ཁྱུང་།
སྤྱི་བསྒྲགས།

ལི་ཐོ།
ཆེད་སྒྲིག་རྣམ་དབྱེ།
པར་མཛོད།
ཟིན་ཐོ་གསར་བ།
- ཀ་ཐོ་སེམས་ཀྱི་དབྱི
- དབྱངས་སྙན་འཇོལ་མོའ
- བོན་བསྟན་ཅི་ཙམ་གནས
- གཡུང་དྲུང་ཡན་ལག་ཚི
- སེམས་ཀྱི་གད་རྒྱངས།
- དགོས་ན་ལོངས།
- ཐ་སྙད་ཀྱི་རོལ་རྩེད
- བསམ་པའི་སྡུག་བསྔལ།
- ཞིམ་མངར་དཀྲུག་ཇའི་
- གཡས་རུའི་ཨ་ཁྲིད་ཆེ
- ༥ ༡༡ མ་ཡུམ།
- རྗེ་ཏ་པི་ཧྲི་ཙའི་ར
- རྒྱལ་གཤེན་རྗེས་དྲན
- ཕྱེ་མར་མཆོད།།
- རྫོང་དྲུག་ཡུལ་གྱི་
- སེམས་ཀྱི་རླབས་སྒྲ།
- ཆང་གཞས།།
- བོད་དང་བོན།
- འཕྲིན་ལས་ཟབ་མོའི་འ
- རྣམ་དཔྱོད་འགྲན་པའི
- པན་ཆེན་སྐུ་ཕྲེང་རི
- རིགས་སྒྲའི་ཁྲོད་ཀྱ
- དགེ་རྒན་དུས་ཆེན་ལ།
- ཐ་སྙད་ཀྱི་རོལ་རྩེད
- དམངས་ཀྱི་སྐུ་གཤེན།
- དཔེ་རྩིས་བཀླག་པའི་
- དཔལ་རིས་ཡུལ་གྱི་སྐ
- རྨེའུ་དཔལ་ཆེན་གྱི་
- སྐྱོ་དབྱངས།།
- ཡེ་གཤེན་བཀོད་པ་དོན
དཔྱད་གཏམ་གསར་བ།
- Re:གཡུང་དྲུང་ཡན་ལག
- Re:གཡུང་དྲུང་ཡན་ལག
- Re:གཡུང་དྲུང་ཡན་ལག
- Re:གཡུང་དྲུང་ཡན་ལག
- Re:གཡུང་དྲུང་ཡན་ལག
- Re:སེམས་ཀྱི་གད་རྒྱ
- Re:དགོས་ན་ལོངས།
- Re:གཡས་རུའི་ཨ་ཁྲིད
- Re:འཕྲུལ་ངག་བདེན་པ
- Re:ཐ་སྙད་ཀྱི་རོལ་ར
- Re:ཐ་སྙད་ཀྱི་རོལ་ར
- Re:ཐ་སྙད་ཀྱི་རོལ་ར
- Re:ཐ་སྙད་ཀྱི་རོལ་ར
- Re:༥ ༡༡ མ་ཡུམ།
- Re:ཞིམ་མངར་དཀྲུག་ཇ
- Re:ཞིམ་མངར་དཀྲུག་ཇ
- Re:གཡས་རུའི་ཨ་ཁྲིད
- Re:ཞིམ་མངར་དཀྲུག་ཇ
- Re:ཞིམ་མངར་དཀྲུག་ཇ
- Re:ཞིམ་མངར་དཀྲུག་ཇ
ཆེམས་གསར་བ།
ནང་འཇུག
དྲ་གྲོགས།
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
བསམ་པའི་སྡུག་བསྔལ། | 2013/7/18 15:16:00
0
-
-
བསམ་པའི་སྡུག་བསྔལ།
-
བླ་མེད་བསྟན་མཆོག་ཡང་ཟབ་ཐེག་པའི་བོན།།
-
སྐལ་ལྡན་ཉེ་ལམ་བགྲོད་པ་གཅིག་པུའི་སྒོ།།
-
དམར་ཁྲིད་དགོངས་པའི་མན་ངག་བདུད་རྩིའི་མཛོད།།
-
ཀ་རུ་གྲུབ་པའི་ཁྱུ་མཆོག་ལ་ཕྱག་འཚལ།།
-
-
རྨད་བྱུང་གཤེན་བསྟན་ལྷ་མིའི་གཉེན་གཅིག་པུ།།
-
