
- ཀ་ཐོ་སེམས་ཀྱི་དབྱི
- དབྱངས་སྙན་འཇོལ་མོའ
- བོན་བསྟན་ཅི་ཙམ་གནས
- གཡུང་དྲུང་ཡན་ལག་ཚི
- སེམས་ཀྱི་གད་རྒྱངས།
- དགོས་ན་ལོངས།
- ཐ་སྙད་ཀྱི་རོལ་རྩེད
- བསམ་པའི་སྡུག་བསྔལ།
- ཞིམ་མངར་དཀྲུག་ཇའི་
- གཡས་རུའི་ཨ་ཁྲིད་ཆེ
- ༥ ༡༡ མ་ཡུམ།
- རྗེ་ཏ་པི་ཧྲི་ཙའི་ར
- རྒྱལ་གཤེན་རྗེས་དྲན
- ཕྱེ་མར་མཆོད།།
- རྫོང་དྲུག་ཡུལ་གྱི་
- སེམས་ཀྱི་རླབས་སྒྲ།
- ཆང་གཞས།།
- བོད་དང་བོན།
- འཕྲིན་ལས་ཟབ་མོའི་འ
- རྣམ་དཔྱོད་འགྲན་པའི
- པན་ཆེན་སྐུ་ཕྲེང་རི
- རིགས་སྒྲའི་ཁྲོད་ཀྱ
- དགེ་རྒན་དུས་ཆེན་ལ།
- ཐ་སྙད་ཀྱི་རོལ་རྩེད
- དམངས་ཀྱི་སྐུ་གཤེན།
- དཔེ་རྩིས་བཀླག་པའི་
- དཔལ་རིས་ཡུལ་གྱི་སྐ
- རྨེའུ་དཔལ་ཆེན་གྱི་
- སྐྱོ་དབྱངས།།
- ཡེ་གཤེན་བཀོད་པ་དོན
- Re:གཡུང་དྲུང་ཡན་ལག
- Re:གཡུང་དྲུང་ཡན་ལག
- Re:གཡུང་དྲུང་ཡན་ལག
- Re:གཡུང་དྲུང་ཡན་ལག
- Re:གཡུང་དྲུང་ཡན་ལག
- Re:སེམས་ཀྱི་གད་རྒྱ
- Re:དགོས་ན་ལོངས།
- Re:གཡས་རུའི་ཨ་ཁྲིད
- Re:འཕྲུལ་ངག་བདེན་པ
- Re:ཐ་སྙད་ཀྱི་རོལ་ར
- Re:ཐ་སྙད་ཀྱི་རོལ་ར
- Re:ཐ་སྙད་ཀྱི་རོལ་ར
- Re:ཐ་སྙད་ཀྱི་རོལ་ར
- Re:༥ ༡༡ མ་ཡུམ།
- Re:ཞིམ་མངར་དཀྲུག་ཇ
- Re:ཞིམ་མངར་དཀྲུག་ཇ
- Re:གཡས་རུའི་ཨ་ཁྲིད
- Re:ཞིམ་མངར་དཀྲུག་ཇ
- Re:ཞིམ་མངར་དཀྲུག་ཇ
- Re:ཞིམ་མངར་དཀྲུག་ཇ
འཚོ་བའི་རླབས་རིས་སུ་བརྩེན་པའི་ལྦུ་བ།།
དད་དང་འདུན་པའི་ངོ་གདོང་མ་མཐོང་སྐོར་ཕྱག་གྲངས་ཀྱིས་ལོ་ཟླ་ཟོས།།
ངེས་འབྱུང་བུ་མོའི་རུམ་ཁ་མ་ཕྱེས་མཚམས་སྤྲིན་ཀློང་དུ་ཐོལ་གྱིས་ཐོན།།
འཇའ་ཚོན་ཁྲོད་ཀྱི་བྱིས་སྦ་ཞིག་གིས་འགྲོ་བའི་རྡོག་སྣེ་གང་དུ་བཏོད།།
འཆད་རྩོད་རྩོམ་སྒྲུབ་བྱ་བའི་འཁོར་ལོས་རང་གཞུང་བརྒྱ་ཕྲག་མཇལ་བ་ན།།
རབ་བརྒྱད་སྟོན་མཆོག་ཁྲི་གཙུག་གཤེན་ཞེས་སོར་བཅུ་དཔྲ་བར་ལེན་བཞིན་དུ།།
ཁོ་བོ་ལས་གཞན་འབྱོར་ལྡན་མེད་ཅེས་ཁེངས་པའི་སྙིང་རྩ་དྲག་ཏུ་འཕར།།
ལོ་རྒྱུས་རྒན་པོའི་ངག་སྒྲོས་ཐན་ཐུན་ཕྱོགས་ཀྱི་ལོ་ལར་འཕྱན་པ་ན།།
བརྡོལ་བོན་བསྒྱུར་བོན་དམར་བོན་བོན་ཞེས་སྒྲ་འཛིན་བུ་ག་བཙག་པའི་ཚེ།།
མི་ཚེ་ཐུང་ངུའི་འགྲོ་སྟོང་འཆུག་གམ་སུ་ཡིས་བཟོས་པའི་ནག་ཉེས་ཡིན།།
