ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
འཕྲིན་ལས་ཟབ་མོའི་འཛུམ་དཀར། | 2012/12/19 16:25:00

འཕྲིན་ལས་ཟབ་མོའི་འཛུམ་དཀར།

རྒྱལ་བའི་རྗེས་བརྩེ་འགྲོ་ལ་བསྒྱུར་བ་ཡི།།

སུམ་ལྡན་བསྟན་མཆོག་ཞྭ་དཀར་འཆང་བའི་ལུགས།།

གྲུབ་མཐའི་སྤྱི་དཔལ་ཕན་བདེའི་འབྱུང་གནས་ཆེ།།

གཡུང་དྲུང་བསྟན་འཛིན་ཁྲི་བརྟན་ནོར་རྩེའི་གླིང་།།

དམ་པའི་གསང་གསུམ་འོ་མཚོ་ལས་འོང་པའི་།།

རྨད་འབྱུང་འཕྲིན་ལས་ཉིན་མོར་བྱེད་པ་ཡི།།

གདུལ་བྱ་རྐང་དྲུག་བྱེ་བའི་དགའ་སྟོན་དུ།།

འཆད་རྩོད་རྩོམ་ལྡན་ཁྲི་བརྟན་ནོར་རྩེའི་གླིང་།།

ཐོས་པ་འཆད་ཉན་ཆུ་སྒྲོལ་ལས་བྱུང་པའི།།

བསམ་པ་རྟོགས་དཔྱོད་ནོར་བུའི་གཏེར་ཆེན་དུ།།

སྒོམ་བྱུང་དགོས་རྒུའི་དཔལ་ལ་བརྩེན་པ་ཡི།།

གྲགས་དཀར་དཔྱིད་འཇོ་ཁྲི་བརྟན་ནོར་རྩེའི་གླིང་།།

འཆད་པ་ཐེག་དགུའི་རོལ་མོ་ལས་བྱུང་པའི།།

རྩོད་པ་ལོག་རྟོག་འཇོམས་པའི་གོ་ཆ་ཅན།།

རྩོམ་པ་གཞུང་བརྒྱའི་དཀའ་གནད་འདོམས་པའི་གླུ།།

ལེགས་བྱས་མཆོག་སྤྱོད་ཁྲི་བརྟན་ནོར་རྩེའི་གླིང་།།

སྤང་བ་རྒོལ་བ་ཚར་གཅོད་ཚད་གསུམ་སྒྲོགས།།

བསྒྱུར་བས་རིམ་གཉིས་འཕྲོ་འདུའི་གོ་ཆ་བཙན།།

གྲོལ་ལམ་སྣང་བ་བོན་སྐུ་བདེ་བའི་དབྱིངས།།

ཨེ་མ་གཤེན་སྡེ་ཁྲི་བརྟན་ནོར་རྩེའི་གླིང་།།

སེམས་ལྡན་བླ་མའི་མཛད་འཕྲིན་ལྷུན་ལ་རྫོགས།།

མང་ཐོས་འདུས་སྡེས་བཤད་སྒྲུབ་ཉམས་སུ་བསྟར།།

ལྷ་འབངས་སྡེ་བཞི་ནོར་གྱིས་དྲེགས་པ་རྒྱས།།

ཕན་བདེའི་གྲ་གཅིག་ཁྲི་བརྟན་ནོར་རྩེའི་གླིང་།།

སྲིད་ཞིའི་གཟི་བྱིན་གཅིག་ཏུ་བཟླུམ་པའི་དཔལ།།

བཀོད་ལེགས་འཕགས་ཆེན་བྱེ་བ་རྗེས་ཆགས་ཤིང་།།

བསྟན་བསྲུང་རྒྱ་མཚོའི་ཐུགས་རྩེས་ཟིན་པ་ཡི།།

སྐལ་ལྡན་ངལ་གསོ་ཁྲི་བརྟན་ནོར་རྩེའི་གླིང་།།

ཨེ་མ་རྒྱལ་བ་བླ་མའི་འཕྲིན་ལས་ཀྱི།།

གཤེན་སྡེ་ཆེན་མོའི་ལེགས་བྱས་འཁོར་ལོ་ཆེ།།

དབང་མིག་གྲངས་ཀྱིས་མཚོན་པའི་སྐལ་བཟང་ཆེར།།

བཀྲ་ཤིས་གཏམ་གྱི་དབྱངས་སྙན་རོལ་མོས་བསྟོད།།

དེ་སྟེའི་དགེ་མཚན་འོ་མཚོའི་དཀྱིལ་ཡངས་པོར།།

དྲན་འཛིན་རྒྱན་དུ་སྒེག་པའི་ཉམས་བག་གིས།།

ཚིག་སྦྱོར་སོར་མོའི་སྟབས་ལས་སོན་པ་ནི།།

ཁྱུང་ཡུལ་མཐོང་སྨོན་གླིང་ནས་སྨྱུག་མཛེས་པས།།

༢༠༡༢ *༡༡ *༨ཉིན་རང་ཤག་ཐོས་བསམ་གླིང་ནས།

Re:འཕྲིན་ལས་ཟབ་མོའི་འཛུམ་དཀར། | 2012/12/19 18:42:11
སྐུ་མགྲོན་r74Yp1(སྐུ་མགྲོན)ངོ་མ་སྙན་རྩོམ་ཐོས་པ་དགའ་བའི་དཔྱིད་གླུ་ཞིག་བླངས་འདུག
རྩོམ་པ་པོ།:སྐུ་མགྲོན་r74Yp1(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
སྒྲོམ་གཞི་སྒྲིག་བཟོ་བ། མཁའ་ཚེ།
Powered by Oblog.