སྒང་ཚང་གཞིས་ཀ
 
ཟིན་བྲིས་ལི་ཐོ།
<<  < 2021 - 12 >  >>
1234567
891011121314
15161718192021
22232425262728
293031
སྤྱི་བསྒྲགས།

  ཟུངས་ཁྲག་དྲོན་མོའི་རྒྱུ་བ་མ་འགག་ཅིང།།

  རིན་ཆེན་སྲོག་གི་དམུ་ཐག་མ་ཆད་བར།།

  མ་ཡུམ་གངས་རིའི་པང་དུ་སྐྱེས་པའི་དོད།།

ལྷག་བསམ་འཕར་མའི་བསྣན་ཁ་སྤྲད་བར་འདོད།།

   དངོས་མིང་། སྒང་སྲས་དམུ་རྒྱལ་ཉི་མ། སྙུག་མིང་། ཁྱུང་མུ་ཝེར།

   ཁ་པར།  ༡༨༣༠༨༠༨༧༧༨༨

    qq    1750271917

ཆེད་སྒྲིག་རྣམ་དབྱེ།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
འཚོལ་བཤེར།
སྦྲེལ་མཐུད།
ཟིན་བྲིས་སྤྱི་བསྡོམས།
  • ཟིན་ཐོ། 35
  • དཔྱད་བརྗོད། 22
  • ཆེམས། 0
  • ཀློག་གྲངས། 8403


 
ཅི་ཞིག་རེད།
[ 2013/12/31 22:14:00 | By: ཁྱུང་མུ་ཝེར། ]
 

ཅི་ཞིག་རེད།

ཁྱུང་མུ་ཝེར།

ཉི་ཟླའི་མདངས་ལ་འགྲན་པའི།།

ལང་ཚོའི་ཁ་དོགས་འདི་ནི།།

མི་འདོད་བཀྲཌ་མདངས་ཤོར་ཉིན།།

ཉི་ཟླ་ནུབ་པ་ཨེ་རེད།།

 

གངས་རིའི་བཞིན་ལས་གྲུབ་པའི།།

ལྷད་མེད་ལྷག་བསམ་འདི་ནི།།

གྲོགས་ངན་རྐྱེན་གྱིས་བསླུས་ཉིན།།

གངས་རི་ཞུ་བ་ཨེ་རེད།།

 

ཆུ་བོའི་རྒྱུད་ལས་རིང་བའི།།

མ་འོངས་ཕུག་བསམ་འདི་ནི།།

ལེ་ལོ་གཡེང་བས་སྤུར་ཉིན།།

ཆུ་བོ་སྐམ་པ་ཨེ་རེད།།

 

རྒྱ་མཚོའི་གཏིང་ལས་ཟབ་པའི།།

རིགས་ལ་བརྩེ་བ་འདི་ནི།།

མི་བརྟན་འགྱུར་བ་བྱུང་ཉིན།།

རྒྱ་མཚོ་འཛད་པ་ཨེ་རེད།།

 

དམར་ཆུང་སྙིང་ལྟར་གཅེས་པའི།།

བརྩེ་གྲོཌ་འདང་ཅན་དེ་ཡི།།

གསང་གཏམ་ཕྱི་ལ་སྤྲིང་ཉིན།།

སྙིང་ཆུང་ཕྱུང་པ་ཨེ་རེད།།

 

༢༠༡༣/༡༠/༡༤

 
 
Re:ཅི་ཞིག་རེད།
[ 2014/1/7 23:51:05 | By: སྐུ་མགྲོན་1JAl1P(སྐུ་མགྲོན) ]
 
སྐུ་མགྲོན་1JAl1P(སྐུ་མགྲོན)

བཀླག་ཡོད། བྲོ་བ་ཧ་ཅང་གི་ཞིམ།

ཀློག་པ་པོ། དར་མས།
 
 
Re:ཅི་ཞིག་རེད།
[ 2015/4/5 19:27:10 | By: མེ་བཙཅ།(སྐུ་མགྲོན) ]
 
མེ་བཙཅ།(སྐུ་མགྲོན)ཡག་གི།
 
 
Re:ཅི་ཞིག་རེད།
[ 2015/4/5 19:30:18 | By: མེ་བཙའ།(སྐུ་མགྲོན) ]
 
མེ་བཙའ།(སྐུ་མགྲོན)ཡག་གི།
 
 
དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
Powered by Oblog.