ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
དཔེ་རྩིས་བཀླག་པའི་ང་རྒྱལ།། | 2012/6/27 12:37:00

 

དཔེ་རྩིས་བཀླག་པའི་ང་རྒྱལ།

 

རབ་འབྱམས་གཞུང་ལུགས་ཀུན་གལས་བུ་མོའི་ངོགས།།

སྔོན་བྱོན་པཎ་གྲུབ་མི་ལྷུང་ཕྲེང་ཚོགས་ཀྱིས།།

རྣམ་བཤད་སྣང་བ་གསར་པའི་གཟི་འོད་ཅན།།

ལེགས་བཤད་གངས་གའི་རྡུལ་གྱི་གྲངས་ལ་འཕྱ།།

ཀུན་དང་འགྲོགས་ཤིང་ཡོངས་ལ་གབ་པ་ཡི།།

གསང་བ་དགུ་འཕར་ལྷ་དབང་སྐྱེད་མོའི་ཚལ།།

རྣམ་པར་བཞད་པའི་འགྲེལ་བྱེད་ཉིན་མོར་བྱེད།།

སྐར་ཕྱོགས་བྱེ་བའི་དཔལ་ལ་སྐྱེངས་པ་སྟེར།།

སྣོད་བཅུད་བཀོད་པ་ཕུན་ཚོགས་སྒྱུ་འཕྲུལ་གྱིས།།

བྱུ་བུར་གཏམས་པ་མིག་སྐྱའི་གན་མཛོད་དུ།།

སྲིད་ཞིའི་དངོས་ཀུན་མ་འདྲེས་སྤུངས་པ་ཡི།།

ལེགས་བཤད་དྲི་ཟའི་དབྱངས་ལས་ཁེངས་པ་མཐོ།།

རིམ་དགུ་ཐེག་པའི་ཐེམ་སྐས་མཐར་སོན་པའི།།

ས་བཅུའི་ཡང་གོང་ཕན་བདེའི་གནམ་རིམ་ན།།

སྐྱོད་པའི་གཤོག་ཟུང་ཚོགས་གཉིས་རྒྱ་མཚོའི་མཛོད།།

འཆད་པ་ངག་རིག་རྒྱུད་མང་གདངས་ལ་འཕྱ།།

གཏོ་དཔྱད་བསྐང་གསོལ་ཕན་བདེའི་གླིང་ཅིག་ན།།

གྱེར་དབྱངས་རོལ་མོའི་གདངས་ཀྱིས་མཚོན་པ་ཡི།།

དཔག་དཀའི་རྫུ་འཕྲུལ་ལས་ཀྱི་ཐིག་ལེ་རུ།།

ཕྱྭ་གཡང་གཏེར་གྱིས་ལང་ཚོ་ཅི་ཡང་བདོ།།

སྒྲ་ཚད་ངག་རིག་གླུ་ལས་འོང་པ་ཡི།།

དོན་ཉམས་ཡིད་ཀྱི་གསོས་སུ་སྨིན་བྱེད་པའི།།

སྔོན་བྱོན་གཤེན་སྡེ་བྱེ་བའི་སོར་མའི་འཕྲུལ།།

ཀློག་པ་ཙམ་གྱིས་བག་ཡངས་གནས་སུ་ལྷུང་།།

དེ་ལྟའི་གཤེན་རབ་ཚང་གི་ཡིག་ཚང་ན།།

ཁ་བ་རིག་པའི་ཚེ་སྲོག་དྲོན་མོ་ཞིག།

ངང་གིས་འཆེད་པའི་སྣང་རབས་རེ་རེས་ཀྱང་།།

ང་ནི་འབྱོར་ལྡན་ལས་ཀྱང་འབྱོར་ལྡན་ཞིག།

ཅིའི་ཕྱིར་བཙན་པའི་ནོར་ཉམས་མ་ཆོད་ཅིང་།།

གངས་ཅན་མཛེས་མའི་ཉམས་འགྱུར་མ་མཐོང་བཞིན།།

རེ་བ་གཞན་ལ་བསྐུར་བའི་ཧྲག་བར་ན།།

ང་ནི་དབུལ་པོ་ལས་ཀྱང་དབུལ་པོ་ཞིག།

༢༠༡༢ལོའི་ཟླ་བ་༦པའི་ཚེད་༢༣ཉིན་ཀོ་རྒྱལ་དཔེ་ཁང་ནས།

Re:དཔེ་རྩིས་བཀླག་པའི་ང་རྒྱལ།། | 2012/6/27 13:39:21
danzengyixi


འདི་ཡང་བཀླགས་ཟིན། རྒན་ཁྱེད་ཀྱིས་ཀུན་གལས་ཞེས་པ་དེ་བཏགས་ནོར་བྱུང་མིན་འགྲོ་སྙམས།
ལྷ་གཡག་དར་མས།
གཤམ་དུ་ཁྱུང་སྨྱུག་མཛེས།་ལགས་ཀྱིས་ལན་སློག་པ་ནི་
འོ་རེད་ནོར་འདུག་དྲན་བསྐུལ་གནང་བར་ཐུགས་རྗེ་ཆེ།
Re:དཔེ་རྩིས་བཀླག་པའི་ང་རྒྱལ།། | 2012/6/27 14:11:50
yongzhoglangdaསྨྱུག་མཛེས་ཀྱི།།
སྙན་དབྱངས་དེ།།
དོན་དང་ལྡན།།
ཕུལ་དུ་བྱུང་།། གངས་སྙུག་ནས་ཕུལ།།
Re:དཔེ་རྩིས་བཀླག་པའི་ང་རྒྱལ།། | 2012/6/27 16:01:41
zhongsongབྲོ་བ་མྱོང་ཟིན་པའི་རྗེས་སུ་བདེ་ཚོར་སྤྲོ་སང་སང་ཞིག
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
སྒྲོམ་གཞི་སྒྲིག་བཟོ་བ། མཁའ་ཚེ།
Powered by Oblog.