
- ཀ་ཐོ་སེམས་ཀྱི་དབྱི
- དབྱངས་སྙན་འཇོལ་མོའ
- བོན་བསྟན་ཅི་ཙམ་གནས
- གཡུང་དྲུང་ཡན་ལག་ཚི
- སེམས་ཀྱི་གད་རྒྱངས།
- དགོས་ན་ལོངས།
- ཐ་སྙད་ཀྱི་རོལ་རྩེད
- བསམ་པའི་སྡུག་བསྔལ།
- ཞིམ་མངར་དཀྲུག་ཇའི་
- གཡས་རུའི་ཨ་ཁྲིད་ཆེ
- ༥ ༡༡ མ་ཡུམ།
- རྗེ་ཏ་པི་ཧྲི་ཙའི་ར
- རྒྱལ་གཤེན་རྗེས་དྲན
- ཕྱེ་མར་མཆོད།།
- རྫོང་དྲུག་ཡུལ་གྱི་
- སེམས་ཀྱི་རླབས་སྒྲ།
- ཆང་གཞས།།
- བོད་དང་བོན།
- འཕྲིན་ལས་ཟབ་མོའི་འ
- རྣམ་དཔྱོད་འགྲན་པའི
- པན་ཆེན་སྐུ་ཕྲེང་རི
- རིགས་སྒྲའི་ཁྲོད་ཀྱ
- དགེ་རྒན་དུས་ཆེན་ལ།
- ཐ་སྙད་ཀྱི་རོལ་རྩེད
- དམངས་ཀྱི་སྐུ་གཤེན།
- དཔེ་རྩིས་བཀླག་པའི་
- དཔལ་རིས་ཡུལ་གྱི་སྐ
- རྨེའུ་དཔལ་ཆེན་གྱི་
- སྐྱོ་དབྱངས།།
- ཡེ་གཤེན་བཀོད་པ་དོན
- Re:གཡུང་དྲུང་ཡན་ལག
- Re:གཡུང་དྲུང་ཡན་ལག
- Re:གཡུང་དྲུང་ཡན་ལག
- Re:གཡུང་དྲུང་ཡན་ལག
- Re:གཡུང་དྲུང་ཡན་ལག
- Re:སེམས་ཀྱི་གད་རྒྱ
- Re:དགོས་ན་ལོངས།
- Re:གཡས་རུའི་ཨ་ཁྲིད
- Re:འཕྲུལ་ངག་བདེན་པ
- Re:ཐ་སྙད་ཀྱི་རོལ་ར
- Re:ཐ་སྙད་ཀྱི་རོལ་ར
- Re:ཐ་སྙད་ཀྱི་རོལ་ར
- Re:ཐ་སྙད་ཀྱི་རོལ་ར
- Re:༥ ༡༡ མ་ཡུམ།
- Re:ཞིམ་མངར་དཀྲུག་ཇ
- Re:ཞིམ་མངར་དཀྲུག་ཇ
- Re:གཡས་རུའི་ཨ་ཁྲིད
- Re:ཞིམ་མངར་དཀྲུག་ཇ
- Re:ཞིམ་མངར་དཀྲུག་ཇ
- Re:ཞིམ་མངར་དཀྲུག་ཇ
དཔལ་གྱི་སྟེང་ཆེན།
བསོད་ནམས་སྐལ་བས་ས་ལ་འཕོས་པ་སུམ་རྩེན་ཡུལ་གྱི་དུམ་བུ་སྟེ།།
རྨ་བྱའི་མགྲིན་མདངས་ཟླ་བའི་གཙུག་རྒྱན་ནགས་ཀླུང་དགུང་གི་ཀ་བ་ཅན།།
ཞོ་གསར་སྤུང་དང་གསེར་འོད་རི་ཚོམ་ལག་ལྡན་སོ་ཡི་ཕྲེང་བ་བསྟར།།
དུངས་སེམས་ཀྱིས་བསྐྲུན་དཔལ་གྱི་ཞིང་ཁམས་ཨེ་མ་དགེ་མཚན་ཅི་ཡང་འབར།།
སྤེན་ནེ་རི་ཡི་རྟ་ནོར་ལུག་ཁྱུ་རྒུ་ཚིགས་ངོས་ཀྱི་སྐར་ཚོགས་བཀྲ།།
