
- ཀ་ཐོ་སེམས་ཀྱི་དབྱི
- དབྱངས་སྙན་འཇོལ་མོའ
- བོན་བསྟན་ཅི་ཙམ་གནས
- གཡུང་དྲུང་ཡན་ལག་ཚི
- སེམས་ཀྱི་གད་རྒྱངས།
- དགོས་ན་ལོངས།
- ཐ་སྙད་ཀྱི་རོལ་རྩེད
- བསམ་པའི་སྡུག་བསྔལ།
- ཞིམ་མངར་དཀྲུག་ཇའི་
- གཡས་རུའི་ཨ་ཁྲིད་ཆེ
- ༥ ༡༡ མ་ཡུམ།
- རྗེ་ཏ་པི་ཧྲི་ཙའི་ར
- རྒྱལ་གཤེན་རྗེས་དྲན
- ཕྱེ་མར་མཆོད།།
- རྫོང་དྲུག་ཡུལ་གྱི་
- སེམས་ཀྱི་རླབས་སྒྲ།
- ཆང་གཞས།།
- བོད་དང་བོན།
- འཕྲིན་ལས་ཟབ་མོའི་འ
- རྣམ་དཔྱོད་འགྲན་པའི
- པན་ཆེན་སྐུ་ཕྲེང་རི
- རིགས་སྒྲའི་ཁྲོད་ཀྱ
- དགེ་རྒན་དུས་ཆེན་ལ།
- ཐ་སྙད་ཀྱི་རོལ་རྩེད
- དམངས་ཀྱི་སྐུ་གཤེན།
- དཔེ་རྩིས་བཀླག་པའི་
- དཔལ་རིས་ཡུལ་གྱི་སྐ
- རྨེའུ་དཔལ་ཆེན་གྱི་
- སྐྱོ་དབྱངས།།
- ཡེ་གཤེན་བཀོད་པ་དོན
- Re:གཡུང་དྲུང་ཡན་ལག
- Re:གཡུང་དྲུང་ཡན་ལག
- Re:གཡུང་དྲུང་ཡན་ལག
- Re:གཡུང་དྲུང་ཡན་ལག
- Re:གཡུང་དྲུང་ཡན་ལག
- Re:སེམས་ཀྱི་གད་རྒྱ
- Re:དགོས་ན་ལོངས།
- Re:གཡས་རུའི་ཨ་ཁྲིད
- Re:འཕྲུལ་ངག་བདེན་པ
- Re:ཐ་སྙད་ཀྱི་རོལ་ར
- Re:ཐ་སྙད་ཀྱི་རོལ་ར
- Re:ཐ་སྙད་ཀྱི་རོལ་ར
- Re:ཐ་སྙད་ཀྱི་རོལ་ར
- Re:༥ ༡༡ མ་ཡུམ།
- Re:ཞིམ་མངར་དཀྲུག་ཇ
- Re:ཞིམ་མངར་དཀྲུག་ཇ
- Re:གཡས་རུའི་ཨ་ཁྲིད
- Re:ཞིམ་མངར་དཀྲུག་ཇ
- Re:ཞིམ་མངར་དཀྲུག་ཇ
- Re:ཞིམ་མངར་དཀྲུག་ཇ

ཆོས་དྲེད་ཆོས་ཀྱིས་མ་ཐུལ།།
དང་པོའི་དད་པ་ཕ་མའི་ངག་ལས་གོ་བྱུང་།།
བར་དུ་དད་པ་བཤེས་གཉེན་གསུང་ལས་ཐོས་བྱུང་།།
ཐ་མའི་དད་པ་གཞུང་ཟབ་ཁྲོད་ནས་མཐོང་ཡང་།།
དད་པའི་ཆོས་དྲེད་ང་རང་ཆོས་ཀྱིས་མ་ཐུལ།།
ཐོག་མའི་སྐྱབས་འགྲོ་མི་རིགས་སྲོལ་གྱིས་སྐྱེས་བྱུང་།།
