ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
སེམས་ཀྱི་ཀ་ཁ།།  | 2011/8/8 18:47:00

སེམས་ཀྱི་ཀ་ཁ།།

ཀ་རུ་ཡུལ་གྱི་སྨྲ་བའི་བཤེས་གཉེན་ཁྱེད།།

ཁ་བའི་ལྗོངས་ཀྱི་ཡུལ་གྲུ་གང་སར་ཡང་།།

ག་པུར་ངད་བཟང་འཐུལ་བའི་མཛད་འཕྲིན་གྱིས།།

ང་ཚོའི་སེམས་སུ་ཟབ་པའི་བག་ཆགས་བསྐྲུན།།

ཅ་དག་སྤང་བ་བསམ་གཏན་ཤེས་རབ་ཀྱིས།།

ཆ་ཡོད་མདོ་རྒྱུད་རྒྱ་མཚོའི་དགོངས་པའི་མཐིལ།།

ཇ་རིལ་དབྱིབས་སུ་ཆགས་པའི་ཙི་ཏའི་དབུས།།

ཉ་གང་ཟླ་ལྟར་རྒྱས་པའི་དགེ་མཚན་འབར།།

ཏ་ལའི་འདབ་བཞིན་རྒྱས་པའི་མཚན་དཔེའི་སྐུ།།

ཐ་དད་འགྲོ་བའི་དཔྱིད་དུ་བཞུགས་མིན་པར།།

ད་ལྟར་ཞིང་གཞན་བསྡུས་པའི་རྣམ་ཐར་ཡང་།།

ན་གཞོན་དང་བཅས་ཀུན་ལ་ཁུར་དུ་ལྕི།།

པ་ཅོག་ཁུར་དུ་དུད་པའི་གསང་ཆེན་དང་།།

ཕ་རོལ་ཕྱིན་བཅུར་སྤྱོད་པ་སྤང་བ་སྟེ།།

བ་གའི་ཀློང་དུ་བརྩེན་པའི་གྲོལ་ལམ་སོགས།།

མ་ལུས་འདོམས་པའི་དགེ་མཚན་ཟད་མི་ཤེས།།

ཙ་རི་ཡུལ་དང་མཚུངས་པའི་གནས་ཆེན་དུ།།

ཚ་འཁོར་ཐོས་པ་རྒྱ་མཚོའི་མཐར་སོན་ཏེ།།

ཛཱ་ཡའི་བསྟན་པའི་ལས་བྱེད་རྣམ་དག་ཏུ།།

ཝ་ལེར་བཞེངས་པའི་མཛད་པ་སྐྱེ་རྒུའི་གསོས།།

ཞྭ་དཀར་བསྟན་པའི་བྱེད་པོ་ཁྱེད་ཉིད་ཀྱིས།།

ཟ་གོས་ལོངས་སྤྱོད་བཙོལ་བར་ལྟོས་མིན་པར།།

འ་ཅག་བསྟན་མཆོག་འཆད་དང་རྩོད་པ་ཡིས།།

ཡ་མཚན་འཕྲིན་ལས་རྒྱ་མཚོའི་རླབས་ལ་འདྲེས།།

ར་རི་སྐྱོན་གྱིས་སྟོང་པའི་མཛད་འཕྲིན་ལས།།

ལ་ལུང་བཤད་སྒྲུབ་གསར་བའི་པད་ཚལ་བཞད།།

ཤ་གཟན་ཁ་བ་རི་པའི་ཤེས་བྱའི་གནས།།

ས་ཕྱོགས་ཀུན་ཏུ་སྤེལ་བའི་རྣམ་ཐར་འཆང་།།

ཧ་ཅང་དྲན་པ་ཁྱེད་ཀྱི་མཛད་འཕྲིན་ལས།།

ཨ་ཁུ་སྨྱུག་མཛེས་སོར་མོས་ལེགས་བཏུས་ཏེ།།

ཧ་ཤང་རྣམ་དག་འཆང་བ་ཁྱེད་ཉིད་ཀྱང་།། 

ཨ་དོན་དབྱིངས་སུ་བསྡུས་པའི་འཆར་ཡན་ཙམ།།

 

 

Re:སེམས་ཀྱི་ཀ་ཁ།། | 2012/5/17 1:12:22
སྐུ་མགྲོན་8CSe7I(སྐུ་མགྲོན)བཀྲ་ཤིས་བདེ་ལེགས་ཞུ།།རྒྱང་རིང་གྲོགས་ནས།།
རྩོམ་པ་པོ།:སྐུ་མགྲོན་8CSe7I(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
སྒྲོམ་གཞི་སྒྲིག་བཟོ་བ། མཁའ་ཚེ།
Powered by Oblog.