སྒང་ཚང་གཞིས་ཀ
 
ཟིན་བྲིས་ལི་ཐོ།
<<  < 2021 - >  >>
1234567
891011121314
15161718192021
22232425262728
2930
སྤྱི་བསྒྲགས།

  ཟུངས་ཁྲག་དྲོན་མོའི་རྒྱུ་བ་མ་འགག་ཅིང།།

  རིན་ཆེན་སྲོག་གི་དམུ་ཐག་མ་ཆད་བར།།

  མ་ཡུམ་གངས་རིའི་པང་དུ་སྐྱེས་པའི་དོད།།

ལྷག་བསམ་འཕར་མའི་བསྣན་ཁ་སྤྲད་བར་འདོད།།

   དངོས་མིང་། སྒང་སྲས་དམུ་རྒྱལ་ཉི་མ། སྙུག་མིང་། ཁྱུང་མུ་ཝེར།

   ཁ་པར།  ༡༨༣༠༨༠༨༧༧༨༨

    qq    1750271917

ཆེད་སྒྲིག་རྣམ་དབྱེ།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
འཚོལ་བཤེར།
སྦྲེལ་མཐུད།
ཟིན་བྲིས་སྤྱི་བསྡོམས།
  • ཟིན་ཐོ། 35
  • དཔྱད་བརྗོད། 22
  • ཆེམས། 0
  • ཀློག་གྲངས། 8409


 
དུས་རབས་གསར་པའི་མི་གཤིས།
[ 2013/9/19 | By: ཁྱུང་མུ་ཝེར། ]
 

དུས་རབས་གསར་པའི་མི་གཤིས།

                   ཁྱུང་མུ་ཝེར

                                                                                            ༧ཉེར་གཅིག་དུས་རབས་གསར་པའི་སྤྱི་ཚོགས་ཁྲོད།།

 ཚན་རིག་དངོས་གཙོ་ཡར་རྒྱས་བཟང་ན་ཡང་།།

  གསར་སྐྱེས་གཞོན་ནུ་འགའ་ཡི་སྤྱོད་ལམ་དག།

མཐོང་བ་ཙམ་གྱིས་སེམས་ལ་ན་ཟུག་ཆེ།།

 

༧ཐོབ་པར་དཀའ་བའི་དལ་འབྱོར་འཕྲོ་བརླག་གཏོང་།།

 འཕྲད་པར་དཀའ་བའི་བོན་ལ་སྒྲོ་སྐུར་འདེབས།།

 མཇལ་བར་དཀའ་བའི་སློབ་དཔོན་ཐུགས་ཉིད་དཀྲུག། 

 དུས་རབས་གསར་པའི་མི་ཡི་གཤིས་འདི་སྐྱོ།། 

       

  ༧འཐོབ་ཆེན་བླ་སྤྲུལ་བསྟན་ལ་ཤ་ཞེན་དབེན།།

   མགོ་འཛིན་དཔོན་པོ་སྤྱི་སེམས་རི་བོང་རྭ།།

   འབྱོར་ལྡན་ཕྱུག་པོ་དགེ་རྩར་གཏོང་ཕོད་ཆུང་།།

   དུས་རབས་གསར་པའི་མི་ཡི་གཤིས་འདི་སྐྱོ།།

 

 ༧མཐོ་བ་རྣམས་ལ་ངོ་བསྟོད་སྦྲང་ཆར་འབེབས།།

  རང་མཉམ་རྣམས་ལ་འགྲན་སེམས་གློག་དམར་འཁྱུག།

  དམན་པ་རྣམས་ལ་རྡུང་བརྡེག་ཐོག་སེར་འབེབས།།

  དུས་རབས་གསར་པའི་མི་ཡི་གཤིས་འདི་སྐྱོ།།

        

 ༧འབྱོར་ལྡན་ཕྱུག་པོ་མཐོང་ཚེ་འཛུམ་གྱིས་བསུ།།

  རྒྱུ་མེད་དབུལ་པོ་མཐོང་ཚེ་བཞིན་ངན་བསྟན།།

  སྒོར་མོའི་ཆེད་དུ་ཕ་ནོར་ཕྱིར་འཚོང་བྱེད།།

 དུས་རབས་གསར་པའི་མི་ཡི་གཤིས་འདི་སྐྱོ།།

          ༧ཡོན་ཏན་པ་ལ་གཡོ་སྒྱུ་ཅན་དུ་ཟེར།།

ཟོབ་པོ་འཁྲབ་མཁན་གཏན་གྱི་སྐྱབས་གནས་འཛིན།།

བསླུ་བྲིད་མཁས་ཅན་ལམ་སྟོན་སློབ་དཔོན་བྱེད།།

དུས་རབས་གསར་པའི་མི་ཡི་གཤིས་འདི་སྐྱོ།།

        

 ༧ཕྱི་དཔུང་དགྲ་དང་འཕྲད་ཚེ་ཝ་མོའི་ཟླ།།

  ནང་མི་གཉེན་ཉེའི་ཐོག་ཏུ་དམར་ཡག་སྟག།

 དབྱེན་བསྒྱུར་ཕྲ་མ་བཅུག་ལ་ནེ་ཚོའི་བུ།།

  དུས་རབས་གསར་པའི་མི་ཡི་གཤིས་འདི་སྐྱོ།།

 

