ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
སེམས་ཀྱི་གད་རྒྱངས།། | 2013/10/9 13:06:00

སེམས་ཀྱི་གད་རྒྱངས།།

 

ཀ་ནས་སྙན་པའི་དབྱངས་ཀྱི་དང་པོ་སྟེ།།

ཁ་བའི་ཡུལ་གྱི་མགྲིན་པའི་དཀྱིལ་འཁོར་ན།།

 ག་ན་བཞུགས་ཀྱང་རིགས་ཀྱི་ཁ་བྱང་ལ།།

 ང་ཡི་བོད་སྐདགཙང་མ་གླུ་ལས་སྙན།།

 ཅ་ག་བྱེད་པའི་ཐབས་ལ་ལེགས་བརྩོན་ཏེ།།

 ཆ་བྱད་བཟང་པོའི་བྲིས་རྩལ་ལྷུ་རུ་ལེན།།

ཇ་ལོ་བྲེག་ལྟར་མགོ་ཚག་ཕོ་རང་དང་།།

ཉ་མིག་དཔེ་འོས་དཀར་ཆ་ནག་ཤེད་མཉམ།།

 ཏ་ཀུ་ཐོག་པའི་བགྲེས་པོ་དང་འདྲ་བར།།

ཐ་མལ་སློབ་ཕྲུག་རེ་འགའི་སྨྱུག་རྩལ་ལ།།

ད་ཆ་ཤེས་ཀྱང་དོ་ནུབ་མི་ཤེས་པའི།།

ན་ཆུང་སློབ་མར་ནད་གཞི་ཆེ་ཙམ་མཐོང་།།

པ་ཊུར་བྱེ་བའི་མཁྱེན་རྩལ་ལས་འོང་པའི།།

 ཕ་ཡུལ་འདི་ཡི་སྐད་ཀྱི་སྲོག་ཅིག་པུ།།

བ་སོགས་བཞི་བཅུའི་རྣམ་དབྱེ་ལ་སོགས་ཀུན།།

 མ་ལུས་འབྱེད་པའི་རྣམ་དཔྱོད་འཚོལ་ལ་ཞུགས།།

ཙ་པ་ཨའ་ཨོའ་སྨྲ་བ་མཁས་ན་ཡང་།།

 ཚ་རུ་གྱོན་པའི་དྲི་ཙམ་གོས་མིན་ན།།

 ཛ་དྲགས་ཆེ་བའི་དིང་གི་ཆ་རེ་རེར།།

ཝ་ལེར་བཤད་ན་བོད་མི་རྫུན་མ་ཙམ།།

ཞྭ་གོས་བསྒྱུར་ལ་མཁས་པའི་ཚུལ་ཅིག་དང་།།

 ཟ་རྒྱུ་སྣ་མང་མཉམ་སྦྱོར་དྲགས་ན་ཡང་།།

 འ་ཅག་རང་གི་སྲོག་ཏུ་ཞུགས་པ་ཡི།།

 ཡ་མཚན་འཛིན་པ་སྐད་གཙང་སྙིང་དུ་ཆོངས།།

 ར ་རུ་འུ་ཡི་རྣམ་དབྱེ་ཚིག་ཕྲད་ཀྱི།།

ལ་དོན་སྦྱོར་བའི་ཚུལ་ལ་མི་རྩོན་པར།།

ཤ་མར་བྲོ་བས་དབེན་པའི་རྩོམ་ཡིག་ཀྱང་།།

ས་བཅུ་འཕགས་པས་བྲིས་ཀྱང་སུ་ལ་སྙན།

ཧ་ཅང་བཤད་ན་གངས་རིའི་སྐད་ཀྱི་ཆ།།

ཨ་ཁུ་ང་ཡི་བསམ་ཚུལ་དེ་ལྟར་ཏེ།།

ཧ་ལམ་ད་ལྟའི་བོད་མི་གྱུར་ཀུན་གྱིས།།

 ཨ་ཁ་རང་སྐད་མི་གཅེས་གཞན་སྐད་གཙོ།།

༢༠༡༣ ༨ ༡༠རྩེ་དྲུག་ནས།

Re:སེམས་ཀྱི་གད་རྒྱངས།། | 2013/10/10 13:50:09
སྐུ་མགྲོན་HLc5GS(སྐུ་མགྲོན)བཟང་གི་འདུག་ཡི་རང་ཡོད། ད་ལོའི་ཁྱུང་ཆེན་རིགས རླབས་ག་དུས་འགྲིམས་སྤེལ་བཟོ་ཡོང་རེད་ལགས།
གཤམ་དུ་ཁྱུང་སྨྱུག་མཛེས།་ལགས་ཀྱིས་ལན་སློག་པ་ནི་
ད་ལོའི་ཁྱུང་ཆེན་རིག་པའི་གཤོག་རླབས་བསྒྲིགས་ཟིན་མོད། དུས་བབ་དང་། སྤུུས་ཚད་ལ་རེ་བས་ད་དུང་འགྲིམས་སྤེལ་ཐུབ་མ་སོང་།
རྩོམ་པ་པོ།:སྐུ་མགྲོན་HLc5GS(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
སྒྲོམ་གཞི་སྒྲིག་བཟོ་བ། མཁའ་ཚེ།
Powered by Oblog.