
- ཀ་ཐོ་སེམས་ཀྱི་དབྱི
- དབྱངས་སྙན་འཇོལ་མོའ
- བོན་བསྟན་ཅི་ཙམ་གནས
- གཡུང་དྲུང་ཡན་ལག་ཚི
- སེམས་ཀྱི་གད་རྒྱངས།
- དགོས་ན་ལོངས།
- ཐ་སྙད་ཀྱི་རོལ་རྩེད
- བསམ་པའི་སྡུག་བསྔལ།
- ཞིམ་མངར་དཀྲུག་ཇའི་
- གཡས་རུའི་ཨ་ཁྲིད་ཆེ
- ༥ ༡༡ མ་ཡུམ།
- རྗེ་ཏ་པི་ཧྲི་ཙའི་ར
- རྒྱལ་གཤེན་རྗེས་དྲན
- ཕྱེ་མར་མཆོད།།
- རྫོང་དྲུག་ཡུལ་གྱི་
- སེམས་ཀྱི་རླབས་སྒྲ།
- ཆང་གཞས།།
- བོད་དང་བོན།
- འཕྲིན་ལས་ཟབ་མོའི་འ
- རྣམ་དཔྱོད་འགྲན་པའི
- པན་ཆེན་སྐུ་ཕྲེང་རི
- རིགས་སྒྲའི་ཁྲོད་ཀྱ
- དགེ་རྒན་དུས་ཆེན་ལ།
- ཐ་སྙད་ཀྱི་རོལ་རྩེད
- དམངས་ཀྱི་སྐུ་གཤེན།
- དཔེ་རྩིས་བཀླག་པའི་
- དཔལ་རིས་ཡུལ་གྱི་སྐ
- རྨེའུ་དཔལ་ཆེན་གྱི་
- སྐྱོ་དབྱངས།།
- ཡེ་གཤེན་བཀོད་པ་དོན
- Re:གཡུང་དྲུང་ཡན་ལག
- Re:གཡུང་དྲུང་ཡན་ལག
- Re:གཡུང་དྲུང་ཡན་ལག
- Re:གཡུང་དྲུང་ཡན་ལག
- Re:གཡུང་དྲུང་ཡན་ལག
- Re:སེམས་ཀྱི་གད་རྒྱ
- Re:དགོས་ན་ལོངས།
- Re:གཡས་རུའི་ཨ་ཁྲིད
- Re:འཕྲུལ་ངག་བདེན་པ
- Re:ཐ་སྙད་ཀྱི་རོལ་ར
- Re:ཐ་སྙད་ཀྱི་རོལ་ར
- Re:ཐ་སྙད་ཀྱི་རོལ་ར
- Re:ཐ་སྙད་ཀྱི་རོལ་ར
- Re:༥ ༡༡ མ་ཡུམ།
- Re:ཞིམ་མངར་དཀྲུག་ཇ
- Re:ཞིམ་མངར་དཀྲུག་ཇ
- Re:གཡས་རུའི་ཨ་ཁྲིད
- Re:ཞིམ་མངར་དཀྲུག་ཇ
- Re:ཞིམ་མངར་དཀྲུག་ཇ
- Re:ཞིམ་མངར་དཀྲུག་ཇ
ཕྱོཌ་མཚམས་ཀུན་ནས་འཁྱུད་པིའ་ས་ལའི་ལྗོངས་ཀྱི་ཞིང་དུ།།
བདེ་སྐྱིད་མེ་ཏོག་འབུམ་བཞད་རྫོཊ་ལྡན་གསར་པའི་དགའ་སྟོན།།
སྙན་པའི་རོལ་དབྱངས་དཀྲོལ་ལ་རྣ་བ་ཡང་ཡང་བློགས་དང་།།
ས་ལ་སྡེ་བཞི་རྫོགས་པའི་ཁྱུང་ཡུལ་མཐོང་བ་ཀུན་སྨོན།།
རི་ཀླུང་སྔོ་ལྗང་ལྡེམམེ་ནེ་ཙོའི་སྒྲོ་གཤོག་ཕུབ་འདྲ།།
གྲོང་དང་གྲོང་ཁྱེར་ཁྲག་ཁྲིག་མཁའ་ལ་སྐར་ཚོཌ་བཀྲ་འདྲ།།
ཆབ་དང་ཆུ་བོའི་བཞུར་རྒྱུན་དར་དཀར་ཉག་ཐག་རྐྱོང་འདྲ།།
ཕུ་ལ་རི་རྔུ་གངས་བཟང་ཕྱེ་མར་ལྷ་ལ་ཕུལ་འདྲ།།
མདའ་ལ་སྤེན་ནེ་རི་བཀྲ་ཕྱུགས་ལུག་རྡང་ལ་བཏགས་འདྲ།།
བར་ལ་རི་ཕྲན་བརྒྱ་སྟོང་མཁའ་འགྲོའི་ཚོགས་འཁོར་བཤམས་འདྲ།།
རྟ་ཤོད་པདྨའི་དཀྱིལ་འཁོར་བྱུ་རིའི་མནྟལ་ཕྱིས་འདྲ།།
གདན་ས་དཔལ་གྱི་སྟེང་ཆེན་ཉ་མོ་མཚོ་ལ་འཁྱིལ་འདྲ།།
