
- ཀ་ཐོ་སེམས་ཀྱི་དབྱི
- དབྱངས་སྙན་འཇོལ་མོའ
- བོན་བསྟན་ཅི་ཙམ་གནས
- གཡུང་དྲུང་ཡན་ལག་ཚི
- སེམས་ཀྱི་གད་རྒྱངས།
- དགོས་ན་ལོངས།
- ཐ་སྙད་ཀྱི་རོལ་རྩེད
- བསམ་པའི་སྡུག་བསྔལ།
- ཞིམ་མངར་དཀྲུག་ཇའི་
- གཡས་རུའི་ཨ་ཁྲིད་ཆེ
- ༥ ༡༡ མ་ཡུམ།
- རྗེ་ཏ་པི་ཧྲི་ཙའི་ར
- རྒྱལ་གཤེན་རྗེས་དྲན
- ཕྱེ་མར་མཆོད།།
- རྫོང་དྲུག་ཡུལ་གྱི་
- སེམས་ཀྱི་རླབས་སྒྲ།
- ཆང་གཞས།།
- བོད་དང་བོན།
- འཕྲིན་ལས་ཟབ་མོའི་འ
- རྣམ་དཔྱོད་འགྲན་པའི
- པན་ཆེན་སྐུ་ཕྲེང་རི
- རིགས་སྒྲའི་ཁྲོད་ཀྱ
- དགེ་རྒན་དུས་ཆེན་ལ།
- ཐ་སྙད་ཀྱི་རོལ་རྩེད
- དམངས་ཀྱི་སྐུ་གཤེན།
- དཔེ་རྩིས་བཀླག་པའི་
- དཔལ་རིས་ཡུལ་གྱི་སྐ
- རྨེའུ་དཔལ་ཆེན་གྱི་
- སྐྱོ་དབྱངས།།
- ཡེ་གཤེན་བཀོད་པ་དོན
- Re:གཡུང་དྲུང་ཡན་ལག
- Re:གཡུང་དྲུང་ཡན་ལག
- Re:གཡུང་དྲུང་ཡན་ལག
- Re:གཡུང་དྲུང་ཡན་ལག
- Re:གཡུང་དྲུང་ཡན་ལག
- Re:སེམས་ཀྱི་གད་རྒྱ
- Re:དགོས་ན་ལོངས།
- Re:གཡས་རུའི་ཨ་ཁྲིད
- Re:འཕྲུལ་ངག་བདེན་པ
- Re:ཐ་སྙད་ཀྱི་རོལ་ར
- Re:ཐ་སྙད་ཀྱི་རོལ་ར
- Re:ཐ་སྙད་ཀྱི་རོལ་ར
- Re:ཐ་སྙད་ཀྱི་རོལ་ར
- Re:༥ ༡༡ མ་ཡུམ།
- Re:ཞིམ་མངར་དཀྲུག་ཇ
- Re:ཞིམ་མངར་དཀྲུག་ཇ
- Re:གཡས་རུའི་ཨ་ཁྲིད
- Re:ཞིམ་མངར་དཀྲུག་ཇ
- Re:ཞིམ་མངར་དཀྲུག་ཇ
- Re:ཞིམ་མངར་དཀྲུག་ཇ
དཔལ་ལྡན་བླ་མའི་གསང་གསུམ་བརྗོད་པའི་དབྱངས་སྙན་འཇོལ་མོའི་མགྲིན་གླུ།།
གཞུང་ལུགས་རྒྱ་མཚོའི་དགོངས་པ་དཔྱིས་ཕྱིན་ཞིང་།།
རྒྱུད་སྡེ་རྒྱ་མཚོའི་མཛོད་ལ་མངའ་བརྙེས་པའི།།
རིག་འཛིན་རྒྱ་མཚོའི་མཛད་པ་ལྷུར་བཞེས་པ།།
ལྷུན་གྲུབ་རྒྱ་མཚོའི་ཚོགས་ཀུན་རྒྱལ་གྱུར་ཅིག།
རིང་ནས་བརྩེ་ཆེན་སྒེག་པའི་རོལ་མཚོ་ལས།།
མོས་ལྡན་མཁའ་རུ་སྒྱུ་སྐར་ཕྲེང་བའི་གར།།