འཛིན་པའི་མཐུ་སྟོབས་ཡིད་ཅན་དབྱེ་བའི་སྐྱིད།
-
འཕགས་མཆོག་སྐར་ཕྱོགས་ཁྲོད་ན་ཟླ་བ་བཞིན།།
-
མེ་སྟོན་དཀའ་བ་ཐུབ་པ་གང་དུ་བཞུད།།
-
-
རིན་འཛིན་རྒྱ་མཚོའི་མཁྱེན་བརྩེ་ལས་འོང་པའི།།
-
གྲུབ་པའི་བསྟི་གནས་རིན་ཆེན་འབར་བ་ན།།
-
ཁྱུང་ཡུལ་ལྷ་འབངས་བྱེ་བའི་སྐྱབས་ཅིག་སྟེ།།
-
ཁྱེད་སྐུར་རེ་བའི་དད་ལྡན་སྡུག་གིས་སྡོམ།།
-
-
རྟག་འཛིན་འཁོར་ལ་དཔེ་ཡིས་མཚོན་པའི་ཕྱིར།།
-
གཟུགས་སྣང་ཨེ་དབྱིངས་ཀློང་དུ་འབྱམས་པ་ན།།
-
དད་གདམས་གཙང་མས་ཟིན་པ་འཁོར་གྱི་ཚོགས།།
-
སྣང་བའི་དཀྱིལ་འཁོར་མུན་པའི་སྦུབས་སུ་འཕྱན།།
-
-
ཁྱེད་ཐུགས་གདོད་མའི་ཀློང་དུ་ཐིམ་པ་ན།།
-
ཀ་རུའི་ཡུལ་གྱི་ཡིད་ཅན་གདུལ་བྱའི་ཚོགས།།
-
ཕན་བདེའི་འདོད་འཇོ་གྲུབ་ཆེན་གོང་མའི་གདམས།།
-
དམར་ཁྲིད་དགོངས་པའི་རེ་བ་སུ་ལ་ཞུ།།
-
-
སྒོམ་པ་ཟབ་མོས་ཐེག་ཆེན་འཁོར་ལོ་བསྐོར།།
-
ལྟ་བ་ཟབ་མོས་གཞན་རྒྱུད་ཞི་བར་བྱེད།།
-
སྤྱོད་པ་ཟབ་མོས་ཡིད་ཅན་དང་བ་འདྲེན།།
-
དེ་ཕྱིར་གྲུབ་པའི་གནས་འདིར་ཕྱིར་གཟིགས་མཛོད།།
-
-
མེ་སྟོན་བླ་མའི་ཐུགས་བསྐྱེད་ལས་བྱུང་བས།།
-
ཁྱུང་ཡུལ་གྲུབ་པ་ཐུབ་པའི་སྐྱེས་ཆེན་གྱིས།།
-
འོག་མིན་གནས་ཀྱི་ཁེངས་པ་བཅོས་སོ་ཞེས།།
-
དཔྱོད་ལྡན་མཁས་པའི་ལེགས་བཤད་ལུང་གིས་བཤད།།
-
-
ད་ནི་ཐ་སྙད་སྨྲ་བའི་ཁྱུང་ཚོགས་ཀྱིས།།
-
སྟོང་སྐད་གཡུ་འབྲུག་གདངས་ལས་དྲག་པ་ན།།
-
ཚེ་གཅིག་མངོན་སངས་རྒྱས་པའི་ཞིང་མཆོག་ཏུ།།
-
འཁྲིད་པའི་དེད་དཔོན་རེ་ས་སུ་ཞིག་མཆིས།།
-
-
དེ་སྐད་རྗེ་ཁྱེད་གཤེགས་པའི་རྣམ་ཐར་གྱིས།།
-
སྒྲ་འཛིན་བུ་ག་ཡང་ཡང་བརྡུང་པ་ལས།།
-
དྲན་པའི་ཀུན་རྟོག་ཕྱོགས་སུ་འཁྱམས་པའི་ཚེ།།
-
སོར་བཅུ་ག་ཡའི་སྟངས་སྟབས་གར་གྱིས་བྲིས།།
-
-
-
རྩོམ་པ་པོ།:ཁྱུང་སྨྱུག་མཛེས། | བལྟ་ཀློག(553) | ལན་སློག(0) |གནད་དོན་ཡར་ཞུ | འདྲེན་བཀོལ་སྤྱི་བསྒྲགས(0) | རྩོམ་སྒྲིག
- ཟིན་ཐོ་གོང་མ།ཞིམ་མངར་དཀྲུག་ཇའི་ནང་གི་གཟེ་སྨན།
- ཟིན་ཐོ་འོག་མ།ཐ་སྙད་ཀྱི་རོལ་རྩེད།