
- ཀ་ཐོ་སེམས་ཀྱི་དབྱི
- དབྱངས་སྙན་འཇོལ་མོའ
- བོན་བསྟན་ཅི་ཙམ་གནས
- གཡུང་དྲུང་ཡན་ལག་ཚི
- སེམས་ཀྱི་གད་རྒྱངས།
- དགོས་ན་ལོངས།
- ཐ་སྙད་ཀྱི་རོལ་རྩེད
- བསམ་པའི་སྡུག་བསྔལ།
- ཞིམ་མངར་དཀྲུག་ཇའི་
- གཡས་རུའི་ཨ་ཁྲིད་ཆེ
- ༥ ༡༡ མ་ཡུམ།
- རྗེ་ཏ་པི་ཧྲི་ཙའི་ར
- རྒྱལ་གཤེན་རྗེས་དྲན
- ཕྱེ་མར་མཆོད།།
- རྫོང་དྲུག་ཡུལ་གྱི་
- སེམས་ཀྱི་རླབས་སྒྲ།
- ཆང་གཞས།།
- བོད་དང་བོན།
- འཕྲིན་ལས་ཟབ་མོའི་འ
- རྣམ་དཔྱོད་འགྲན་པའི
- པན་ཆེན་སྐུ་ཕྲེང་རི
- རིགས་སྒྲའི་ཁྲོད་ཀྱ
- དགེ་རྒན་དུས་ཆེན་ལ།
- ཐ་སྙད་ཀྱི་རོལ་རྩེད
- དམངས་ཀྱི་སྐུ་གཤེན།
- དཔེ་རྩིས་བཀླག་པའི་
- དཔལ་རིས་ཡུལ་གྱི་སྐ
- རྨེའུ་དཔལ་ཆེན་གྱི་
- སྐྱོ་དབྱངས།།
- ཡེ་གཤེན་བཀོད་པ་དོན
- Re:གཡུང་དྲུང་ཡན་ལག
- Re:གཡུང་དྲུང་ཡན་ལག
- Re:གཡུང་དྲུང་ཡན་ལག
- Re:གཡུང་དྲུང་ཡན་ལག
- Re:གཡུང་དྲུང་ཡན་ལག
- Re:སེམས་ཀྱི་གད་རྒྱ
- Re:དགོས་ན་ལོངས།
- Re:གཡས་རུའི་ཨ་ཁྲིད
- Re:འཕྲུལ་ངག་བདེན་པ
- Re:ཐ་སྙད་ཀྱི་རོལ་ར
- Re:ཐ་སྙད་ཀྱི་རོལ་ར
- Re:ཐ་སྙད་ཀྱི་རོལ་ར
- Re:ཐ་སྙད་ཀྱི་རོལ་ར
- Re:༥ ༡༡ མ་ཡུམ།
- Re:ཞིམ་མངར་དཀྲུག་ཇ
- Re:ཞིམ་མངར་དཀྲུག་ཇ
- Re:གཡས་རུའི་ཨ་ཁྲིད
- Re:ཞིམ་མངར་དཀྲུག་ཇ
- Re:ཞིམ་མངར་དཀྲུག་ཇ
- Re:ཞིམ་མངར་དཀྲུག་ཇ
ཤོག་དྲིལ་དཀར་པོ།
ཀ་དག་སྐྱེ་མེད་བོན་སྐུའི་མཚོ་འཇིངས་ལས།།
མ་འགག་ཤེས་རབ་ཟླ་གཞོན་འཛུམ་པའི་དཔལ།།
སྣང་སྟོང་སྒྱུ་འཕྲུལ་དབྱིངས་ཆེན་བདེ་བའི་ཡུམ།།
ཤེས་རབ་བྱམས་མའི་ཚོགས་ལ་པ་ཏ་ཡ།།
གང་འདུལ་དེར་སྟོན་འཇོ་སྒེག་རོལ་པའི་གར།།