ཐར་འདོད་སྙིང་ལ་བདུད་རྩི་གསར་པའི་རོ།།
འཛད་པ་མེད་པའི་དགེ་ལེགས་ཅི་ཡང་སྦྱིན།།
ཟུང་འཇུག་སྒྱུ་མའི་སྐུ་ལ་མཚན་དཔེའི་མཛོད།།
རྩ་རུང་ཐིག་ལེའི་འཕྲུལ་ལ་རྣམ་བརྩེན་པ།།
ཨ་ཤད་ཧམ་གྱི་ཟླ་བ་ཞུན་མ་ཡི།།
ཐབས་མཆོག་གསང་བའི་གོ་ཆ་རྣམ་པར་བཙན།།
རྨི་བ་སྒྱུ་མར་ཆུབ་པའི་རྣལ་འབྱོར་གྱིས།།
དངོས་ཀུན་སྣང་བ་མཚན་མའི་ཕུང་པོ་ཞིག།
གདན་གསུམ་དག་པ་ལྷ་རུ་འབྱམས་པ་ཡིས།།
རིག་འཛིན་རྣམ་བཞིའི་འཕྲིན་ལས་ལྷག་མེད་བཞེས།།
རྟོག་མེད་ཡེ་ཤེས་གོ་ཆ་རྫོགས་པ་ཡི།།
རྟོག་འཛིན་ལྷ་འདྲེས་གསད་གསོའི་འཆིང་བ་ཀུན།།
ཉག་ཅིག་ཏིང་འཛིན་ཀློང་དུ་བཅད་པ་ལ།།
ཚོགས་ཆེན་ཐིག་ལེ་ཤེ་ཡེས་གྲུབ་ལ་རྫོགས།།
རྣམ་གསུམ་སྣང་བ་འོད་གསལ་མཁའ་ལ་བཀྲ།།
སྐྱེ་འཆི་བར་གསུམ་སྐུ་གསུམ་དབྱིངས་ནས་ཤར།།
བསྐྱེད་རྫོགས་རྫོགས་ཆེན་ལྟ་བའི་ཀློང་ནས་བཞེངས།།
གྲུབ་པའི་ཁྱུ་མཆོག་བྱེ་བའི་རྒྱན་དུ་སྒེག།
དཀར་འཇམ་སྒྲོན་མ་དག་པ་ལྷ་ལམ་ནས།།
སྟོང་གསལ་རིག་པའི་ཉི་གཞོན་ཐོགས་མེད་འཆར།།
བདེ་ཆེན་འཁོར་ལོར་འཇུག་པའི་ཉམས་རྟོགས་ཀྱིས།།
གདོད་མའི་གཤིས་སུ་ཀུན་བཟང་བདག་གེར་བ།།
རྟོག་ཚོགས་ཆུ་འཛིན་ལྷན་སྐྱེས་མཁའ་ལ་ཐིམ།།
ཉིན་མཚན་ཁོར་ཡུག་འོད་གསལ་ཀློང་དུ་རྩེད།།
ཐབས་མཆོག་རྒྱལ་པོ་གསང་བའི་མཛོད་འཛིན་པ།།
ལྷར་བཅས་སྐྱབས་ཅིག་ལྷུན་གྲུབ་རྒྱ་མཚོའི་སྡེ།།
གོང་གི་གསང་གསུམ་ལྷ་མིའི་རྒྱན་ཅིག་པུ།།
སྐལ་ལྡན་བྱེ་བ་ཉེར་འཚོའི་དགའ་སྟོན་དུ།།
གོང་གི་འཕྲིན་ལས་ཡར་ཟླའི་དཔལ་ཡོན་ཀུན།།
སྐལ་བཟང་མགོན་དུ་བསྐལ་བརྒྱར་བརྟན་གྱུར་ཅིག།
ཅེས་ཁྱུང་སྨྱུག་མཛེས་སམ་ནམ་མཁའ་གཙུག་ཕུད་ཀྱིས་ཀོ་རྒྱལ་བདེ་ཆེན་ཀུན་གྲགས་གླིང་དུའོ།།
- ཟིན་ཐོ་གོང་མ།བོན་བསྟན་ཅི་ཙམ་གནས་པའི་ཡུན་ཚད། ལེགས་བཤད་མཛོད་ལས་བཤུས།
- ཟིན་ཐོ་འོག་མ།ཀ་ཐོ་སེམས་ཀྱི་དབྱིག་ལྕ