སེམས་བསྐྱེད་སྐྱབས་འགྲོའི་རྣམ་བཞག་ཟབ་ཀྱང་མུ་སྟེགས་ལོག་པའི་འཁྱལ་བོན་ཞིག།
སྤང་བསྒྱུར་གྲོལ་བའི་གཞུང་ལུགས་མཆིས་ཀྱང་རྒྱ་གར་བན་དེའི་བསྒྱུར་བོན་ཞིག།
གཡུང་དྲུང་བོན་པོའི་སེམས་ཁོངས་དཀྱིལ་དུ་འདི་དག་ཅུང་ཟད་བཟོད་ལགས་སམ།།
སྤུ་རྒྱལ་བཙན་པོའི་རྒྱལ་ཁབ་དང་པོ་གོ་ལོའི་ལྗོངས་འདིར་སུ་ཡིས་བསྐྲུན།།
སྲོང་བཙན་སྒམ་པོས་མཐའ་བཞི་འདུལ་བར་ཐོག་མའི་རྨང་གཞི་གང་ནས་བླང་།།
རྒྱ་གར་བན་དེའི་གཡོ་འཕྲུལ་ཞིག་གིས་ང་ལ་ལྕི་བའི་ནག་ཉེས་ཤིག།
གཤེན་བསྟན་པད་མོས་གངས་རི་མཛེས་ཚེ་བོད་རྒྱལ་བཙན་པོ་ལྷ་ལས་བབས།།
བོན་གཤེན་རྔ་ཐོགས་མདུན་གྲལ་བསྟར་ཚེ་ཕྱོགས་ཀྱི་རྒྱལ་ཁབ་སྙིང་རྩ་འདར།།
འོན་ཏེ་གོ་རྟོགས་དབེན་པའི་ཆོས་རྒྱལ་དེ་ཚོས་རང་གི་རིགས་རྒྱུད་བཤས་རར་བསྐྱལ།།
སྒྲུང་ལྡེའུ་བོན་གྱི་དཔལ་ཁ་མཐོ་དུས་གཡག་རྒོད་ངུར་བའི་གཅན་གཟན་དཀྲོག།
བཅུ་གཉིས་ཤེས་བྱའི་རྦ་ཀློང་དག་ལས་སྲིད་པའི་དཔའ་གཏམ་བདག་གིར་བྱས།།
མིག་རྒྱང་ཐུང་བའི་བློན་ངན་དེ་ཚོས་གངས་རིའི་རྣམ་ཤེས་འཁྱགས་ལ་སྦྱར།།
གྲོལ་བ་ཁོ་ནར་དོན་དུ་གཉེར་ཚེ་ཇི་ལྟར་ཡིན་ཡང་ཆོག་མོད་ཀྱང་།།
མི་རིགས་དང་ནི་བསྟན་པའི་ལ་རྒྱས་སེམས་ཀྱི་ལྷིང་འཇགས་དཀྲོག་པའི་ཚེ།།
བདེ་བའི་བསྟན་ལ་སྐད་ཅིག་ཚམ་ཡང་འདུག་པའི་བཟོད་གླག་ཁོ་བོར་བྲལ།།
༢༠༡༠ ལོའི་ཟླ་བ་༤པའི་ཚེས་༩ལ་བྲིས་སོ།།
- ཟིན་ཐོ་གོང་མ།ཕྱྭ་སྣང་གཏོ་ཡི་ཕན་འབྲས་དང་ལག་ལེན།།
- ཟིན་ཐོ་འོག་མ།ཆོས་དྲེད་ཆོས་ཀྱིས་མ་ཐུལ།།

གསེར་ས་ན་ཡོད་ན་འོད་གནམ་ན་ལོས་ཡོད། ཉི་མ་བར་སྣང་ན་ཡོད་ན་འོད་ཟེར་ས་སྟེང་ན་ལོས་ཡོད། སྤྲིན་དཀར་མཐོངས་ལམ་ན་ཡོད་ན་སྦྲང་ཆར་འཇིག་རྟེན་ལ་ལོས་སྩོལ་། འབྲུག་སྒྲ་སྤྲིན་ཀློང་ནས་ལྡིར་ན་རྔམ་སྒྲས་བླ་འོག་བསྒྱུར་ལོས་སྣང་། འཇའ་ཚོན་ལྷ་ལམ་ནས་ཤར་ན་མཚར་སྡུག་མི་ཡུལ་ལ་ལོས་གནང་། རླུང་བུ་སྟོང་དབྱིངས་ནས་ལྡང་ན་རྩི་མགོ་སྤང་གཞོངས་ནས་ལོས་གཡོ། རྫ་ཁོག་ཆུ་གཏེར་གྱིས་ཕྱུག་ན་རྫ་སྟེང་རྩི་ཏོག་ངང་ལོས་འཁྲུངས། མེ་ཏོག་སྤང་ཐང་ནས་བཞད་ན་བུང་བ་རྒྱང་རིང་ནས་ལོས་ཐོན། འོ་མ་མཁར་ཟངས་སུ་གཏམས་ན་ངད་ཁ་ཕྱོགས་ཀུན་ཏུ་ལོས་ཁྱབ།
