ཧི་བོན་ཟིན་བྲིས།
ཁྱུང་།
སྤྱི་བསྒྲགས།
     

ལི་ཐོ།
    <<  < 2021 - 12 >  >>
    123
    45678910
    11121314151617
    18192021222324
    25262728293031
ཆེད་སྒྲིག་རྣམ་དབྱེ།
པར་མཛོད།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
ནང་འཇུག
དྲ་གྲོགས།
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
ལུང་དཀར་དཔོན་སློབ་ལ་བསྟོད་པ། | 2011/12/16 14:44:00

བུང་བ་རྣམ་པར་བརྩེན་པའི་བསྟོད་ཚིག

ཤེས་བྱའི་གནས་ལུགས་ཇི་བཞིན་མཁྱེན་པའི་ཐུགས།།

རབ་སྙན་ཚངས་དབྱངས་ཡན་དྲུག་ཅུའི་གསུང་།།

རྒྱལ་ཀུན་སྤྱི་དཔལ་ངུར་སྨྲིག་འཆང་བའི་སྐུ།།

མཚན་ལྡན་མཉམ་མེད་བླ་མས་ཤིས་པར་སྩོལ།།

རྣམ་མང་སྐྱེ་ཕྲེང་བསོད་ནམས་འོ་མའི་མཚོ།།

གུས་འཇུག་མཉེས་པ་གསུམ་ལྡན་དབྱུ་གུ་ཡིས།།

ཉེར་བསྲུབས་ལས་སྨིན་དཀར་བའི་གཟི་སྟོང་ཅན།།

དྲང་སྲོང་ཟླ་གཞོན་བསྟོད་པའི་ཚིག་འཕྲེང་འཐོར།།

ཆེ་བཙན་རྟ་བདུན་ཟེར་བརྒྱས་སྨིན་མིན་པར།།

བསོད་ནམས་ག་བུར་ཟེགས་མ་འབུམ་འཛག་པ།།

མངོན་མཐོ་ངེས་ལེགས་ཡངས་པའི་ཚལ་བཟང་པོར།།

སོན་པའི་རྟེན་མཆོག་པད་དཀར་འདབ་འཕྲེང་རྒོད།།

དལ་བའིགཞུང་རྟ་མཉེན་ལྕུག་ལྡེམ་པའི་རྩེར།།

འབྱོར་བཅུའི་འདབ་ཕྲེང་ཡོན་ཏན་མེ་ཏོག་མཛེས།།

དད་བརྩོན་འཕགས་ནོར་གསེར་གྱི་ཀེ་ས་རར།།

ལེགས་བྱས་མངར་བའི་དྲི་བསུང་རིང་ནས་འཁྱུད།།

ངེས་འབྱུང་མེས་པོའི་བཀའ་ལུང་གཉན་པོ་ཡིས།།

ཉེར་བསྐུལ་དཀར་མིན་ལས་ཀྱི་གཉན་པོ་ཡིས།།

བསིལ་བྱེད་གཙང་སྡོམ་སྐལ་ལྡན་ཤིང་རྟའི་རྒྱུན།།

བླང་པའི་ངོ་མཚ་ཛ་ཧུ་ན་ལ་འཁུ།།

ལང་ཚོའི་མྱུ་གུ་ཕྲ་མོའི་དུས་ཉིད་ནས།།

ཐེག་ཆེན་རིགས་ཀྱི་སབོན་ལས་འཁྲུངས་པའི།།

དམ་པའི་ལོ་འབྲས་གཡུར་དུ་སྨིན་པའི་དཔྱིད།།

སྦྱོར་བརྩོན་ཉེར་ལེན་ཆབ་ཀྱིས་སྟོབས་སུ་རྫོགས།།

 ཀློག་པ་ཐོས་བསམ་སྤང་པ་བསམ་གཏན་དང་།།

 ཟུང་འཇུག་དབེན་པ་སུམ་ལྡན་རི་སུལ་དུ།།

