ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
ཀ་ཐོ་སེམས་ཀྱི་དབྱིག་ལྕ | 2017/9/3 13:36:00


ཀ་ཡེ་གནས་ཀྱིས་བསྡུས་པའི་མཆེད་གྲོགས་ཚོ།།

ཁ་མང་གཏམ་གྱིས་གནམ་ས་མི་འགེངས་པར།།

ག་ལེར་བག་ཡོད་བཙུན་པའི་སྤྱོད་ཚུལ་ལས།།

ང་རོ་དྲག་པོས་ལྷིང་འཇགས་མ་དཀྲོག་ཨོ།།

ཅ་ཅོ་མང་བ་བྱེའུ་ཁྱུའི་དཔེ་ཟླ་ལས།།

ཆ་བྱད་གྲྭ་པའི་ཚུལ་དང་རྒྱང་བསྐྱེད་པས།།

ཇ་ཁུ་མདངས་ཀྱིས་སྒེག་པའི་རྣམ་པ་ཡང་།།

ཉ་ཉོག་བཤད་ཁ་འདུ་བའི་རྐྱེན་དུ་འགྱུར།།

ཏ་ལའི་འདབ་འདྲའི་སྒྲ་ལེན་བུ་ག་རུ།།

ཐ་ཆད་གཏམ་གྱི་ཚེར་ལྕག་བྲུབ་གྱུར་ན།།

ད་གཟོད་འགྱོད་པ་ལས་གཞན་ཡོད་མིན་པས།།

ན་མཉམ་གྲོགས་ཚོས་སེམས་སུ་ངེས་པར་ཟུངས།།

པ་ཅོག་བྲེག་པ་ཙམ་གྱིས་ཆེར་བརླམས་ཏེ།།

ཕ་བཟང་བུ་ལོའི་རྣམ་ཐར་མི་འཆང་བར།།

བ་ཟོག་རྗི་བོ་གྲལ་དུ་ཞུགས་པ་བཞིན།།

མ་དག་སྤྱོད་པས་ཀུན་ཏུ་འཆིང་ལ་ལྟོས།།

ཙྭ་ཆུ་མ་རོལ་ཙམ་ལ་གནས་པ་ཡིས།།

ཚ་གྲང་སྡུག་གི་སྲིད་མཐའ་མི་ལྡོག་པས།།

ཛཱ་ཡའི་ལེགས་བཤད་གཏམ་ལས་འོང་བ་བཞིན།།

ཝ་ལེར་སྙིང་པོ་ལེན་ལ་ཞུགས་འཚལ་ལོ།།

ཞྭ་གོས་ཕྱི་ཚུལ་ཞན་ཡིད་འདྲེན་པའི་དཔལ།།

ཟ་ཉལ་སྤྱོད་ལམ་མིག་གི་དཔྱིད་ཆགས་པ།།

འ་འོལ་ཙམ་མིན་སེམས་སྤྱོད་ཟབ་མོ་ལ།།

ཡ་རབས་ཚུལ་གྱིས་འཇུག་པ་རེ་ཞུའོ།།

རྭ་ཅོ་རྒྱེ་འུར་བཅུག་འདྲའི་ཁ་དཔེ་ལྟར།།

ལ་ལུང་ལྷིང་འཇགས་དཀྲོགས་པའི་སྤྱོད་ཚུལ་ལ།།

ཤ་གཟན་སྤྱང་ཁྱིའི་གྲལ་སྟེགས་འོས་པ་ལས།།

ས་སྟེང་རྐང་གཉིས་ཁྲོད་དུ་མི་འཛོ་ངེས།།

ཧ་ཅང་ཐལ་བ་ལུས་ངག་སྤྱོད་ཚུལ་དག།

ཨ་ཁུའི་ཐ་སྙད་དེ་ལ་མི་འཛའ་བ།།

ཧ་ལམ་འདི་ན་གནས་པ་ཡོད་ཅོག་སྟེ།།

ཨ་བོའི་གཏམ་འདི་ཡིད་ལ་བཟུང་བར་རིགས།།

2017.8.31

དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
སྒྲོམ་གཞི་སྒྲིག་བཟོ་བ། མཁའ་ཚེ།
Powered by Oblog.