ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
རྫོང་དྲུག་ཡུལ་གྱི་གཏམ་རྒྱུད།། | 2013/1/17 22:16:00

རྫོང་དྲུག་ཡུལ་གྱི་གཏམ་རྒྱུད།།

བྲག་དཀར་ཕྲེང་ཚོགས་རྒྱུ་སྐར་བར་ནས་གཙུག་ལག་ཁང་གི་ཟླ་བ་ཚེས།།

མ་ཏྲིའི་སྙན་གླུ་འགྱུར་ཁུག་གསེང་དུ་སྐོར་ཕྱག་བྱེ་བའི་མཛེས་སྡུག་བཤམ།།

ཐང་དཀར་རྒོད་པོའི་གཤོག་རྒྱང་འདི་ནི་སུ་ལ་སྟོན་པའི་ཡིད་ཆེས་ཡིན།།

 

སྨུག་སྤྲིན་བླ་གོས་མཁའ་ལ་བྲེས་པའི་རི་ཕྲན་བྱེ་བས་མགུལ་དར་འཆིང་།།

བྱ་བྱེའུ་སྐད་སྙན་དབྱངས་སུ་སྒྲོགས་པ་སྒྲ་འཛིན་གསོ་བའི་དགའ་སྟོན་ཏེ།།

གནས་སྐོར་དག་གིས་ལམ་བུ་མཛེས་འདི་སུ་ལ་བརྒྱན་པའི་འཕྱང་འཕྲུལ་ཡིན།།

 

བཀའ་རྟགས་ཕྱག་རྗེས་རང་བྱུང་རི་མོ་རིག་འཛིན་བརྒྱད་ཅུའི་སྣང་བརྙན་བསྟར།།

རྒོད་ལྕམ་བྱེ་བའི་གཤེགས་ཤུལ་ཐེམ་སྐས་རབ་འབྱམས་ཞིང་དུ་འཇའ་རིས་བསྲིང་།།

ཤེལ་ལེ་རྫོང་གི་བྱིན་མཐུ་རེ་རེས་དམ་པའི་རྐང་རྗེས་མངོན་དུ་བསྟན།།

 

གངས་སེང་དཀར་མོའི་གཡུ་རལ་གསིག་འདྲའི་ཕས་རྒོལ་འཇོམས་པའི་བྱིན་མཐུ་ངོམ།།

བྱ་རྒྱལ་ཁྱུང་གི་སྒྲོ་གུར་རིང་མོས་སྣང་བ་དག་པ་འུབས་སུ་ཆུབ།།

འཆད་ཉན་མཚོན་པའི་རྩེ་མོ་དེ་ནི་ཐོས་བསམ་སྒོམ་པའི་རྒྱན་དུ་སྒེག།

 

ཤེས་རབ་བརྣོན་པའི་རལ་གྲི་ཞིག་གིས་བདུད་བཞིའི་ཕུང་པོ་ཕྱེ་མར་བྱས།།

མ་འདལ་རྩེ་མོའི་མཆོད་སྤྲིན་དག་པ་རྒྱལ་བ་དགྱེས་པའི་དགའ་སྟོན་རྫོགས།།

སྣང་སྟོང་ཟླ་བའི་འཛུམ་ཟེར་རེས་ཀྱང་ཤེས་བྱའི་དཀྱིལ་འཁོར་མངོན་པར་གསལ།།

 

ལོ་རྒྱུད་རིང་མོས་ཕྱི་མིག་བར་ན་བོན་གཤེན་དུ་མ་ཡུལ་གྱལ་ཕེབས།།

བཀའ་གཏེར་དུ་མའི་ཕུང་པོའི་ཁྲོད་ནས་གཤེན་རབ་བྱེ་བའི་དཀའ་ཚེགས་མཐོང་།།

གྱིམ་ཤོད་ཡུལ་གྱི་ངོ་གདོང་རེ་ན་གཡུང་དྲུང་བོན་པོའི་རྔུལ་ཁྲག་རེ།།

 

 ངོ་མཚར་རི་མོའི་ཕུང་པོ་སྤུངས་འདི་གནས་ཆེན་བྱེ་བའི་གཙུག་ན་བརྗད།།

ལས་ལྡན་དུ་མ་འོད་སྐུར་གཤེགས་པས་བྱིན་རླབས་ཚན་ཁ་བླ་ན་མཐོ།།

གོ་ལའི་ངོས་ན་གྲགས་པ་དཀར་པོས་སྐལ་བཟང་སེམས་ཀྱི་དད་པ་ཁུག།

༢༠༡༢* ༩ ༧ལའོ།

 

Re:རྫོང་དྲུག་ཡུལ་གྱི་གཏམ་རྒྱུད།། | 2013/1/18 22:01:13
danzengyixi

འདི་ཡང་ལེགས་རྩོམ་དུ་མཐོང་ནས་ལེགས་འདེམ་བྱས་པ་ཡིན།
དགེན་ལགས་མུ་མཐུད་ནས་སྤེལ་ཡོང་བའི་རེ་བ་ཡོད།
ལྷ་གཡག་དར་མས།
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
སྒྲོམ་གཞི་སྒྲིག་བཟོ་བ། མཁའ་ཚེ།
Powered by Oblog.