༧བགྲེས་སོང་ཕ་ཁུ་རྩྭ་ས་རྩོད་ལ་བྲེལ།།

རབ་བྱུང་བཙུན་པ་རྒྱ་གྲོང་ཉུལ་ལ་དགའ།།

 གསར་སྐྱེས་གཞོན་ནུ་ཕ་མའི་བཀའ་མི་ཉན།།

 དུས་རབས་གསར་པའི་མི་ཡི་གཤིས་འདི་སྐྱོ།།

        

༧ལྟོ་རྒྱབ་ཆེད་དུ་གཏེར་རྫས་ཁྲོམ་ལ་གཤམ།།

རྩྭ་སའི་ཆེད་དུ་ཕུ་ནུ་གྲི་འཛིང་བྱེད།།

 ཤོག་སྒོར་ཆེད་དུ་ཕ་ཆོས་གཏའ་མར་འཇོག། 

 དུས་རབས་གསར་པའི་མི་ཡི་གཤིས་འདི་སྐྱོ།།

 

༧འདུལ་ཁྲིམས་མིག་ལས་གཅེས་པའི་བཙུན་པ་དཀོན།།

 མདུན་ལམ་སློབ་སྦྱོང་བརྩོན་པའི་སློབ་མ་ཉུང།།

ཕ་མར་དྲིན་ལན་འཇལ་བའི་བུ་རྒྱུད་དབེན།།

 དུས་རབས་གསར་པའི་མི་ཡི་གཤིས་འདི་སྐྱོ།།

         

 ༧ཁ་ནས་ལ་རྒྱའི་སྟོང་སྐད་གཡུ་འབྲུག་འགྲན།།

    དོན་གྱི་ལ་རྒྱ་མོ་གཤམ་བུ་ཡི་གྲོགས།།

   མཐུན་འབྲེལ་འོད་སྣང་སྒྲིབ་བྱེད་བླ་བྲེ་དངོས།།

     དུས་རབས་གསར་པའི་མི་ཡི་གཤིས་འདི་སྐྱོ།།

 

༧གཞོན་སྐྱེས་ཕལ་ཆེར་གཞན་རྗེས་འབྲེང་ལ་དགའ།།

 དྭངས་གཙང་ཁོར་ཡུག་འཕྲུལ་གྱིས་བླ་འོག་བསྒྱུར།།

 ཡངས་པའི་རྩྭ་ཐང་ལྕགས་ཀྱི་དྲྭ་བས་ཐུམ།།

 དུས་རབས་གསར་པའི་མི་ཡི་གཤིས་འདི་སྐྱོ།།

          

   ༧རང་གི་ཕ་ཤུལ་སྐྱོང་ལ་རིག་པ་དབེན།།

    གཞན་གྱི་ལད་མོ་བྱེད་ལ་མཁས་པའི་ཕུལ།།

    རྒྱ་མིན་བོད་མིན་ཆ་ལུགས་ར་མ་ལུག།

     དུས་རབས་གསར་པའི་མི་ཡི་གཤིས་འདི་སྐྱོ།།

 

༧དུས་རབས་གསར་པའི་མཚན་སྙན་སྒྲོགས་པ་དང་།།

 དགེ་མཚན་གསར་པའི་ཁ་གཡང་འབོད་ན་ཡང་།།

མདོ་ཤོར་འགའ་ཡི་སྤྱོད་ལམ་རྣལ་མ་འདི།།

མིག་ལ་གཟན་པའི་སེམས་ཀྱིས་ན་ཟུག་གིས།།

༧མཐོན་པོའི་ཁྲི་དང་ཆེན་པོའི་གོ་ས་དང་།།

རིན་ཆེན་ནོར་དང་མཁས་པའི་མཚན་སྙན་སོགས།།

གང་ཡང་མེད་པའི་མུ་ཝེར་ཉི་རི་པས།།

དབང་མེད་མགྲིན་པའི་ལམ་ནས་ཤོར་ཏེ་ཐལ།།

 

 
 
རྩོམ་ཡིག་འདི་གཤམ་གྱི་ཚོགས་མིས་ལེགས་འདེམས་བྱས་ཟིན།
Re:དུས་རབས་གསར་པའི་མི་གཤིས།
[ 2013/9/19 11:17:58 | By: boncute ]
 
boncuteདྲང་བོའི་གཏམ་ལ་བདེན་འཐད་མགུ་གསུམ་འབུལ། གངས་ཐིག་གིས།
 
 
Re:དུས་རབས་གསར་པའི་མི་གཤིས།
[ 2013/9/21 21:02:08 | By: སྐུ་མགྲོན་uaq1Tg(སྐུ་མགྲོན) ]
 
སྐུ་མགྲོན་uaq1Tg(སྐུ་མགྲོན)དུས་རབས་ལ་ཁ་གཏད་རྒྱུ་ནི་ཆེས་དགོས་གལ་ཆེ་བའི་ལས་ཤིག་ཡིན་པ་ན། དེ་ལ་འབད་པ་ནི་དུས་རབས་དེའི་གཞོན་སྐྱེས་རྣམས་ལ་བགོ་སྐལ་ཞིག་ཡིན། ཁྱུང་མུ་ཝེར་ལགས་མུ་མཐུད་ནས་དུས་རབས་ལ་སྨན་པའི་གསོས་རྩོམ་ལྷུག་སྩོལ་གྱིས་ཤོག་ཅེས་ལྡོང་སྐལ་བཟང་གིས་ཁྱུང་པོ་སྟེང་ཆེན་ནས།
 
 
དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
Powered by Oblog.