ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
པན་ཆེན་སྐུ་ཕྲེང་རིམ་བྱོན | 2012/9/15 13:13:00

པན་ཆེན་སྐུ་ཕྲེང་རིམ་བྱོན་གྱི་རྣམ་ཐར་

   ཞེས་པ་ཀླག་པའི་ཚོར་ཤེས།

ཆེན་པོའི་འཕྲིན་ལས་འགྲོ་ལ་འཇུག་པའི་སྒོ།།

རྣམ་པར་བྱང་རྣམས་ཚུལ་གོས་འཆང་བའི་གར།།

སྡེ་སྣོད་གསུམ་གྱི་མགྲིན་དབྱངས་སྙན་སྒྲོགས་པའི།།

རྒྱལ་བའི་སྲས་གང་གདུལ་བྱའི་འདྲེན་པར་སྣང་།།

གང་གི་འཕྲིན་ལས་ཁུ་བྱུག་བུ་མོའི་གླུ།།

སྒྲོག་པའི་འགྱུར་ཁུག་རྣམ་པར་ཐར་པ་ཞེས།།

གསང་གསུམ་མཛད་པ་ཨུ་དུམ་བ་རའི་ནགས།།

དགོད་འདིར་ཁ་བ་རི་པའི་ཕྱག་རྒྱས་མཛེས།།

འོན་ཏེ་འདྲེན་བྱེད་ཡུལ་དུ་ཚན་ཆེ་ཞིང་།།

དམ་པའི་འཕྲིན་ལས་ཉིད་ལས་འདས་པ་ཀུན།།

ཉ་ཉུག་བསྲེས་པའི་ལོ་རྒྱུས་རིང་མོ་འདི།།

རྣམ་པར་ཐར་བའི་ཆོས་ལས་རྣམ་པར་འགངས།།

རང་འདོད་བློ་ཡི་དགག་བཞག་ཉག་ཉོག་ཅིག།

ཧམ་ཤད་ཆེ་བའི་སྨྱུག་ཁ་བརྣོན་པོ་ཞིག།

རིགས་ཀྱི་གཉའ་བར་བརྫིས་པའི་ཀུ་ཅོ་སྟེ།།

བཀླགས་ཤིང་ཀླག་ཚེ་ཁ་ཕྱོགས་གཞན་དུ་ཐལ།།

ཕྱི་ན་སྐྲ་སེར་དག་གི་སྤྲེའུ་ལད་ཅིག།

ནང་ན་ཆོས་ལུགས་རྩོད་པའི་མཚོན་དབལ་ཞིག།

བར་ན་རྒྱ་ནག་གོང་མའི་བཀའ་ལུང་ཏེ།།

པན་ཆེན་བླ་མ་གཟབ་ཏུ་ལྷུང་མིན་ནམ།།

རྒྱ་སོག་དམག་གི་ངན་གཡོའི་དཔུང་ཚོགས་ཤིག།།

ཕུ་ནུ་འཐབ་པའི་མཚོན་གྱི་ཡོ་ལོང་ཞིག།

གསར་རྙིང་བར་ན་ཆོས་ཀྱི་རྩོད་གླེང་ཞིག།

ཁྱེད་ཀྱི་སྐུ་ཚེ་རྩོད་ཉོག་ནས་ནས་རྫོགས།།

བོད་མའི་སེམས་ན་སྙིང་རྗེའི་འདྲེན་མཆོག་ཅིག།

གོང་མའི་ཐུགས་སུ་ནུབ་ཕྱོགས་དམག་དཔོན་ཞིག།

ཕུ་ནུའི་བར་ན་མི་རིགས་ནང་དམེ་ཞིག།

ཁྱེད་ཀྱི་རྣམ་ཐར་མཚོན་པའི་ཐབས་གཞན་དབེན།།

དགེ་ལྡན་ཁྲོད་ན་ཆོས་ཀྱི་ཉིན་བྱེད་ཅིག།

བཀའ་རྙིང་བར་ན་ཆོས་ཀྱི་གཤེད་མ་ཞིག།།

གཤེན་བོན་སེམས་སུ་སེར་ཆས་བདུད་གཟུགས་ཤིག།

རྣམ་ཐར་ཁྲོད་ན་དམག་སྤྱི་ཆེན་མོ་ཞིག།

གངས་ཅན་པ་ཡི་ཆེན་པོ་གྱུར་རོ་ཅོག།

ལུགས་གཉིས་བྱ་བའི་རང་ཉིད་བརྫོད་པ་འདི།།

མི་རིགས་ཤིག་གི་བསམ་པའི་ན་ཟུག་སྟེ།།

བཀླགས་ཤིང་བཀླག་ན་སུ་ཡི་ཆོ་འཕྲུལ་ངེས།།

༢༠༡༢ ༨ ༢༠ཉིན་བྲིས།།

Re:པན་ཆེན་སྐུ་ཕྲེང་རིམ་བྱོན | 2012/12/8 19:55:57
suonagfgf
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
སྒྲོམ་གཞི་སྒྲིག་བཟོ་བ། མཁའ་ཚེ།
Powered by Oblog.