རྟ་ཤོད་པད་མོའི་འབྲུ་དྲུག་ལྗོན་ཕོན་མཛེས་མའི་ལན་བུ་རྣམ་པར་འཕྱང་།།
ཟལ་མོ་སྒང་གི་ཅང་ཤེས་སྒ་ཁྲིད་འདོད་རྒུ་གཡང་གི་དམུ་ཐག་བྲེས།
དཔལ་འབྱོར་སྟེང་གི་ཉ་མོ་མཚོ་འཁྱིལ་བཀྲ་ཤིས་རྟགས་ཀྱི་རི་མོ་བྲིས།།
གཡུ་ལུང་ཤེལ་བྲག་ཟླ་བོར་འབོད་པའི་གྱིམ་ཤོད་རྫོང་དྲུག་ཡུལ་ལྗོངས་མཛེས།།
བྲག་དམར་རི་མདུན་གསང་བའི་སྒྲུབ་གནས་མཐུ་བྱིན་སྟོང་གི་དབལ་ཁ་འབར།།
སྤུ་ཧྲོག་མཚོ་མོའི་རྨ་གཡང་གཏེར་འཛིན་ཀླུ་དབང་བུ་མོའི་ཁེངས་པ་འཕྲོག།
སྤུ་རྒྱལ་གངས་དཀར་ཞུང་ཞང་སྒོ་པའི་སྙིང་ཁར་འབར་བའི་ལ་རྒྱ་ཡིན།།
ཐ་གསུམ་རྩྭ་ཐང་སྤང་ལྗོངས་སྔོན་མོ་དཀར་ནག་ཕྱུགས་ཀྱི་ཕ་ཁྱིམ་དང་།།
ཤོད་གཉིས་ནས་ཞིང་གསེར་མདོག་སྙེ་མའི་རྒྱ་མཚོ་འཁྱིལ་བའི་གུར་ཁང་སྟེ།།
་གསུམ་ཞིང་འབྲོག་དཔལ་འབྱོར་སྟོང་གི་འཕེལ་ཁ་དར་བའི་དགའ་སྟོན་དུ།།
ལུགས་གཉིས་འོ་མའི་རླབས་ཀྱི་འཁྲི་ཤིང་འཛིན་མའི་རྒྱན་དུ་ཡང་ཡང་ངོམ།།
བརྗིད་ཆགས་ས་འཛིན་སྤུ་རྒྱལ་གངས་རིས་ལྷུན་པོ་ཏི་སེའི་ངོ་མཚར་ཕམ།།
རབ་མཐོའི་ཏི་ཆགས་རི་རྔུ་གངས་ཀྱིས་ཇོ་མོ་གླང་མའི་མཛེས་པ་ཟུམ།།
མུ་འབྲེལ་རྟ་ཤོད་ཟལ་མོ་སྒང་གིས་ཁུ་ནི་རིའི་ཕྲེང་དམན་སར་འགོད།།
སྤུ་ཧྲོག་མཚོ་མོའི་རླབས་ཕྲེང་དེས་ཀྱང་མ་ཕམ་མཚོ་ལ་ལན་མོ་བྱེད།།
སྒྱུ་རྩལ་རས་པའི་ཤར་སྐོར་གཅིག་གིས་འཛམ་གླིང་ཡུལ་གྲུ་ཆུང་ངུར་བྱེད།།
སོར་མོའི་གར་སྟབས་ལྡོང་མདོའི་ལྷ་རིས་བི་ཤྭ་ཀརྨའི་ཕྱག་ལས་བླངས།།
ཡིག་རིས་ངོ་མཚར་ཁྱུང་བྲིས་ཞེས་པས་སམ་བོ་ཊ་ལ་སྐྱེངས་པ་སྟེར།།
དགེ་མཚན་རི་མོ་བསམ་ཞིང་བམས་ན་ཁྱོད་ལས་ལྷག་པའི་འཇིག་རྟེན་གང་།།
- ཟིན་ཐོ་གོང་མ།འཕྲུལ་ངག་བདེན་པ་གཡུང་དྲུང་བོན་གྱི་ཁམས་ཆེན་སྟོང་ཕྲག་བརྒྱ་པའི་དར་ནུབ།།
- ཟིན་ཐོ་འོག་མ།བོད་རྒྱལ་གྲི་གུམ་འདས་རྐྱེན་ཆ་ཙམ་བརྗོད་པ།།
