སྒང་ཚང་གཞིས་ཀ
 
ཟིན་བྲིས་ལི་ཐོ།
<<  < 2021 - >  >>
1234567
891011121314
15161718192021
22232425262728
2930
སྤྱི་བསྒྲགས།

  ཟུངས་ཁྲག་དྲོན་མོའི་རྒྱུ་བ་མ་འགག་ཅིང།།

  རིན་ཆེན་སྲོག་གི་དམུ་ཐག་མ་ཆད་བར།།

  མ་ཡུམ་གངས་རིའི་པང་དུ་སྐྱེས་པའི་དོད།།

ལྷག་བསམ་འཕར་མའི་བསྣན་ཁ་སྤྲད་བར་འདོད།།

   དངོས་མིང་། སྒང་སྲས་དམུ་རྒྱལ་ཉི་མ། སྙུག་མིང་། ཁྱུང་མུ་ཝེར།

   ཁ་པར།  ༡༨༣༠༨༠༨༧༧༨༨

    qq    1750271917

ཆེད་སྒྲིག་རྣམ་དབྱེ།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
འཚོལ་བཤེར།
སྦྲེལ་མཐུད།
ཟིན་བྲིས་སྤྱི་བསྡོམས།
  • ཟིན་ཐོ། 35
  • དཔྱད་བརྗོད། 22
  • ཆེམས། 0
  • ཀློག་གྲངས། 8394


 
འབྲོག་མོ།
[ 2013/9/24 21:34:00 | By: ཁྱུང་མུ་ཝེར། ]
 
           འབྲོག་མོ།
 
              ཁྱུང་མུ་ཝེར།
 
གངས་རི་དཀར་པོའི་མར་གཤམ་ན།།
 
སྦྲ་ནག་སྨུག་པོའི་ཐུ་འོག་ན།།
 
གནག་ནག་ལྷས་རའི་འདབས་རོལ་ན།།
 
ཨ་ཅེ་འབྲོག་གི་བུ་མོ་ཡོད།།
 

རྫ་རི་སྨུག་པོའི་གཡས་མཆན་ན།།
 
བེའུ་ལུག་མགོ་རྩེད་འཁྲབ་ས་ན།།
 
དཀར་འཇམ་ཕྱིང་ཞུའི་ཐུ་འོག་ན།།
 
ཨ་ཅེ་འབྲོག་མོའི་ལང་ཚོ་ཡོད།།
 

སྤང་རི་སེར་པོའི་གཡོན་ཟུར་ན།།
 
ལྷ་འབྲི་གྭ་མའི་ཨོག་ཞབས་ན།།
 
འོ་མའི་རྒྱ་མཚོ་སྐྱིལ་ས་ན།།
 
ཨ་ཅེ་འབྲོག་མོའི་ཟུར་མིག་ཡོད།།
 

དབྱར་གྱི་དཔལ་ཡོན་རྒྱས་དུས་ན།།
 
སྣ་མང་མེ་ཏོག་སྐྱིད་ཚར་ན།།
 
གསེར་སྦྲང་གཡུ་སྦྲང་གཤོག་འོག་ན།།
 
ཨ་ཅེ་འབྲོག་མོའི་ཞལ་རས་ཡོད།།
 

སྟོན་ཆུ་སྔོ་མོའི་འགྲམ་ངོགས་ན།།
 
སྣ་མང་ལོ་ཏོག་ཚར་གསེབ་ན།།
 
ལྗོན་ཤིང་ལོ་མའི་གྲིབ་འོག་ན།།
 
ཨ་ཅེ་འབྲོག་མོའི་སྒེགས་ཉམས་ཡོད།།
 

དགུན་གསུམ་ལྷགས་པའི་ཧྲག་བར་ན།།
 
གངས་རླུང་འཚུབ་མའི་མཐོ་སྒང་ན།།
 
ཁ་བའི་འདབ་མའི་འོག་རོལ་ན།།
 
ཨ་ཅེ་འབྲོག་མོའི་ལས་དབང་ཡོད།།
 

དཔྱིད་ཀྱི་ལྗོན་བུ་འབུས་དུས་ན།།
 
ཁུ་བྱུག་སྐད་སྙན་ཁྲོལ་དུས་ན།།
 
གངས་མ་ཆར་གྱི་འདབ་འོག་ན།།
 
ཨ་ཅེ་འབྲོག་མོའི་གླུ་སྐད་ཡོད།།
 

མཁྲེཌ་བཟུང་ཀླད་པའི་རྒྱ་སྲུབས་ན།།
 
དཀའ་ཚེགས་དུ་མའི་བར་གསེང་ན།།
 
འདྲ་མཉམ་མེད་པའི་ཁྲིམས་འོག་ན།།
 
ཨ་ཅེ་འབྲོག་མོ་འཚོ་བཞིན་ཡོད།།
 
                     ༢༠༡༣/༩/༢༣

发自我的 iPhone
 
 
རྩོམ་ཡིག་འདི་གཤམ་གྱི་ཚོགས་མིས་ལེགས་འདེམས་བྱས་ཟིན།
Re:འབྲོག་མོ།
[ 2013/9/24 23:40:13 | By: སྐུ་མགྲོན་1hx3BN(སྐུ་མགྲོན) ]
 
སྐུ་མགྲོན་1hx3BN(སྐུ་མགྲོན)འབྲོག་ཕྲུག་རང་རེད་འབྲོག་མོ་ཤོག་ཐོག་ཏུ་བྲིས་འདུག ཀློག་པ་པོ་ལྡོང་སྐལ་བཟང་ནས།
 
 
Re:འབྲོག་མོ།
[ 2013/9/26 22:49:14 | By: zhongsong ]
 
zhongsongའབྲོག་མོ་ཞེས་པ་འདི་དེ་སྔོན་སྐད་འཕྲིན་ནས་མཐོང་བྱུང་བས་ངོ་མ་ཡག་པོ་ཞིག་བྲིས་འདུག་བསམ་བྱུང་། དོ་དགོང་ཟིན་ཐོག་བཞག་པའི་མིང་བྱང་མཐོང་མ་ཐག་ནས་ལེགས་འདེམས་ཞུས་པ་ཡིན།
 
 
དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
Powered by Oblog.