རྨེའུ་དཔལ་ཆེན་གྱི་ཞལ་ཆེམས།
ཀ་ཀ་རྒྱུད་གསུང་རབ་འཛིན་པ་ཡི།།
ཁ་ཁ་བ་ཅན་གྱི་བོད་ཡུལ་འདིར།།
ག་གངས་དཀར་སེང་གེའི་བུ་རྒྱུད་བཞིན།།
ང་ང་བདག་བྲལ་བའི་དཔལ་ཆེན་ངས།།
ཅ་བཅོས་མེད་ཐོས་གསུམ་སྒོམ་གསུམ་ལ།།
ཆ་ཆུ་བོ་བཞིན་དུ་འབྲལ་མེད་སྦྱངས།།
ཇ་བྱེ་མའི་གྲངས་ཙམ་ལ་ཤན་དབྱེ།།
ཉ་ཉམས་པ་མེད་པའི་ཚུལ་ཁྲིམས་དང་།།
ཏ་སྟོང་ཉིད་༼ཟབ་མོ་༽མཐའ་བྲལ་ལྟ་བ་ལྡན།།
ཐ་ཐག་ཆོད་ད་ལྟའི་བེམ་རིགས་བྲལ།།
ན་ནམ་ཡང་སྐྱེ་བ་གསུམ་བཞི་ཞིག།
པ་པཎྚི་ཏ་དང་དཔལ་བོ་དང་།།
ཕ་ཕར་ཕྱིན་རྣལ་འབྱོར་ལུས་ཀྱང་ལེན།།
བ་བེམ་པོ་རུལ་བའི་ལུས་པོ་འདི།།
མ་མེ་ལ་མ་བསྲེགས་རྒྱུད་པ་དང་།།
ཙ་ཙ་རེག་ཅན་གྱི་གཞི་བདག་འཁྲུགས།།
ཚ་ཚ་ཡི་ཚུལ་དུ་མངའ་གསོལ་བས།།
ཛ་རྫུ་བག་གསལ་ལ་གཏེར་དུ་སྦོས།།
ཝ་ཝལེ་ཧྲིག་གེ་ཚེ་སྔོན་ནས།།
ཞ་ཞང་ཞུང་རྒྱ་གར་རྒྱ་ནག་དང་།།
ཟ་ཟ་ཧོར་བ་གོར་བྲུ་ཤ་དང་།།
འ་འ་ཞའི་ཡུལ་ཏུ་ལུས་བླངས་ནས།།
ཡ་ཡི་དམ་སྒྲུབ་པའི་གྲུབ་རྟགས་དང་།།
ར་རིང་སྲེལ་སྐུ་གདུང་མང་འབྱོན་ཏེ།།
ལ་ལས་འཕྲོ་ཅན་གྱིས་དུས་མཐར་འདོན།།
ཤ་ཤ་རི་རམ་གྱི་འཕེལ་གདུང་ལ།།
ས་ས་ཡི་རྡུལ་བཞིན་གྲངས་འཕེལ་ནས།།
ཧ་ཧོར་ཡུལ་མཐར་རིས་ཚུན་ཆོད་དུ།།
ཨ་ཨ་ཧོ་ཡུལ་འདིར་ཁྱབ་པར་འགྱུར།།
ཀ་ཀ་སྨད་སུམ་ཅུའི་ཞལ་ཆེམས་འདིར།།
ཡིད་ཆེས་པར་མཛོད་ལ་ཐུགས་ལ་ཞོག།
ཅེས་སོ།།
- ཟིན་ཐོ་གོང་མ།སྐྱོ་དབྱངས།།
- ཟིན་ཐོ་འོག་མ།དཔལ་རིས་ཡུལ་གྱི་སྐར་རྒྱན།།
བདེན་དོན་སྨྲ་བའི་ཞལ་གསུང་མཚོ་ལས་ཟབ།
སྤྱོད་པ་བཟང་པོ་བྱིས་པའི་ལས་དང་མཐུན།
ཁྱུང་ཕྲུག་སྨྱུག་མཛེས་སྒང་བའི་བུ་བཟང་ཞིག། སློབ་ཕྲུག་ཁུ་བློ་ནས།