
- ཀ་ཐོ་སེམས་ཀྱི་དབྱི
- དབྱངས་སྙན་འཇོལ་མོའ
- བོན་བསྟན་ཅི་ཙམ་གནས
- གཡུང་དྲུང་ཡན་ལག་ཚི
- སེམས་ཀྱི་གད་རྒྱངས།
- དགོས་ན་ལོངས།
- ཐ་སྙད་ཀྱི་རོལ་རྩེད
- བསམ་པའི་སྡུག་བསྔལ།
- ཞིམ་མངར་དཀྲུག་ཇའི་
- གཡས་རུའི་ཨ་ཁྲིད་ཆེ
- ༥ ༡༡ མ་ཡུམ།
- རྗེ་ཏ་པི་ཧྲི་ཙའི་ར
- རྒྱལ་གཤེན་རྗེས་དྲན
- ཕྱེ་མར་མཆོད།།
- རྫོང་དྲུག་ཡུལ་གྱི་
- སེམས་ཀྱི་རླབས་སྒྲ།
- ཆང་གཞས།།
- བོད་དང་བོན།
- འཕྲིན་ལས་ཟབ་མོའི་འ
- རྣམ་དཔྱོད་འགྲན་པའི
- པན་ཆེན་སྐུ་ཕྲེང་རི
- རིགས་སྒྲའི་ཁྲོད་ཀྱ
- དགེ་རྒན་དུས་ཆེན་ལ།
- ཐ་སྙད་ཀྱི་རོལ་རྩེད
- དམངས་ཀྱི་སྐུ་གཤེན།
- དཔེ་རྩིས་བཀླག་པའི་
- དཔལ་རིས་ཡུལ་གྱི་སྐ
- རྨེའུ་དཔལ་ཆེན་གྱི་
- སྐྱོ་དབྱངས།།
- ཡེ་གཤེན་བཀོད་པ་དོན
- Re:གཡུང་དྲུང་ཡན་ལག
- Re:གཡུང་དྲུང་ཡན་ལག
- Re:གཡུང་དྲུང་ཡན་ལག
- Re:གཡུང་དྲུང་ཡན་ལག
- Re:གཡུང་དྲུང་ཡན་ལག
- Re:སེམས་ཀྱི་གད་རྒྱ
- Re:དགོས་ན་ལོངས།
- Re:གཡས་རུའི་ཨ་ཁྲིད
- Re:འཕྲུལ་ངག་བདེན་པ
- Re:ཐ་སྙད་ཀྱི་རོལ་ར
- Re:ཐ་སྙད་ཀྱི་རོལ་ར
- Re:ཐ་སྙད་ཀྱི་རོལ་ར
- Re:ཐ་སྙད་ཀྱི་རོལ་ར
- Re:༥ ༡༡ མ་ཡུམ།
- Re:ཞིམ་མངར་དཀྲུག་ཇ
- Re:ཞིམ་མངར་དཀྲུག་ཇ
- Re:གཡས་རུའི་ཨ་ཁྲིད
- Re:ཞིམ་མངར་དཀྲུག་ཇ
- Re:ཞིམ་མངར་དཀྲུག་ཇ
- Re:ཞིམ་མངར་དཀྲུག་ཇ
སྣང་སྲིད་རྒྱན་དུ་ཤར་བའི་ལྡིང་ཁང་དུ།།
རིག་པའི་སྟོང་དབྱལ་འཚོ་བའི་རོལ་མོ་དཀྲོལ།།
དངོས་ཀུན་རླབས་སུ་རྩེན་པའི་དབྱིངས་རིག་གིས།།
ཤེས་བྱ་རོལ་པ་བྱེ་བ་གཤིས་སུ་གཟུང་།།
ཀུན་རྟོག་ཆུ་འཛིན་དཀྲིགས་པའི་ཐུ་འོག་ན།།
མ་ལོ་ཉིན་བྱེད་གཞོན་ནུ་རང་སྣང་གི།།
འོད་ཟེར་དབྱངས་རྟ་དུ་མའི་རྒྱ་ལ་འཐུམ།།
བུ་ཆུང་ས་མཐའ་འགྲེམ་པའི་མཐའ་མ་རེག།
