
- ཀ་ཐོ་སེམས་ཀྱི་དབྱི
- དབྱངས་སྙན་འཇོལ་མོའ
- བོན་བསྟན་ཅི་ཙམ་གནས
- གཡུང་དྲུང་ཡན་ལག་ཚི
- སེམས་ཀྱི་གད་རྒྱངས།
- དགོས་ན་ལོངས།
- ཐ་སྙད་ཀྱི་རོལ་རྩེད
- བསམ་པའི་སྡུག་བསྔལ།
- ཞིམ་མངར་དཀྲུག་ཇའི་
- གཡས་རུའི་ཨ་ཁྲིད་ཆེ
- ༥ ༡༡ མ་ཡུམ།
- རྗེ་ཏ་པི་ཧྲི་ཙའི་ར
- རྒྱལ་གཤེན་རྗེས་དྲན
- ཕྱེ་མར་མཆོད།།
- རྫོང་དྲུག་ཡུལ་གྱི་
- སེམས་ཀྱི་རླབས་སྒྲ།
- ཆང་གཞས།།
- བོད་དང་བོན།
- འཕྲིན་ལས་ཟབ་མོའི་འ
- རྣམ་དཔྱོད་འགྲན་པའི
- པན་ཆེན་སྐུ་ཕྲེང་རི
- རིགས་སྒྲའི་ཁྲོད་ཀྱ
- དགེ་རྒན་དུས་ཆེན་ལ།
- ཐ་སྙད་ཀྱི་རོལ་རྩེད
- དམངས་ཀྱི་སྐུ་གཤེན།
- དཔེ་རྩིས་བཀླག་པའི་
- དཔལ་རིས་ཡུལ་གྱི་སྐ
- རྨེའུ་དཔལ་ཆེན་གྱི་
- སྐྱོ་དབྱངས།།
- ཡེ་གཤེན་བཀོད་པ་དོན
- Re:གཡུང་དྲུང་ཡན་ལག
- Re:གཡུང་དྲུང་ཡན་ལག
- Re:གཡུང་དྲུང་ཡན་ལག
- Re:གཡུང་དྲུང་ཡན་ལག
- Re:གཡུང་དྲུང་ཡན་ལག
- Re:སེམས་ཀྱི་གད་རྒྱ
- Re:དགོས་ན་ལོངས།
- Re:གཡས་རུའི་ཨ་ཁྲིད
- Re:འཕྲུལ་ངག་བདེན་པ
- Re:ཐ་སྙད་ཀྱི་རོལ་ར
- Re:ཐ་སྙད་ཀྱི་རོལ་ར
- Re:ཐ་སྙད་ཀྱི་རོལ་ར
- Re:ཐ་སྙད་ཀྱི་རོལ་ར
- Re:༥ ༡༡ མ་ཡུམ།
- Re:ཞིམ་མངར་དཀྲུག་ཇ
- Re:ཞིམ་མངར་དཀྲུག་ཇ
- Re:གཡས་རུའི་ཨ་ཁྲིད
- Re:ཞིམ་མངར་དཀྲུག་ཇ
- Re:ཞིམ་མངར་དཀྲུག་ཇ
- Re:ཞིམ་མངར་དཀྲུག་ཇ
རླུང་གིས་ཁུར་བའི་བསམ་པ།།
ཟླ་འོད་འཛུམ་དཀར་འགྱེད་པའི་མཚན་ལྗོངས་རིང་མོ།།
དྲན་འཛིན་རླུང་བུས་ཁུར་བའི་མལ་ཤག་ནང་དུ།།
རྒོད་སྒྲའི་ལོ་ཟླ་སྐྱོམས་པའི་གཡོ་རླབས་ཤིག་གིས།།
སྙིང་ཤ་བཙན་གྱིས་འགས་པའི་གཟེར་ཟུག་རྒྱབ་བྱུང་།།
ཐལ་སྐད་འུར་གྱིས་མཆེད་པའི་རྩོད་གྲྭའི་ནང་དུ།།
རྒོད་འཛུམ་ཡངས་མོ་ཞིག་གི་གཟན་སྣེ་འཐུད་དུས།།
