
- ཀ་ཐོ་སེམས་ཀྱི་དབྱི
- དབྱངས་སྙན་འཇོལ་མོའ
- བོན་བསྟན་ཅི་ཙམ་གནས
- གཡུང་དྲུང་ཡན་ལག་ཚི
- སེམས་ཀྱི་གད་རྒྱངས།
- དགོས་ན་ལོངས།
- ཐ་སྙད་ཀྱི་རོལ་རྩེད
- བསམ་པའི་སྡུག་བསྔལ།
- ཞིམ་མངར་དཀྲུག་ཇའི་
- གཡས་རུའི་ཨ་ཁྲིད་ཆེ
- ༥ ༡༡ མ་ཡུམ།
- རྗེ་ཏ་པི་ཧྲི་ཙའི་ར
- རྒྱལ་གཤེན་རྗེས་དྲན
- ཕྱེ་མར་མཆོད།།
- རྫོང་དྲུག་ཡུལ་གྱི་
- སེམས་ཀྱི་རླབས་སྒྲ།
- ཆང་གཞས།།
- བོད་དང་བོན།
- འཕྲིན་ལས་ཟབ་མོའི་འ
- རྣམ་དཔྱོད་འགྲན་པའི
- པན་ཆེན་སྐུ་ཕྲེང་རི
- རིགས་སྒྲའི་ཁྲོད་ཀྱ
- དགེ་རྒན་དུས་ཆེན་ལ།
- ཐ་སྙད་ཀྱི་རོལ་རྩེད
- དམངས་ཀྱི་སྐུ་གཤེན།
- དཔེ་རྩིས་བཀླག་པའི་
- དཔལ་རིས་ཡུལ་གྱི་སྐ
- རྨེའུ་དཔལ་ཆེན་གྱི་
- སྐྱོ་དབྱངས།།
- ཡེ་གཤེན་བཀོད་པ་དོན
- Re:གཡུང་དྲུང་ཡན་ལག
- Re:གཡུང་དྲུང་ཡན་ལག
- Re:གཡུང་དྲུང་ཡན་ལག
- Re:གཡུང་དྲུང་ཡན་ལག
- Re:གཡུང་དྲུང་ཡན་ལག
- Re:སེམས་ཀྱི་གད་རྒྱ
- Re:དགོས་ན་ལོངས།
- Re:གཡས་རུའི་ཨ་ཁྲིད
- Re:འཕྲུལ་ངག་བདེན་པ
- Re:ཐ་སྙད་ཀྱི་རོལ་ར
- Re:ཐ་སྙད་ཀྱི་རོལ་ར
- Re:ཐ་སྙད་ཀྱི་རོལ་ར
- Re:ཐ་སྙད་ཀྱི་རོལ་ར
- Re:༥ ༡༡ མ་ཡུམ།
- Re:ཞིམ་མངར་དཀྲུག་ཇ
- Re:ཞིམ་མངར་དཀྲུག་ཇ
- Re:གཡས་རུའི་ཨ་ཁྲིད
- Re:ཞིམ་མངར་དཀྲུག་ཇ
- Re:ཞིམ་མངར་དཀྲུག་ཇ
- Re:ཞིམ་མངར་དཀྲུག་ཇ

མཁའ་ལ་འཕྱུར་བའི་སེམས་ཀྱི་རླབས་རིས།
ཟབ་རྒྱས་ཤེས་བྱ་ཡངས་པའི་མཚོ་ངོགས་ལས།།
གཞུང་དོན་དགོས་འབྱུང་བདག་གིར་བྱེད་པ་ལ།།
ཐོས་བསམ་གཟེངས་ཆེན་དལ་གྱིས་བསྐྱོད་པའི་རླབས།།
རྟགས་ཚུལ་རིགས་པའི་དབྱངས་སྙན་ནོར་གྱི་དཔལ།།
འདོད་དོའི་ངག་གིས་ཁས་ལེན་རབ་བྱེདཅིང་།།
རྟགས་དང་ཁྱབ་པའི་རྒོལ་བ་སུན་ཡང་འབྱིན།།
རང་གཞུང་བཙོ་མའི་གསེར་ལ་སྦྲུན་པ་ཡི།།
ཤེས་བྱའི་སྣང་བརྙན་བསྐྲུན་པའི་དམ་བཅའ་ཡིན།།