ཡེངས་མེད་ཀ་དག་ཀློང་དུ་རོལ་རྩེད་ཀྱིས།།

མི་འཇིག་སྐུ་བཞིའི་གོ་འཕང་མངོན་བརྙེས་ཀྱང་།།

བསྟན་ལ་ལྷག་བསམ་ཟླ་བའི་བ་དན་གྱིས།།

བརྒལ་རྟགས་རིགས་པའི་ཆུ་སྒྲོལ་ལ་ཞུགས་ནས།།

རིགས་ཚུལ་ནོར་བུའིདོ་ཤལ་རྒྱན་འཕྱང་སྟེ།།

ཕྱོག་བྲལ་མཁས་པའི་ཁྲི་ལ་ཉེ་བར་བཞུས།།

རྒྱལ་བསྟན་རིན་ཆེན་བཤད་དང་སྒྲུབ་པའི་སྡེ།།

ཟུང་འབྲེལ་ཀུན་ཕན་གྲིབ་བསིལ་གདུགས་དཀར་རྩེར།།

 མཆོད་པས་སྲིད་དང་ཞི་བའི་ལུས་ཅན་གྱི།།

རྒུད་པ་ཀུན་བྲལ་དགེ་ལེགས་དཔལ་དུ་རྩེན།།

མཁས་སྙན་གྲགས་དཀར་བསིལ་བའི་ཟླ་ཞུན་མས།།

བཙུན་པའི་ངོ་མཚར་འོད་རིས་འབྱམས་ཀླས་པ།།

 འབྱེད་པས་ཀུནྡ་ཕན་བདེའི་རྩ་ལག་ཅན།།

ཀུན་མཁྱེན་བསུང་གི་ངད་པ་ཕྱོགས་སུ་འཐུལ།།

རྟོག་དཔྱོད་ཡིད་མཚོར་བརྩོན་པའི་དབྱུ་གུ་ཡིས།།

 བསྲུབ་སྐྱེས་ལེགས་བཤད་སྣང་བ་དཀར་པོའི་ཟླ།།

བསྟན་འགྲོའི་སྤྱི་དཔལ་མའ་རུ་ལྷག་པའི་མོད།།

འཆད་རྩོད་པད་དཀར་འདབ་སྟོང་ལྷུག་པར་གྲོལ།།

མདོ་འབུམ་རྒྱུད་མཛོད་ཀེ་ས་ར་ཡི་རྡུལ།།

རབ་སྐྱུག་སྙིང་པོ་གཏེར་བརྒྱས་སྨྱོས་པ་ཡི།།

ཀློག་པ་ཐོས་བསམ་མགྲིན་ལམ་བདེ་བའི་གླུ།།

ལེན་མཁས་དཔྱད་ལྡན་བུང་བའི་ཁྱུ་ཚང་བརྡོལ།།

སློབ་འབངས་རྒྱུ་སྐར་ཚོམ་བུས་སྐོར་བའི་དབུས།།

ཁྱེད་སྐུ་ཉ་གང་ཟླ་བའི་གཟི་སྟོང་ཅན།།

དོན་ལྡན་སྙན་པ་བདུད་རྩི་ཟེགས་མའི་ཆར།།

མ་འཐོར་འཛིན་མའི་ཁོར་ཡུག་དམིགས་སུ་མེད།།

ཞྭ་དཀར་གཡུང་དྲུང་བསྟན་ལ་ལེགས་བྱས་ཀྱི།།

ཟབ་རྒྱས་ལེགས་བཤད་གཡས་སུ་འཁྱིལ་བའི་དུང་།།

བྱམས་བརྩེའི་དབུགས་ཀྱིས་བསྐུལ་ཚེ་རྣམ་མང་འགྲོའི།།

རྨོངས་པའི་རིམ་ནད་གཅིག་ཆར་གཞོམ་པར་བྱ།།

དབུ་ཕར་འདུལ་མཛོད་ཚད་མ་བཀའ་ཆེན་ལྔའི།།

གཞུང་དོན་འབྱམས་ཀླས་སྲིད་གསུམ་ནོར་འཛིན་ཁྱོན།།

འཆད་སྤེལ་གོམ་པ་གསུམ་གྱིས་གཞལ་བ་ན།།

མཁས་རློམ་སྟོབས་ལྡན་ཀུན་བཟོད་ཕག་ཏུ་གཤེགས།།

གསུང་རབ་རིན་ཆེན་ཀུན་དགའ་ར་བའི་མཛོད།།

བྱུར་བུར་ལྟེམས་པ་བྲག་རི་བརྩེགས་པའི་ཟོལ།།

རབ་བརྟན་གླང་པོས་ཁུར་དུ་ངལ་སྟེར་བ།།