རང་གཟུགས་དགྲ་རུ་ཞེན་པའི་གདོང་ལྔ་པ།།
ཐོག་མའི་རྒན་མོ་ལང་བའི་ཆོ་གར་རྩོམ།།
འདུ་བྱེད་རྣམས་ཤེས་རྒྱལ་འཁོར་འབུམ་སྡེས་ཀྱང་།།
རིཊ་ཀྱི་ཕ་གཞིས་དྲོན་མོ་བཙན་གྱིས་གཟུངས།།
རྟོག་ཚོགས་ཁྱི་རྒོད་ཨ་ཡིག་ཞག་པ་ཡིས།།
འདོགས་པའི་འདུ་བྱེད་ཤ་ཚུགས་བསྲང་བ་ན།།
ཕྲ་རགས་དྲན་པའི་ཧབ་ཆ་རེ་རེས་ཀྱང་།།
སེམས་ཀྱི་གསང་བ་དུས་གསུམ་བར་དུ་འཕྱོ།།
དྲན་པའི་གཉུག་ཐག་ཚོགས་དྲུག་དབལ་གྱིས་བཅད།།
བསམ་པའི་འོ་མཚོ་ཆགས་སྡང་དབྱུ་གུས་བསྲུབས།།
ལྷིང་འཇགས་བསམ་གཏན་ཆར་གྱི་ཟེགས་མ་རེ།།
རྟོག་འཛིན་སེམས་ཀྱི་མེ་འུབས་བར་ན་ལྷུང་།།
དང་པོའི་རྦུབ་ཆུ་གཡང་གཟར་ངོགས་སུ་བསྐྱོད།།
བར་དུ་གཙང་པོ་དལ་འབབ་གཞུང་ནས་བརྒྱུད།།
ཐ་མའི་མཚོ་མོ་གཡོ་མེད་ལྟེམ་གྱིས་འཁྱིལ།།
མ་བུ་ལྷན་འཛོམ་ཞིག་གི་སྟ་གོན་ཡིན།།
དགུང་སྔོན་མཛེས་མའི་ཆུ་འཛིན་གཡང་ལ་བུད།།
སྣང་བྱེད་ཉི་ཟླ་ལྷ་ཡི་ལམ་དུ་བརྩེན།།
འཇའ་ཚོན་རོལ་དབྱངས་རང་གི་རྒྱན་དུ་སྒེག།
མ་བུ་དགྱེས་འཛོམ་བྱེད་པའི་དགའ་སྟོན་རྩོམ།།
རྟོག་ཚོགས་འབངས་ཀྱི་གྱེན་ལོག་ཞི་འཇགས་བྱེད།།
རིགས་ཀྱི་རྒྱལ་སྲས་རང་གི་ཁྲི་ལ་བརྩེན།།
མ་རིག་དམག་གི་དཔུང་ཚོགས་ཕྱེ་མར་བརླགས།།
སྣང་སྲིད་ཆབ་འོག་གཅིག་གི་དར་ཆ་བསྒྲེང་།།
ཁྱེད་ཞལ་དགུང་གི་མཐའ་རྒྱ་མ་ཆོད་པའི།།
རྒོད་པོ་སྤུ་གྲི་རེག་པའི་གཤོག་རྒྱང་འཐོར།།
ལྟ་བ་ཁྱུང་ཆེན་རླབས་ཀྱིས་བསྐྱོད་པ་ལས།།
རྟོག་བློ་བྱ་ཕྲན་ཁྲོན་པའི་སྦལ་པ་མཐོང་།།
མེད་མུག་དབུལ་པོའི་ཚོགས་ཀྱི་རིགས་པ་ལས།།
སྣང་སྲིད་རྒྱན་དུ་རྫོགས་པའི་འབྱོར་ལྡན་ཞིག།
ཁ་བའི་ལྗོངས་ཀྱི་གཡུ་ཤུག་འདབ་རྒྱས་ཁྲོད།།
ཁྱུ་བྱུག་སྔོན་མོའི་མགྲིན་དབྱངས་སྙན་སོང་ལོ།།
- ཟིན་ཐོ་གོང་མ།གཤེན་གྱི་དཀའ་ཐུབ།།
- ཟིན་ཐོ་འོག་མ།གཤེན་གླུ་ཚངས་པའི་དེའུ་དབྱངས།