ལོ་ཟླའི་དྲན་པ་ཁུར་བའི་དཔེ་བརྩེག་འགྲམ་ན།།
ད་དུང་རྣམ་ཤེས་ཤིག་གི་འགུལ་སྟངས་ལྷག་ཡོད།།
ཁྱོད་གཟན་རླུང་གིས་བཤུས་པའི་ཤུབ་སྒྲ་དེ་ཡིས།།
ཁོ་བོའི་བསམ་གཞིག་ཡོད་ཚད་སྡུག་ལ་སྦྱར་སོང་།།
རྨི་ལམ་གསོན་པོར་རྒྱུ་བའི་འཇིག་རྟེན་འདི་རུ།།
ང་ཡང་ལས་དབང་འདི་ལ་དོག་སྣང་མང་བྱུང་།།
དུང་བའི་ངུ་ངག་ཁུར་བའི་གློག་འཕྲིན་བར་ནས།།
ལོ་ཟླའི་མཛེས་སྡུག་ཡོད་རྒུ་རྡུལ་གྱིས་སྦག་སྟེ།།
རྫུན་གྱི་ཕུང་པོར་གྲུབ་པའི་འཇིག་རྟེན་འདི་ནས།།
འདི་ཞེས་མཐར་ཐུག་གྲུབ་པའི་བདེན་པ་མ་བརྙེད།།
དང་པོའི་གོམ་སྟབས་ནོར་བའི་སྲོང་ལམ་དེ་རུ།།
ཐ་མ་ལས་དབང་གཤེ་བའི་རྐང་གཉིས་མི་བུར།།
བསམ་པའི་དྲན་གཡོག་གྱུར་པའི་ཁྱིམ་གཞི་དུམ་བུ།།
ཡོད་ཀྱང་རང་གི་འཇིག་རྟེན་རྡུལ་ལས་ཆུང་བ།།
བཅོས་མིན་བརྩེ་བ་ཟམ་མོས་ལོ་ཟླ་རུམ་དུས།།
སུ་ཡང་གྲོགས་ཀྱི་མཆོག་ཏུ་བརྩི་བར་ཕོད་ལ།།
སེམས་ཀྱི་འཇིག་རྟེན་ཡོངས་སུ་ཆག་བཀྲུམ་ཤོར་ཚེ།།
རྨོད་པའི་མཆིལ་ཞགས་རྐྱོངས་བ་བྱ་ངན་ཤེས་སོང་།།
བཟོད་དཀའི་ཚོར་བ་ཞིག་གིས་རྨ་ཁ་ལྕི་ཡང་།།
དུང་བའི་ལོ་ཟླ་རིང་མོ་སྐྱར་དྲན་བྱས་ཏེ།།
སེམས་ཀྱིས་དགའ་སྐྱོ་གླེང་བའི་སྟེགས་བུ་ཞིག་ལ།།
བདག་གིས་ཁ་པར་ཡང་ཡང་ཁྱེད་ལ་གཏོང་ཆོག།
༢༠༡༠ ༤ ༩ཉིན་ཀོ་རྒྱལ་ནས།
- ཟིན་ཐོ་གོང་མ།བོད་རྒྱལ་གྲི་གུམ་འདས་རྐྱེན་ཆ་ཙམ་བརྗོད་པ།།
- ཟིན་ཐོ་འོག་མ།བོན་གྱི་མདོ་ཕྲན་ངོ་སྤྲོད།།

དུས་ལྟར་ཧི་བོན་ཟིན་བྲིས་སུ་བཞུགས་རྒྱུའི་དགའ་བསུ་ཡོད་ལགས།
གང་མགྱོགས་ལ་ཁྱུ་མཆོག་ཟིན་བྲིས་སུ་བཞུགས་ཐུབ་པའི་དགའ་བསུ་དང་རེ་བའང་ཡོད།

གྲོགས་པོ་ལགས་ཀྱིས་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བྱུང་བར་ཐུགས་རྗེ་ཆེ་ཞུ་བ་དང་། བསླབ་བྱ་དེ་དག་ནི་ལགས་སོ་ཞུ་བ་ཡིན། ཁྱུང་སྨྱུག་མཛེས་ཀྱིས་སོ།།