ངག་རིག་དཔལ་སྟེར་དྲི་ཟའི་བུ་མོའི་ཚུལ།།
དམུ་གྱེར་བསྟན་སྲུང་ཁྲོས་མ་སྲིད་གསུམ་བདག།
མཚན་དྲུག་ལྷ་ཟ་རྒྱལ་བ་ཀུན་གྱི་མ།།
ཟུར་ཕུད་རིན་ཆེན་བྱེ་བའི་ལྕུགས་ཕྲན་ཅན།།
དབང་སྔོན་ལན་བུས་མཛེས་ལྡན་གསེར་མདོག་བཞིན།།
སྤྱན་དཀྱུས་འོད་དཀར་ཟླ་བའི་འཛུམ་རིས་གཡོ།།
སྲིད་ཞིའི་མཛེས་ལྡུག་གཅིག་ཟླུམ་གཞོན་ནུའི་དཔལ།།
ཉག་གཅིག་དབྱིངས་ཉིད་བདེ་བ་ཆེན་པོའི་ཀློང་།།
བརྒྱད་གཉིས་ལང་ཚོའི་དྲེགས་པའི་འགྱིང་བག་ཅན།།
ཁམས་གསུམ་རྨོངས་སེལ་ཤེས་རབ་ལྷ་བདུན་མོ།།
བདེན་བཞིའི་དེ་ཉིད་གསལ་བའི་མཁྱེན་སྟེར་མ།།
ཕྱག་ཟུང་པད་མས་མཚན་པ་གཏེར་གྱི་བུམ།།
རབ་གསལ་སྣང་བའི་མེ་ལོང་ཟུང་གཅིག་གིས།།
འཇིགས་པ་བརྒྱད་བསྒྲལ་ཞི་བའི་གཏེར་འཛིན་པའི།།
སྐྱེ་རྒུའི་མ་མ་ཨེར་སངས་ངག་གི་ལྷ།།
ཕ་རོལ་ཕྱིན་མཛད་ས་བཅུའི་བྱམས་ཆེན་མོ།།
ཕས་རྒོལ་དགྲ་བྱད་ཀླུ་གདོན་འཇིགས་པ་སྐྱོབས།།
སྲིད་ཞིའི་མུན་སེལ་རིགས་མཆོག་རྒྱལ་སྟེར་ཞིང་།།
འདོད་རྒུའི་མཛོད་འཛིན་སྦྱིན་པའི་ལྷ་མོ་ཆེ།།
དད་པའི་འགྲོ་ལ་བསོད་ནམས་སྐྱིད་འཇོ་ཞིང་།།
སྒྲུབ་པའི་གཤེན་ལ་འཛུམ་དཀར་སྟོན་མཛད་མ།།
བློ་གྲོས་མཆོག་སྦྱིན་ས་ཏྲིག་ཨེར་ཏུ་སངས།།
རྒྱལ་ཀུན་ཡུམ་ཅིག་ཕྱིན་བཅུ་བྱམས་མའི་སྐུ།།
མཚན་ཐོས་ཙམ་གྱིས་རྨོངས་པའི་མཐུ་ལས་རྒྱལ།།
དྲན་པའི་ཡིད་ལ་བདེ་དགའི་སྐྱིད་འཇོ་ཞིང་།།
ཀུན་ཁྱབ་ཡེ་ཤེས་འགྲོ་ལ་སྦྱིན་པའི་དཔལ།།
ཤེས་རབ་ལྷ་མོའི་དཔལ་ལ་དེ་ལྟར་བསྟོད།། ༢༠༠༤ ༡༢ ༧ལ་བྲིས་སོ།།
- ཟིན་ཐོ་གོང་མ།ཆོས་དྲེད་ཆོས་ཀྱིས་མ་ཐུལ།།
- ཟིན་ཐོ་འོག་མ།ལུང་དཀར་དཔོན་སློབ་ལ་བསྟོད་པ།