རྗེས་བཞག་བསྟན་པའི་འཕྲིན་ལས་བསམ་མཐའ་ཡས།།

འདི་སྣང་སྦྲང་རྩི་བགོས་པའི་རལ་གྲི་ཡིས།།

འབྲིད་པར་མ་ཕོད་གཏན་བདེ་མངར་བའི་རོར།།

རྟག་བརྩེན་ཆེ་རློམ་ཕར་གྱི་རྣམ་ཐར་དང་།།

གསེར་རི་ཕྲེང་ཚོམ་དབུ་ན་ལྷུན་པོ་བཞིན།།

རྣམ་མང་འགྲོ་བློ་གཤི་པའི་ཞིང་ས་རུ།།

ཐར་དང་ཐར་ཆེན་ས་བོན་ལེགས་སྦྲུམ་ནས།།

རྟག་འཛིན་སུན་ཕྱུང་གཟུགས་སྐུ་བཀོད་པའི་འཕྲུལ།།

རེ་ཞིག་ཞི་བའི་ཀློང་དུ་བསྡུ་ཚུལ་བསྟན།།

གང་གི་མཛད་འཕྲིན་གླིང་རྒུའི་ཆུ་གཏེར་ལས།།

རབ་དད་འདུན་པ་ཀུ་ཤའི་ཆུན་པོ་ཡིས།།

བླང་པའི་བསྟོད་ཚིག་ཟེགས་མ་ལེགས་འཐོར་གང་།།

བསོད་ནམས་མྱུ་གུ་སྨིན་པའི་སྐྱེས་སུ་བཏེགས།།

གཞལ་དཀའི་དྲིན་མཆོག་དཀར་གསལ་ཟླ་བའི་འོད།།

དྲན་གདུང་ཡིད་འཚོར་འཆང་བའི་རོལ་རྩེ་ཀྱིས།།

ཡོལ་མེད་བསྟོད་ཚིག་རླབས་ཀྱི་འཁྲི་ཤིང་རྩེར།།

བཞད་པའི་འཛུམ་དཀར་མི་ཕྱེད་པས་མཆོད།།

 ༢༠༠༢ ལོར་བོན་བརྒྱ་ནས།

རྩོམ་ཡིག་འདི་གཤམ་གྱི་ཚོགས་མིས་ལེགས་འདེམས་བྱས་ཟིན།
Re:ལུང་དཀར་དཔོན་སློབ་ལ་བསྟོད་པ། | 2011/12/16 15:03:28
yongdromཡོན་ཏན་སྦྲང་རྩི་འཕགས་པའི་ཞིང་ནས་རོལ།།
སྨིན་གྲོལ་མཛད་པ་གངས་ཅན་ལྗོངས་སུ་སྐྱོང་།།
བསྟན་འགྲོའི་མགོན་པོ་དྲང་སྲོང་གཡུང་དྲུང་མཆོག །
སྤྱི་བོ་བདེ་ཆེན་འཁོར་ལོའི་རྒྱན་དུ་མཆོད།།
Re:ལུང་དཀར་དཔོན་སློབ་ལ་བསྟོད་པ། | 2011/12/17 16:04:04
སྐུ་མགྲོན་OSJv48(སྐུ་མགྲོན)འགྱུར་མེད་གཡུང་དྲུང་སློབ་དཔོན་གངས་ལྗོངས་ཞིང་དུ་བརྗིད་ལྷག་ལྷག།
འཛད་མེད་འཁོར་ལོའི་བྱ་བཞག་འགྲོ་བའི་ཁམས་སུ་འོད་འཚེར་འཚེར། ། ཟོལ་མེད་ཚིག་གི་བསྟོད་པ་གངས་རིའི་རྩེ་ནས་འབྲུག་གྲགས་གྲགས། །
ཕྱོགས་མེད་སློབ་མའི་ཚོགས་ཀྱིས་བཅོས་མེད་སྙིང་ནས་དྲན་ལྷང་ལྷང་། །
བུ་སློབ་ཞིག་ནས།
རྩོམ་པ་པོ།:སྐུ་མགྲོན་OSJv48(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
སྒྲོམ་གཞི་སྒྲིག་བཟོ་བ། མཁའ་ཚེ།
Powered by Oblog.