ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
རྗེ་ཏ་པི་ཧྲི་ཙའི་རྟོགས་པ་བརྗོད་པ།། | 2013/5/16 15:25:00

རྗེ་ཏ་པི་ཧྲི་ཙའི་རྟོགས་པ་བརྗོད་པའི་དབྱངས་སེང་ཆེན་བཞད་པའི་གད་རྒྱངས།།

སྟོང་ཆེན་སྙིང་རྗེ་བདལ་པའི་འོ་མཚོ་ཡི།།

སྒེག་ཉམས་ཀློང་ཆེན་གསལ་བའི་ཟླ་གཞོན་མའི།།

རང་གཟུགས་རྒྱལ་ཀུན་ལས་ཀྱང་དཔལ་སྟེར་བའི།།

ལྷ་མའི་འདྲེན་མཆོག་ཡེ་ཉིད་སྙིང་པོར་འདུད།།

 

རབ་དཀར་ཟླ་གཞོན་འཛུམ་པའི་གཟི་བྱིན་འཆང་།།

ཚངས་དབྱངས་ཟབ་དོན་འབྱིན་པའི་རོལ་མཚོ་ཅན།།

ལྷུན་གྲུབ་བཀོད་པས་གཞན་ཡིད་བརྟན་པ་བཅོམ།།

རྣམ་མཁྱེན་འོད་ལུས་བཞེངས་པ་གྲུབ་བརྒྱའི་གཙུག།

 

ཁྱེད་ཐུགས་ཤེས་བྱའི་མ་མ་ལས་འོང་པའི།།

སྣང་བ་རབ་འབྱམས་སྟོང་པའི་ཟླ་ཤར་བ།།

བློས་བཞག་གྲུབ་མཐའ་བྱེ་མའི་འཆངས་བུ་རུ།།

ཐེག་པའི་ནགས་ཀླུང་ཏིང་འཛིན་མེ་ལྕེས་ཟོས།།

 

དངོས་ཀུན་ཟད་མེད་གཏེར་ཆེན་སྦྲུམ་པའི་མཚོར།།

རླབས་ཕྲེང་རྒྱན་དུ་སྒེག་པའི་ངང་ཚུལ་གྱིས།།

དགག་སྒྲུབ་རྩོལ་བས་འཇིག་པ་མེད་པའི་ཚུལ།།

ལྷུན་གྲུབ་སྣང་བ་ཀུན་བཟང་མངོན་དུ་བཞེངས།།

 

རྣམ་མཁྱེན་ཕན་བདེའི་གཏེར་དུ་རློམས་པ་ཡི།།

ལེགས་འབྱུང་གཞན་ལ་རེ་བའི་ཞེ་ཁུར་གྱིས།།

རིན་ཆེན་གཏེར་གྱིས་བང་འཛོད་ཁེངས་བཞིན་དུ།།

དབུལ་མོར་ཁས་སུ་མཆེ་བ་སྙིང་རེ་ཚིམ།།

 

སྐལ་དམན་བློ་ལ་མུན་པའི་ཚོགས་སྟེར་ཞིང་།།

བློ་ཆེན་སྐད་ཅིག་བདེ་ཆེན་མཆོག་བརྙེས་གཏམ།།

འཕགས་བོད་མཁས་རློབས་ཕལ་གྱིས་མ་གོ་བས།།

ལྗོངས་འདི་ཁྱེད་ཉིད་ལས་གཞན་མཁྱེན་ལྡན་མིན།།

 

བཀའ་བརྒྱུད་ཆུ་བཞི་འདྲེན་པའི་ཐེག་སྟོབས་ཅན།།

འཇའ་ལུས་འཕོ་བ་ཆེན་པོའི་བཤེས་གཉེན་རྗེ།།

ཏ་སྤི་ཧྲི་ཙ་རྣམ་མཁྱེན་གར་བསྒྱུར་བའི།།

སྤྲུལ་སྐུ་དྲིན་ཅན་མཆོག་ཅེས་དབྱངས་སྙན་མཆེད།།

 

ཁྱེད་ཉིད་གཞི་དབྱིངས་དག་པའི་ཀློང་ཆེན་ནས།།

སྐལ་ལྡན་དད་མཚོར་ཟླ་བའི་འཛུམ་རླབས་ཀྱིས།།

གཞུང་ཆེན་སྡེ་བཞིའི་རླབས་ཕྲེང་རྒྱས་པའི་དཔྱིད།།

འཛམ་བུའི་ཕང་བ་འོད་སྐུའི་ཞིང་དུ་བྱས།།

 

གང་གིས་མཐའ་མ་རེག་པའི་དབྱིངས་ཀློང་ན།།

དྲན་རྟོག་སྤྲིན་གྱི་ཕུང་པོ་ཞིག་བྱེད་པའི།།

གནས་ལུགས་ཁྱབ་བདལ་དག་པ་རབ་འབྱམས་མཁར།།

མཐའ་གྲོལ་འབྲས་བུའི་ཁྱུང་ཆེན་གཞི་ལ་འཕུར།།

 

དེ་ལྟའི་ལྟ་བའི་བརྗིད་ཉམས་གདོང་ལྔའི་དབྱངས།།

སྐལ་ལྡན་རྒྱན་དུ་བསྒྲག་ཚེ་ཝ་སྐྱེས་ཁྱུ།།

མཐའ་འཛིན་སེམས་ཀྱི་ཀླད་རྒྱ་རལ་བྱས་པའི།།

མི་བཟོད་ངུ་མོའི་མཐའ་ལ་བཀར་འདིར་ལྟོས།།

 

གོང་གི་མཁྱེན་ཡོན་འདོད་རྒུ་འབྱུང་བའི་གཏེར།།

མཐོང་བའི་དབྱངས་སྙན་སོར་མའི་གར་ཅིག་ལས།།

མུན་པའི་བྱ་རྣམས་སྣང་བའི་སྐལ་ཕྲ་ཕྱིར།།

བསྟོད་པའི་དབྱངས་ཀྱི་བྱེད་པ་དཀོན་ལ་སེམས།།

Re:རྗེ་ཏ་པི་ཧྲི་ཙའི་རྟོགས་པ་བརྗོད་པ།། | 2013/5/18 23:41:21
boncuteལེགས་པོར་མཐོང་སོང་། གུས་པ་གངས་ཐིག་གིས།
Re:རྗེ་ཏ་པི་ཧྲི་ཙའི་རྟོགས་པ་བརྗོད་པ།། | 2013/5/20 10:39:48
སྐུ་མགྲོན་Kof6Iv(སྐུ་མགྲོན)ཕེབས་པར་དགའ་བསུ་ཞུ་ཁྱུང་ནས།
རྩོམ་པ་པོ།:སྐུ་མགྲོན་Kof6Iv(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
སྒྲོམ་གཞི་སྒྲིག་བཟོ་བ། མཁའ་ཚེ།
Powered by Oblog.