སྒང་ཚང་གཞིས་ཀ
 
ཟིན་བྲིས་ལི་ཐོ།
<<  < 2021 - >  >>
12345
6789101112
13141516171819
20212223242526
27282930
སྤྱི་བསྒྲགས།

  ཟུངས་ཁྲག་དྲོན་མོའི་རྒྱུ་བ་མ་འགག་ཅིང།།

  རིན་ཆེན་སྲོག་གི་དམུ་ཐག་མ་ཆད་བར།།

  མ་ཡུམ་གངས་རིའི་པང་དུ་སྐྱེས་པའི་དོད།།

ལྷག་བསམ་འཕར་མའི་བསྣན་ཁ་སྤྲད་བར་འདོད།།

   དངོས་མིང་། སྒང་སྲས་དམུ་རྒྱལ་ཉི་མ། སྙུག་མིང་། ཁྱུང་མུ་ཝེར།

   ཁ་པར།  ༡༨༣༠༨༠༨༧༧༨༨

    qq    1750271917

ཆེད་སྒྲིག་རྣམ་དབྱེ།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
འཚོལ་བཤེར།
སྦྲེལ་མཐུད།
ཟིན་བྲིས་སྤྱི་བསྡོམས།
  • ཟིན་ཐོ། 35
  • དཔྱད་བརྗོད། 22
  • ཆེམས། 0
  • ཀློག་གྲངས། 8396


 
སྦྲགས་སྐད།
[ 2015/9/20 14:04:00 | By: ཁྱུང་མུ་ཝེར། ]
 

             སྦྲགས་སྐད། 

སྦྲགས་སྐད་དང་པོ་དབུས་གཙང་ཡུལ་ནས་དར།།

སྲོང་བཙན་རྗེ་བོའི་གཟི་བརྗིད་ཡིན་ནའང་ཆོག།།

རྒྱ་བཟའ་ཀོང་ཇོའི་ཀླད་རོ་ཡིན་ཡང་སྲིད།།

མདོར་ན་སྒྲ་གདངས་ཉམས་པའི་སྐད་ཅིག་དར།།

 

སྦྲགས་སྐད་གཉིས་པ་འུ་དུམ་དུས་སུ་དར།།

ལྷ་ལུང་དཔའ་བོའི་མཛད་རྗེས་ཡིན་ནའང་ཆོག།།

རྗེའི་ས་འབངས་ཤོར་སྡུག་ངན་ཡིན་ཡང་སྲིད།།

མདོར་ན་ལུང་ཚན་རེ་ལ་སྐད་རེ་དར།། 

 

སྦྲགས་སྐད་གསུམ་པ་མདོ་དབུས་གང་སར་དར།།

དུས་རབས་གསར་པའི་ཅོང་སྒྲ་ཡིན་ནའང་ཆོག།།

སློབ་ཆེན་སློབ་མའི་ཆེད་ལས་ཡིན་ཡང་སྲིད།།

མདོར་ན་ར་མ་ལུག་གི་སྐད་ཅིག་དར།། 

 

མཐོ་པོ་གསེར་ཁྲིའི་ཁ་ལ་སྦྲགས་སྐད་བཞུགས།།

དཔོན་གྱི་གོ་སའི་ཁ་ལ་སྦྲགས་སྐད་རྔམ།།

ཕྱུག་པོའི་ནོར་རྫས་གསེང་ན་སྦྲགས་སྐད་གབ།།

གང་ས་གང་ལ་སྦྲགས་སྐད་འཚང་ནས་ཡོད།

 

སྦྲགས་སྐད་ཨ་ཕའི་ངག་ནས་མཆེད་ཀྱིན་འདུག།།

སྦྲགས་སྐད་ཨ་མའི་ཟས་ལ་ཐིམ་གྱིན་འདུག།།

སྦྲགས་སྐད་བུ་ཡི་ལུས་ལ་ཁྱབ་ནས་འདུག།།

སྦྲགས་སྐད་འདི་ཡིས་ཁྱིམ་ཚང་བཟུང་ནས་འདུག།། 

 

སྦྲགས་སྐད་འབྲོག་པའི་གཟས་ལ་གྲམ་ནས་འདུག།།

སྦྲགས་སྐད་ཡུལ་པའི་ཞིང་སར་བཏབ་ནས་འདུག།།

སྦྲགས་སྐད་རོང་འབྲོག་བར་ན་རྒྱུ་བཞིན་འདུག།།

སྦྲགས་སྐད་ཁྱོད་ཀྱི་ཕྲིན་ལས་རྒྱས་ཀྱིན་འདུག།།

 
 
དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
Powered by Oblog.