
- ཀ་ཐོ་སེམས་ཀྱི་དབྱི
- དབྱངས་སྙན་འཇོལ་མོའ
- བོན་བསྟན་ཅི་ཙམ་གནས
- གཡུང་དྲུང་ཡན་ལག་ཚི
- སེམས་ཀྱི་གད་རྒྱངས།
- དགོས་ན་ལོངས།
- ཐ་སྙད་ཀྱི་རོལ་རྩེད
- བསམ་པའི་སྡུག་བསྔལ།
- ཞིམ་མངར་དཀྲུག་ཇའི་
- གཡས་རུའི་ཨ་ཁྲིད་ཆེ
- ༥ ༡༡ མ་ཡུམ།
- རྗེ་ཏ་པི་ཧྲི་ཙའི་ར
- རྒྱལ་གཤེན་རྗེས་དྲན
- ཕྱེ་མར་མཆོད།།
- རྫོང་དྲུག་ཡུལ་གྱི་
- སེམས་ཀྱི་རླབས་སྒྲ།
- ཆང་གཞས།།
- བོད་དང་བོན།
- འཕྲིན་ལས་ཟབ་མོའི་འ
- རྣམ་དཔྱོད་འགྲན་པའི
- པན་ཆེན་སྐུ་ཕྲེང་རི
- རིགས་སྒྲའི་ཁྲོད་ཀྱ
- དགེ་རྒན་དུས་ཆེན་ལ།
- ཐ་སྙད་ཀྱི་རོལ་རྩེད
- དམངས་ཀྱི་སྐུ་གཤེན།
- དཔེ་རྩིས་བཀླག་པའི་
- དཔལ་རིས་ཡུལ་གྱི་སྐ
- རྨེའུ་དཔལ་ཆེན་གྱི་
- སྐྱོ་དབྱངས།།
- ཡེ་གཤེན་བཀོད་པ་དོན
- Re:གཡུང་དྲུང་ཡན་ལག
- Re:གཡུང་དྲུང་ཡན་ལག
- Re:གཡུང་དྲུང་ཡན་ལག
- Re:གཡུང་དྲུང་ཡན་ལག
- Re:གཡུང་དྲུང་ཡན་ལག
- Re:སེམས་ཀྱི་གད་རྒྱ
- Re:དགོས་ན་ལོངས།
- Re:གཡས་རུའི་ཨ་ཁྲིད
- Re:འཕྲུལ་ངག་བདེན་པ
- Re:ཐ་སྙད་ཀྱི་རོལ་ར
- Re:ཐ་སྙད་ཀྱི་རོལ་ར
- Re:ཐ་སྙད་ཀྱི་རོལ་ར
- Re:ཐ་སྙད་ཀྱི་རོལ་ར
- Re:༥ ༡༡ མ་ཡུམ།
- Re:ཞིམ་མངར་དཀྲུག་ཇ
- Re:ཞིམ་མངར་དཀྲུག་ཇ
- Re:གཡས་རུའི་ཨ་ཁྲིད
- Re:ཞིམ་མངར་དཀྲུག་ཇ
- Re:ཞིམ་མངར་དཀྲུག་ཇ
- Re:ཞིམ་མངར་དཀྲུག་ཇ
རྣམ་དཔྱོད་འགྲན་པའི་ངར་ཁ།།
རྟགས་ཚུལ་རིགས་པ་བྱེ་བའི་རྣམ་དཔྱོད་ཅན།།
ཕས་རྒོལ་ཕྱེ་མར་འཐག་པའི་མེ་ཆར་གྱིས།།
བརྩོད་པའི་དོད་འཇོ་ཤ་རི་དྲན་པ་ཞེས།།
སྒྲ་ཚད་སྨྲ་བའི་དྲན་དབང་རྒྱལ་གྱུར་ཅིག།
རིག་པའི་སེང་ཆེན་བྱེ་བ་ཀླལ་བའི་དབྱངས།།
བློ་ཆུང་ཝ་སྐྱེས་དཔལ་དུ་འོས་མིན་ཡང་།།
ཚིག་གི་པད་ཚལ་འགྲེམ་པའི་སྦྲ་མ་རས།།
དོན་གྱི་སྦྲང་རྩི་མྱོང་བའི་དབྱངས་རྟ་འདྲེན།།
སུལ་བརྒྱའི་ཟླ་གམ་གཡང་ལུགས་གྱོན་པའི་མོད།།
རྩོད་ཞྭ་ཟུར་འགྲོས་བགྱི་བའི་སྟངས་སྟབས་བཅས།།
ཆེས་མཐོའི་དམ་ཁྲིའི་ཕང་བར་སྡོད་པ་ན།།
སྙིང་ཆུང་དར་ལྕེ་ཡོ་བའི་ཚུལ་ལ་རྟོག།
ཡིན་ཞེས་བརྗོད་ན་རིགས་པས་མཚོན་གྱིས་འཚེ།།
མིན་པར་འཆེས་ཀྱང་བཀའ་ལུང་རྡོ་རྗེས་བརྩོག།
སྨྲ་བ་བཅད་ན་ཁྱེར་སྒྲས་གནམ་ས་འགས།།
རིགས་ལམ་སྟག་སེང་འཐབ་པས་གཡུལ་འདི་འཇིགས།།
འདོད་ལན་རེ་རེས་གཞུང་དོན་ཕྱི་འབུད་གཏོང་།།
རྟགས་ལན་རེ་རེས་ཚ་དང་འཁོར་གསུམ་བསུ།།
ལན་གསུམ་ཕུབ་མོས་མི་ཁོག་བརྣོ་མཚོན་མང་།།
བཀའ་ལུང་ཇི་བཞིན་བཀྲལ་ཚེ་དམ་བཅའ་འཆོར།།
ཡིག་ཆར་དགོངས་པ་བླང་ཚེ་ལ་རྒྱ་འཆོར།།
བཤད་སྒྲོས་མང་དུ་འཐེན་ཚེ་རྩོད་ཉམས་འཆོར།།
དེ་དག་སྡོམ་ཚེ་བླུན་པོའི་རང་མཚང་འཆོར།།
དམ་བཅར་སྡོད་ཚེ་རྒོལ་བས་ལན་རྣམས་སྲི།།
རྒོལ་བར་ལང་ཚེ་དམ་བཅས་སྒུབ་བྱེད་བསླང་།།
རྒོལ་དང་ཕྱི་རྒོལ་གང་དུ་ཞུག ས་པ་ན།།
རྡོ་བཅལ་སྔོན་པོའི་དཀྱིལ་གྱི་དབུལ་པོར་ངེས།།
ཡིན་ལུགས་སྒྲུབ་བྱེད་གནས་ལྕགས་ཐོག་ལས་ཚ།།
མིན་ཞེས་ཁས་ལེན་རྡོ་རྗེའི་གོ་ལས་བཙན།།
ཡིན་མིན་ཐ་སྙད་འཁྲུགས་པའི་གཡུལ་ས་ན།།
ཤེས་བྱའི་གསང་བ་རེ་རེའི་རྒྱལ་ཁ་འདུག།
- ཟིན་ཐོ་གོང་མ།པན་ཆེན་སྐུ་ཕྲེང་རིམ་བྱོན
- ཟིན་ཐོ་འོག་མ།འཕྲིན་ལས་ཟབ་མོའི་འཛུམ་དཀར།