དུང་སེང་མཁའ་ལ་མཆོང་འདྲའི་གྱིམ་ཤོད་ཤེལ་ལེ་རྫོང་དྲུག།
ཅང་ཤེས་ཁྱུ་སྣེ་མཐུད་འདྲའི་རྟ་ཡི་ཟལ་མོ་རི་རྒྱུད།།
བྱང་ཆུ་དལ་བ་རིང་མོ་ས་ལ་གཡུ་འབྲུག་འཁྱུག་འདྲ།།
སྤུ་ཧྲོག་མཚོ་མོ་ཆེ་ཆུང་ཀླུ་ཟོག་གཏེར་གྱིས་གང་འདྲ།།
ཐ་གསུམ་གཡུ་ཡི་རྩྭ་ཐང་ཕར་མཐའ་མཁའ་ལས་ཡངས་པ།།
རྟ་ནོར་ལུག་ཁྱུའི་ཕྲེང་བ་་སྐར་ཚོགས་ས་ལ་འཕོས་འདྲ།།
ཕྱུགས་རྫིའི་མགྲིན་དབྱངས་སྙན་མོ་ཁུ་བྱུག་ནགས་ནས་གྲག་འདྲ།།
མ་འབྲི་ངུར་རྒྱངས་ལྡི་རེ་དབྱར་སྐྱེས་གདངས་དབྱངས་འཐེན་འདྲ།།
བེའུ་ལུག་མཆོང་རྩེད་ཉམས་གར་རྩི་ཏོག་རླུང་གིས་བསྐྱོད་འདྲ།།
སྟོང་ལྡན་སེར་ཆེན་མེ་ཏོག་སྤང་ལ་གསེར་ཞག་འཁྱུད་འདྲ།།
རིན་ཆེན་ཕྲེང་བ་འཕྱང་འདྲའི་དཀར་ནག་སྦྲ་གུར་ཁྲག་ཁྲིག།
སྤྲིན་དཀར་མཁའ་ལ་འཕྱོ་འདྲའི་རླུང་རྟའི་མདོ་དར་རིང་མོ།།
མཚོ་མོ་རླུང་གིས་བསྐྱོད་འདྲའི་དཀར་ཆུ་འོ་མའི་རླབས་ཕྲེང་།།
རྨ་གཡང་གཏེར་སྒོ་ཕྱེས་འདྲའི་སྤུ་ཧྲོག་གངས་ཀྱི་མཛེས་སྡུག།
ཨེ་མ་དཔལ་གྱི་ཞིང་ཁམས་ཁྱུང་ཡུལ་འཛམ་ལྷའི་གན་མཛོད།།
དགེ་བཅུའི་ལང་ཚོ་བདོ་བས་ཆར་ཆུ་དུས་སུ་འབབ་ཅིང་།།
ལོ་ཕྱུགས་རྟག་ཏུ་ལེགས་པའི་ཕ་ཡུལ་འདོད་རྒུའི་འབྱུང་གནས།།
མི་ལ་ཚེ་བསོད་འཛོམས་པས་སྐྱེ་རྒུས་དགའ་བདེ་རོལ་ས།།
རིས་མེད་ཆོས་ལ་དད་པས་མཐུན་སྒྲིལ་མདུད་རྒྱ་དམ་ས།།
ཀུན་ཀྱང་བཤེས་སུ་ཆགས་པས་འཐབ་འཁྲུག་རྩོད་གླེང་བྲལ་བ།།
གཤིས་རྒྱུད་དགེ་བས་བརླན་པས་དགྲ་རྐུན་ཇག་གིས་དབེན་པ།།
ཞི་བདེའི་དཔལ་ལ་རོལ་བའི་རྫོགས་ལྡན་གསར་པ་དྱས་འདུག།
ཨ་ཧོ་མཐོང་སྨོན་ཞིང་མཆོག་གྱིམ་ཤོད་སུམ་པ་གླིང་འདིར།།
མཁས་དང་གྲུབ་པས་ཕྱུག་འདིས་ས་ལ་འཕགས་པའི་ཞིང་ཁམས།།
ཕོ་ལ་རྩལ་རྒུ་འཛོམ་པས་གླིང་དཀར་དཔའ་བོའི་བུ་རྒྱུད།།
མོ་སྨན་མཛངས་མ་མངའ་བས་ལྷའི་ལྕམ་དོག་ལ་བབ་འདྲ།།
དེ་སྐད་སྐྱིད་པའི་བུ་ཆུང་རྒྱང་རིང་ཡུལ་གྲུར་སྙོག་སྐབས།།
ཕ་ཡུལ་དཔལ་གྱི་སྟེང་ཆེན་ཡིད་ལ་ཡང་ཡང་བྱས་ཏེ།།
མ་བཅོས་སེམས་ཀྱི་རི་མོ་སྨུག་གུའི་བུ་མོས་གཏོད་ནས།།
ངག་རིག་གླུ་དབྱངས་ལེན་བཞིན་དགའ་བའི་དཔལ་གྱིས་གཟི་སོང་།།
ཁྱུང་སྨྱུག་མཛེས་ཀྱིས། ༢༠༠༤-༣-༢༣
- ཟིན་ཐོ་གོང་མ།སྔ་རབས་བོད་ཀྱི་ཚད་མ་རིག་པའི་བྱུང་རབས་ཅུང་ཙམ་བཤད་པ།།
- ཟིན་ཐོ་འོག་མ།བདག་གི་མིག་ཆུ།།