ཇི་སྙེད་ཤེས་བྱ་ནམ་མཁའི་ཆོ་འཕྲུལ་ལ།།
གཞིགས་པའི་བློ་གྲོས་ཁྱུང་གི་གཤོག་རླབས་ཀྱིས།།
སོ་སོར་རྟོགས་པའི་མཐུ་ལ་དབང་ཕྱོགས་པའི།།
རྩོད་ངག་རིགས་པའི་གླུ་དབྱངས་རབ་སྙན་སྒྲོག།
བསྒྲུབ་དང་སུན་འབྱིན་རྣོ་ལྕགས་ལས་གྲུབ་པའི།།
ལུང་གི་མདའ་མོ་རིག་པའི་གཞུར་སྐྱོན་ཏེ།།
ལོག་རྟོག་ཕས་རྒོལ་ལྐོག་མར་འབྱིན་པ་ལ།།
རྒྱལ་ཀུན་དགྱེས་པའི་རོལ་མོ་ཅི་ཡང་བརྡུང་།།
ཕྱོགས་ཀྱི་འཁོར་ལོ་བསྐོར་བའི་ཟིལ་ཤུགས་ཀྱིས།།
རྟགས་ཀྱི་སུན་འབྱིན་སྙིང་གི་སྲུབ་ཀར་ཡལ།།
ཁྱབ་པའི་མེ་ལྕེ་མཆེད་པའི་དབལ་རྔམ་ལ།།
ལན་གྱིས་ཟློག་མིན་རྒོལ་ངན་ཧད་དེར་ལུས།།
ཚུལ་གསུམ་འཕེན་པའི་ཐལ་བ་ལས་འོང་པའི།།
འཁོར་གསུམ་རྒྱོགས་རྡོ་འགས་པའི་རྔམ་ཟིལ་ལ།།
ལན་གསུམ་གོ་ཆ་དབེན་པའི་བྱིས་པ་ཚོར།།
དཔྱད་གསུམ་རྣམ་པར་དག་པའི་ངེས་པ་སྦྱིན།།
དགག་བསྒྲུབ་རིགས་པའི་གསང་ཀ་ནས་མཆེད་པའི།།
ཐོས་བསམ་རྒྱུ་བ་དག་པའི་ལམ་སྟེགས་སུ།།
རྒྱལ་བས་འགྲོ་རྣམས་དགྱེས་བཞིན་འགོད་པ་ན།།
ཚུལ་འདི་ལོག་པར་ཞེན་པ་ཐོས་ཆུང་གཤིས།།
གཏོལ་མེད་མུན་པའི་ཁུང་བུར་གླེན་སྒོམ་གྱིས།།
སྒོམ་ཆེན་ཕྱི་བའི་སྟ་གོན་བྱེད་པ་ལས།།
དངོས་ཀུན་སྣང་བ་འོ་ཆུ་འབྱེད་པའི་རྩི།།
དགག་སྒྲུབ་བསྟན་པའི་སྙིང་པོ་ཁོ་ནར་གསུངས།།
རྒྱལ་བསྟན་སྲིད་མཐར་རྒྱུ་བའི་ཆོ་ག་ལ།།
ཐོས་བསམ་ངང་མོའི་འགྲོས་ཀྱིས་སྐྱོང་བ་ཡི།།
འཆད་རྩོད་སྦྲང་རྩིའི་རྒྱུན་གྱི་དགའ་སྟོན་དུ།།
སེམས་དཔའི་སྤྱོད་པ་ཡང་དག་འདི་ལས་ཅི།།
རིགས༵་པའི་ལ་ལུང་བསྒྲོད་པ་དམ་པའི་སྲོལ།།
འཛིན་པའི་རྗེས་བྱེད་གདམ་ཟམ་དབྱངས་སྙན་གྱི།།
དགའ་སྟོན་སྐྱེ་རྒུའི་དཔལ་དུ་བསྐྲུན་པ་ཡི།།
སྒྲ༵་ཆེན་དྷི་སྐད་ཁྲོད་ནས་ཐོལ་གྱིས་བྲིས།།
༢༠༡༡ལོའི་རིགས་སྒྲའི་སྐབས་སུ། ༢༠༡༡/༩/༢༢ཉིན་བྲིས།།
- ཟིན་ཐོ་གོང་མ།དཔག་གཏམ།།
- ཟིན་ཐོ་འོག་མ།གདམས་པས་བསྐུལ་བའི་ངག་རྟ།།