སྒང་ཚང་གཞིས་ཀ
 
ཟིན་བྲིས་ལི་ཐོ།
<<  < 2021 - >  >>
12345
6789101112
13141516171819
20212223242526
27282930
སྤྱི་བསྒྲགས།

  ཟུངས་ཁྲག་དྲོན་མོའི་རྒྱུ་བ་མ་འགག་ཅིང།།

  རིན་ཆེན་སྲོག་གི་དམུ་ཐག་མ་ཆད་བར།།

  མ་ཡུམ་གངས་རིའི་པང་དུ་སྐྱེས་པའི་དོད།།

ལྷག་བསམ་འཕར་མའི་བསྣན་ཁ་སྤྲད་བར་འདོད།།

   དངོས་མིང་། སྒང་སྲས་དམུ་རྒྱལ་ཉི་མ། སྙུག་མིང་། ཁྱུང་མུ་ཝེར།

   ཁ་པར།  ༡༨༣༠༨༠༨༧༧༨༨

    qq    1750271917

ཆེད་སྒྲིག་རྣམ་དབྱེ།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
འཚོལ་བཤེར།
སྦྲེལ་མཐུད།
ཟིན་བྲིས་སྤྱི་བསྡོམས།
  • ཟིན་ཐོ། 35
  • དཔྱད་བརྗོད། 22
  • ཆེམས། 0
  • ཀློག་གྲངས། 8397


 
ང་ཚོ་སད་ན་བསམ།
[ 2015/9/18 22:15:00 | By: ཁྱུང་མུ་ཝེར། ]
 

ང་ཚོ་སད་ན་བསམ།

རྨོངས་དད་དྲེག་ཁེག་ཆགས་པའི་ཐུ་འོག་ན།།

ཡུན་རིང་གཉིད་ཤོར་ང་ཚོ་སད་ན་བསམ།།

གནའ་བོའི་སྲོལ་རྒྱུན་སྐྱེས་བུ་བཞིན་བཟང་ལ།།

དེང་རབས་རིག་པ་མནའ་མར་བསུས་ན་བསམ།།

 

སྙིང་རྗེ་ངག་ལ་བྱན་པའི་གདོང་དམར་བའི།།

མེས་པོའི་རྒྱུད་འཛིན་ང་ཚོ་སད་ན་བསམ།།

ཡོད་ཚད་ཕ་མར་སྒོམ་པའི་སྙིང་སྟོབས་ཅན།

དད་པའི་ཁོལ་པོ་ཙམ་ཞིག་མིན་ན་བསམ།།

 

རྣམ་ཤེས་ཁྲི་མ་འབུམ་གྱིས་སྲུང་ཡོད་པའི།།

ལོ་རྒྱུས་ཅན་གྱི་ང་ཚོ་སད་ན་བསམ།།

ཐལ་མོ་ཟླུམ་ཙམ་ཟླུམ་ཙམ་མ་ཡིན་པར།།

ཕ་སྐད་མ་ཡིག་འདི་ལ་འབད་ན་བསམ།།

 

ཁུག་ཆུང་ཞིག་ན་ཡུན་རིང་སྒོམ་བཞུགས་པའི།།

ཁྲོན་པའི་སྦལ་པ་ང་ཚོ་སད་ན་བསམ།།

ཕྱི་རོལ་རྣམ་པ་གསར་བའི་ཁོར་ཡུག་ལ།།

རྣམ་དཔྱོད་རིག་པས་མིག་བཤེར་བྱས་ན་བསམ།།

 

འདྲ་མཉམ་ལམ་ཁར་རྡོག་སྣེ་མ་འཁྱོར་བའི།།

དམུ་ལོང་ཁྱུ་ཚོགས་ང་ཚོ་སད་ན་བསམ།།

རྣམ་གསར་རིག་པའི་ལྡེ་མིག་ཅིག་བཙལ་ནས།།

མཁྲིགས་བཟུང་ཀླད་པའི་ལྕགས་ཟྭ་འབྱེད་ན་བསམ།།

 

ལྟོ་རྒྱབ་ཆེད་དུ་ཉིན་འདུར་མཚན་འདུར་བའི།།

སྤུ་མེད་ཕག་པ་ང་ཚོ་སད་ན་བསམ།།

ཟ་གོས་ཙམ་ལ་མགོ་བོ་མི་འཁོར་བར།།

གནའ་དེང་རིག་ཟུང་ལམ་སྣེ་ཟིན་ན་བསམ།།

 

ཉ་ཉུང་རྩམ་ཕྱུར་འདྲེས་མའི་རི་ཁུག་ན།།

བསམ་མེད་སྨྱོ་པ་ང་ཚོ་སད་ན་བསམ།།

ཚན་རྩལ་རིག་པའི་གསོས་སྨན་ལ་བརྟན་ནས།།

སེམས་ཁམས་སྙོམ་འགྲིག་ཐབས་ལམ་འབད་ན་བསམ།།

 

འཁྱར་མ་འཁྱོར་གྱིས་གོམ་པའི་ཚུག་ཀ་ཅན།།

ལད་མོར་གོམ་པའི་ང་ཚོ་སད་ན་བསམ།།

གསར་དད་མི་ཆེ་རྙེང་ཞེན་མི་མང་བར།།

རིག་པས་རིག་པའི་ལམ་ལ་སྐྱོད་ན་བསམ།།

 

                         ༢༠༡༥//༣༡/

 
 
དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
Powered by Oblog.