ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
༥ ༡༡  མ་ཡུམ། | 2013/6/12 14:29:00

མ་ཡུམ་ལགས་བྱམས་ལྡན།།

 ལས་ཀྱི་རླུང་ཁར་ཡན་པའི་རྣམ་ཤེས་ཐིག་ལེ།།

སྲིད་པའི་སྒོ་ཁར་འཚུབ་པའི་འདུ་ལང་ཁྲོད་ནས།།

དཀར་དམར་རྡུལ་རླུང་ཞིག་གིས་མཚམས་ལ་སྦྱར་ཏེ།།

མ་ལོའི་ཟུངས་བཅུད་བར་དུ་བརྩེ་བས་བཟུང་ཡོད།།

 

མངལ་གྱི་སྦུབས་རྒྱ་རལ་བའི་ཟུག་རྔུའི་ཁྲོད་ནས།།

ཀུ་ཅོའི་མགྲིན་སྒྲ་རིང་མོ་ངག་ནས་འཐོར་དུས།།

ཨ་མའི་བརྩེ་བ་ཟབ་མོ་བཞིན་ལ་འཁྱིལ་བ།།

བྱིས་སྦའི་གཅིན་སྐྱགས་ཁྲོད་ནས་རྫོགས་མཐའ་མ་མཆིས།།

 

མེ་ཆུ་གཡང་ཁའི་འཇིགས་པ་སེམས་ནས་མི་ཟིན།།

འཁྱགས་ལྟོགས་ལུས་ཀྱི་བདེ་སྡུག་ངག་ནས་མི་ཐོན།།

ངུ་བ་ཁོ་ན་རྒོལ་བའི་མཐའ་ལ་འབྱམས་པ།།

བྱིས་པ་འཚར་ལ་རེ་བའི་ཞེ་ཁུར་ལྕི་མོ།།

 

འཁྱགས་པའི་སྡུག་བསྔལ་སེལ་བ་བྲང་ལ་སྦྱར་ཞིང་།།

ལྟོགས་པའི་མུ་གེ་ལུས་ཟུངས་འཚོ་བས་གསོས་ཏེ།།

འགུལ་བའི་གནས་སྐབས་རེ་ལའང་སེམས་ཁུར་འཕྲིག་པའི།།

མ་ལོའི་མིག་སྙིང་ལས་ཀྱང་བུ་ཉིད་གཅེས་པ།།

 

ཨ་མས་བྱམས་བརྩེ་ཐེང་པའི་གཅེས་སྐྱོང་ཁྲོད་ནས།།

བུ་ཆུང་ལང་ཚོ་བརྙེས་པའི་གོམ་སྒྲ་གྲག་ཚེ།།

མ་སེམས་བུ་དང་བུ་སེམས་རྡོ་ལ་འབྱར་བས།།

བརྩེ་བ་སྡུག་གི་ཁུར་པོས་མ་ལོ་རྒས་སོང་།།

 

ཐོག་མར་འཚར་ལོངས་འབྱུང་བའི་རེ་སྒུག་ཆེ་ཞིང་།།

བར་དུ་གོམ་སྒྲ་རེ་རེར་དངངས་སྐྲག་སྦྱིན་པས།།

ཁྱེད་ཉིད་བྱིས་པ་ཡིན་ཚེ་ཨ་མ་དགའ་ཞེས།།

ཅི་ཡང་བྱ་ཐབས་ཟད་པའི་མ་ངག་དེ་ཡིན།།

 

མ་ལོའི་ལང་ཚོ་ཡོད་ཅོག་བཞིབས་ལ་ཚར་དུས།།

བུ་ཆུང་མཛའ་མོའི་བརྩེ་སེམས་རྙི་ལ་ཐོག་ནས།།

རྒད་མོ་སྒོ་ལ་བྱུང་བའི་སེམས་ཀྱི་སྐྱོ་གར།།

འཇིག་རྟེན་དཀར་ངོགས་འདི་ན་ཟད་མཐའ་མི་འདུག།

 

ཨ་མའི་བརྩེ་བའི་སེམས་ཁམས་ལྐོག་ཏུ་གྱུར་བས།།

ཁྲེལ་མེད་བུ་ལོ་ཀུན་གྱིས་ཁ་ལན་སློག་ནས།།

མ་སེམས་ཡང་ཡང་གསོད་པའི་ལས་ཀྱི་འདུ་ལང་།།

བྱམས་ལྡན་ཡུམ་ཆེན་དག་གིས་བཟོད་སྒོམ་གནང་རོགས།།

མ་ཡུམ་དུས་ཆེན་ལ་དྲིས།།

Re:༥ ༡༡  མ་ཡུམ། | 2013/6/18 14:10:43
སྐུ་མགྲོན་wcs1Vi(སྐུ་མགྲོན)བཀྲ་ཤིས་བདེ་ལེགས་ཞུ།
རྩོམ་པ་པོ།:སྐུ་མགྲོན་wcs1Vi(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:༥ ༡༡  མ་ཡུམ། | 2013/6/19 14:53:05
yongzhoglangdaཡག་འགི།
Re:༥ ༡༡  མ་ཡུམ། | 2013/7/14 22:42:33
སྐུ་མགྲོན་q74Xoc(སྐུ་མགྲོན)ཕེབས་བྱུང་བར་དགའ་བསུ་ཡོད། ཁྱུང་ནས།
རྩོམ་པ་པོ།:སྐུ་མགྲོན་q74Xoc(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
སྒྲོམ་གཞི་སྒྲིག་བཟོ་བ། མཁའ་ཚེ།
Powered by Oblog.