བར་དུ་སྐྱབས་འགྲོ་བོན་སྒོར་ཞུག་པས་འདོད་བྱུང་།།
ཐ་མའི་སྐྱབས་འགྲོ་སྡེ་སྣོད་གཞུང་ལས་མཐོང་ཡང་།།
སྐྱབས་འགྲོའི་ཆོས་དྲེད་ང་རང་ཆོས་ཀྱིས་མ་ཐུལ།།
དང་པོའི་སེམས་བསྐྱེད་ལམ་རིམ་གཞུང་ལས་ཐོས་བྱུང་།།
བར་དུ་སེམས་བསྐྱེད་གབ་མཛོད་ས་ལས་ཁྲིད་བྱུང་།།
ཐ་མའི་སེམས་བསྐྱེད་བོན་སྤྱོད་གཞུང་ནས་སྒོམ་ཡང་།།
སེམས་བསྐྱེད་ཆོས་དྲེད་ང་རང་ཆོས་ཀྱིས་མ་ཐུལ།།
དང་པོ་ལས་འབྲས་བཤད་པའི་སྐྲག་སྣང་སྐྱེས་བྱུང་།།
བར་དུ་ལས་འབྲས་བཤད་དུས་མཚར་སྣང་མང་བྱུང་།།
ཐ་མར་ལས་འབྲས་གླེང་དུས་སུན་ཐག་ཆད་སོང་།།
ལས་འབྲས་ཆོས་དྲེད་ང་རང་ཆོས་ཀྱིས་མ་ཐུལ།།
དང་པོའི་ལྷ་ཕྱག་དྲན་གཡོག་སྟང་ཀས་ཤེས་བྱུང་།།
བར་དུ་ལྷ་ཕྱག་དད་པའི་ཟུར་ནས་མཐོང་སོང་།།
ཐ་མའི་ལྷ་ཕྱག་བསགས་སྦྱོང་ཁྲོད་ནས་འཚལ་ཡང་།།
ཕྱག་འཚལ་ཆོས་དྲེད་ང་རང་ཆོས་ཀྱིས་མ་ཐུལ།།
དང་པོའི་ཀློག་འདོན་བགྲེས་སོང་གམ་ནས་ཤེས་སོང་།།
བར་དུ་ཀློག་འདོན་དཀོར་ཟས་བསྡུ་དུས་གོམས་བྱུང་།།
ཐ་མའི་ཀློག་འདོན་བསྙེན་བསྒྲུབ་སྐབས་སུ་འབེད་ཀྱང་།།
ཀློག་འདོན་ཆོས་དྲེད་ང་རང་ཆོས་ཀྱིས་མ་ཐུལ།།
དང་པོའི་སྙིང་རྗེ་ཕ་མའི་བསླབ་བྱས་ཤེས་བྱུང་།།
བར་དུ་སྙིང་རྗེ་དགེ་འདུན་ཁྲོད་ནས་བཤད་བྱུང་།།
ཐ་མའི་སྙིང་རྗེ་དུས་བཞི་ཆོ་གས་ཀླག་ཀྱང་།།
སྙིང་རྗེའི་ཆོས་དྲེད་ང་རང་ཆོས་ཀྱིས་མ་ཐུལ།།
སྦྲང་རྩི་ཟ་ཡུན་རིང་ན་ཞིམ་པ་མི་ཚོར།།
ཁུ་བྱུག་གྲག་ཡུན་རིང་ན་སྙན་སྣང་མི་ཤར།།
ཆོས་ལུགས་བཤད་རྒྱུ་མང་བས་ཆོས་ཀྱིས་མི་ཐུལ།།
གདུལ་བྱའི་བློ་དང་བསྟུན་པ་ཐབས་ཀྱི་མཆོག་ཡིན།།
- ཟིན་ཐོ་གོང་མ།འཚོ་བའི་རླབས་རིས་སུ་བརྩེན་པའི་ལྦུ་བ།།
- ཟིན་ཐོ་འོག་མ།ཤོག་དྲིལ་དཀར་པོ།
