ཧི་བོན་ཟིན་བྲིས།
ཁྱུང་།
སྤྱི་བསྒྲགས།
     

ལི་ཐོ།
    <<  < 2021 - >  >>
    1234567
    891011121314
    15161718192021
    22232425262728
    293031
ཆེད་སྒྲིག་རྣམ་དབྱེ།
པར་མཛོད།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
ནང་འཇུག
དྲ་གྲོགས།
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
དཔག་གཏམ།། | 2012/1/6 14:00:00

  དཔག་གཏམ།

རྩོལ་བཅས་སྙིང་པོར་མི་རེ་བའི།།

གཡུང་དྲུང་བོན་ལ་ཕྱག་འཚལ་ལོ།།

མངོན་རྫོགས་ལྷ་ཡི་དཔལ་མིན་པར།།

རྟོག་བཅས་བློ་ཡིས་མི་བཞག་ལ།།

ཇི་བཞིན་སོ་མ་བཞག་པ་ལས།།

བློ་བྱས་ལྟ་བ་སྒོམ་མ་མྱོང་།།

གཞན་དོན་ལྷུར་རུ་ལེན་མིན་པར།།

རང་དོན་ཡིད་ལ་བྱེད་མ་མྱོང་།།

སྤྱོད་པ་མས་ནས་འཛེགས་མིན་པར།།

 བདེན་པ་ཁྱད་དུ་བསད་མ་མྱོང་།།

དོན་གཉིས་ལྷུར་རུ་ལེན་མིན་པར།།

ཉིན་འཚེའི་དགྲ་བོ་བཅོམ་མ་མྱོང་།།

ལུགས་གཉིས་མཉམ་དུ་ཆགས་མིན་པར།།

སྲིད་ཀྱི་དར་ཐག་གཅོད་མ་མྱོང་།།

ཆུ་བརྒྱ་ཟབ་གཅིག་འདུས་མིན་པར།།

བོན་བརྒྱའི་ལྟ་བ་འགལ་མ་མྱོང་།།

བདག་མེད་ཁ་ཡིས་ཁྱེར་མིན་པར།།

ཕྲ་རག་བདག་གང་ཡོད་མ་མྱོང་།།

སྙིང་རྗེ་སྔོན་དུ་མ་སོང་བར།།

 གཡུང་དྲུང་འཕྲིན་ལས་གཉེར་མ་མྱོང་།།

སྣང་སྲིད་ལྷ་སྐུར་བཞེངས་མིན་པར།།

སྒྱུ་མ་ཉམས་སུ་ལེན་མ་མྱོང་།།

ཐེག་སྒོ་གྲོགས་སུ་མ་ཁྱེར་བར།།

བདེར་གཤེགས་བཀའ་ལས་འདས་མྱོང་།།

 

 

རྩོམ་ཡིག་འདི་གཤམ་གྱི་ཚོགས་མིས་ལེགས་འདེམས་བྱས་ཟིན།
དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
སྒྲོམ་གཞི་སྒྲིག་བཟོ་བ། མཁའ་ཚེ།
Powered by Oblog.