།།
གནས་འདིར་འབྱོར་བ་ངོ་མ་ནོར་འདུག།
འུ་ཐུག་པའི་ནད་པ་ཞིག་མཐོང་རྗེས་སུ། ༢༠༡༢ ༢ ༤ལའོ།།
- ཟིན་ཐོ་གོང་མ།གཤེན་རབ་མཛད་པ་མཐར་ཕྱུང་གི་གཟེར་བུ།
- ཟིན་ཐོ་འོག་མ།༄༅།།གཤེན་གྱི་རབས།
