ཧི་བོན་ཟིན་བྲིས།
ཁྱུང་།
སྤྱི་བསྒྲགས།
     

ལི་ཐོ།
    <<  < 2021 - 10 >  >>
    1
    2345678
    9101112131415
    16171819202122
    23242526272829
    3031
ཆེད་སྒྲིག་རྣམ་དབྱེ།
པར་མཛོད།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
ནང་འཇུག
དྲ་གྲོགས།
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
གཤེན་གྱི་དཀའ་ཐུབ།། | 2011/10/5 17:01:00

 

གཤེན་གྱི་དཀའ་ཐུབ།།

 

མཐུ་རྩལ་བདུད་སྡེའི་དཔུང་རྣམས་སྐྱེང་སྟེར་ཞིང་།།

ཕུན་ཚོགས་ལྷ་དབང་དཔལ་ལ་འགྲན་བདོ་ཡང་།།

དབེན་པའི་གནས་སུ་གཅིག་པུར་སྙོམས་འཇུག་པའི།།

དཀའ་བ་ཐུབ་པར་མཛད་ལ་ཕྱག་འཚལ་ལོ།།

 

གོང་སྐུ་ཚོགས་གཉིས་གཏེར་ལས་འོང་བ་བཞིན།།

ཕུན་ཚོགས་སྐྱེའི་རྒུའི་སྐལ་བ་ཕམ་པར་བྱེད།།

རི་ཀླུང་རིན་ཆེན་བྱེ་བས་ཁེངས་པ་ལ།།

ཕལ་རྣམས་འདོད་པས་ཡིད་བརྟན་ཀུན་ཏུ་བྲལ།།

 

རྒྱལ་བ་ཁྱེད་ཉིད་གཟིགས་བཞིན་བྱོན་པའི་མོད།།

འབྱོར་བའི་གཏེར་རྣམས་མཆིལ་མ་བཞིན་དོར་བས།།

དྲེགས་ཕྱོགས་སེམས་སུ་སྔོན་མེད་སོམ་ཉིའི་རོ།།

དུ་མ་སྤུངས་འདིས་ཐབས་ཀྱི་གོ་ཆ་བཙན།།

 

བྱ་སྤྲེལ་ཟུང་དང་སྡོང་པའི་དཀའ་ཐུབ་ཀྱིས།།།

རྨད་བྱུང་མཚན་དཔེའི་གཟི་མདངས་ཉམས་པ་ལ།།

བདུད་སྡེའི་དད་པའི་སེམས་ནི་འཕེལ་བྱས་ཤིང་།།

འཁོར་ཕྱོགས་ལོག་པའི་ཀུན་རྟོག་རྒྱས་པར་གྱུར།།

 

ཚིགས་གསང་གོར་ཞིང་འཁྱིལ་པའི་མཚན་དཔེ་ཡང་།།

རུས་ལྷུ་རྨོངས་པས་གྲངས་སུ་ཐེགས་པ་ལ།།

ཁྱབ་པའི་སེམས་ལ་དོགས་པའི་རླབས་རིས་ནི།།

མི་ལྷུང་ཕྲེང་བའི་དཔེ་ཟླར་ཅི་ཡང་འོས།།

 

ཤིང་ལོའི་ཆུ་ཐིགས་ཨུ་མེར་མཆོག་རྩེ་རེ།།

རོལ་བའི་ལེགས་བྱས་བགྲང་བྱ་དུ་མའི་ཡུན།།

སྟོན་པས་འགྲོ་རྣམས་དད་པའི་མེ་ཏོག་གིས།།

བདུད་དམག་དང་བཅས་སྐལ་བཟང་ཞིང་སར་སོན།།

 

རྣམ་དག་གཙང་གཙུག་དག་པ་དཀའ་ཐུབ་དང་།།

དགེ་བརྙེན་བསྙེན་གནས་དྲང་སྲོང་རྒྱལ་བའི་སྡེ།།

ཕོ་མོའི་རིགས་སུ་དག་པའི་ཚུལ་གནས་པས།།

ས་སྐྱོང་ཕལ་རྣམས་མངའ་རིས་སྟོངས་ཀྱིས་དོག།

 

གདུལ་བྱ་དང་པོ་རང་སེམས་ཆོམས་པ་ན།།

བདུད་བཞི་འཁོར་བཅས་རང་སར་ཞི་བ་སྟེ།།

གཤེན་རབ་རྣམ་དག་དཀའ་ཐུབ་ཚུལ་གནས་པས།།

ཁྱབ་པའི་སེམས་སུ་ཞི་བདེའི་གཏེར་གྱིས་ཁེང་།།

 

དེ་ལྟའི་ལྟ་བ་ཡས་ཕུབ་སྤྱོད་པ་ནི།།

མས་འཛེགས་དཀའ་ཐུབ་དག་པའི་མཛད་འཕྲིན་གྱིས།།

ཕུན་ཚོགས་གཏེར་མཛོད་བུ་ལ་བྱོ་བ་ཡི།།

གཤེན་རྒྱལ་ལྷ་མིའི་གཙོ་བོ་ཁྱེད་མིན་སུ།།

༢༠༡༡-༩-༢༨གཤེན་གྱི་དཀའ་ཐུབ་ཀྱི་སྐབས་སུའོ།།

རྩོམ་ཡིག་འདི་གཤམ་གྱི་ཚོགས་མིས་ལེགས་འདེམས་བྱས་ཟིན།
དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
སྒྲོམ་གཞི་སྒྲིག་བཟོ་བ། མཁའ་ཚེ།
Powered by Oblog.