སྒྲིག་འཇུག...
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཟིན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
ལྷས་རའི་ལྕི་འདམ་ཁྲོད་ཀྱི་སྙིང་སྡུག་མ།
[ 2013/9/8 20:45:00 | By: ཁྱུང་མུ་ཝེར། ]
 
ལྷས་རའི་ལྕི་འདམ་ཁྲོད་ཀྱི་སྙིང་སྡུག་མ།།              
                          ཁྱུང་མུ་ཝེར།  

བརྗིད་ལྡན་གངས་རི་ཤེལ་གྱི་མཆོད་རྟེན་མཛེས།།
ནེའུ་སེང་སྤང་ལྗོང་གཡུ་ཞུན་དྭངས་མའི་མདངས།།
དཀར་ནག་ཕྱུཌ་རིཌ་ནམ་མཁའི་རྒྱུ་སྐར་ཕྲིང་།།
སྣ་ཚོགས་སྦྲ་གུར་དབྱར་གྱི་མེ་ཏོག་བཞད།།

ཤ་ཐུད་མར་གྱི་བང་མཛོད་ཡོངས་སུ་བཀང་།།
དཀར་གསུམ་འོ་ཞོའི་རྒྱ་མཚོ་མེར་གྱི་འཁྱིལ།
གཤིས་བཟང་མི་རྣམ་དགའ་སྤྲོའི་དཔལ་ལ་རོལ།།
ཕུན་ཚོགས་འདོད་དགུའི་རྒྱན་པའི་འབྲོག་སྡེ་ན།།

ལྟེ་ཁྲག་དྲོད་མོ་སྦྲ་ནག་འོག་དུ་འཐོར།།
ལང་ཚོའི་འདབ་མ་ལྷ་རིའི་ཞོར་དུ་བཞད།།
གནག་ལུག་ངུར་སྒྲའི་དཀྱིལ་དུ་ནར་སོང་བའི།།
ལྷས་རའི་ལྕི་འདམ་ཁྲོད་ཀྱི་སྙིང་སྡུག་མ།།

དུང་ཞེན་དྲོད་ཁུལ་མཐིང་སྨུག་སྦྲ་ལ་ཟབ།
བརྩེ་བའི་སེམས་པ་དཀར་ནག་ཕྱུགས་ལ་བརྩེ།།
འཇམ་པའི་སྨྲ་སྒོ་དྲིན་ཅན་ཕ་མར་ཡང་།།
དཀར་དམར་བཞིན་རས་ན་ཟླའི་ཁྲོད་ནས་མངོན།།

དཀར་གསལ་བཞིན་གྱིས་དུང་ཟླ་ཕམ་པར་བྱས།།
དམར་བའི་མཆུ་སྒྲོས་ཆུ་སྐྱེས་ད་ཚར་ཟུམ།།
འདྲེན་བྱེད་ཟུང་གི་གཡུ་སྦྲང་སྐལ་བཟང་འཕྲོག།
ཕྲ་ལྡེམ་གཟུགས་ཕུང་རྩ་རིའི་སྨྱུག་མར་འགྲན།།

བོད་ལྭ་གཙང་མའི་གོས་རྒྱན་ལུས་ལ་སྤུད།།
བོད་སྐད་གཙང་མར་སྨྲ་བའི་ཁ་ལྕེ་བདེ།།
ནོར་ལུག་གཟན་སར་བཀྲམ་པའི་ཐབ་ཇུས་མཁས།།
སོག་སླས་འུར་ཐག་གོ་ཆ་སྐེད་པར་མཛེས།།

ཨ་གསར་གཞན་ཆས་སྤྲས་པའི་ལུགས་དེ་མེད།།
ར་མ་ལུག་སྐད་སྨྲ་བའི་གཤིས་ཀ་མེད།།
དཀར་དམར་མཚོན་གྱིས་བསྒྱུར་བའི་ལག་རྩལ་མེད།།
རང་ལུས་སྒོར་ལ་བརྗེ་བའི་རིག་པ་མེད།།

མཚར་སྡུག་འཛངས་མའི་ཡོན་ཏན་ཀུན་ཚང་བའི།།
དྲི་ཟའི་བུ་མོ་དོག་ལ་བབས་པ་འམ།།
ཡང་ན་ལྷ་ཡི་སྲས་སམ་ཀླུ་ཡི་ཚ།།
གང་ཡིན་སོམ་ཉིའི་རྒྱ་ལས་གྲོལ་ནུས་སུ།།

྄༢༠༡༢ལོ་ཟླ་༥ཚེས་༡༡ཉིན་ཁྱུང་མུ་ཝེར་པས་འབྲོག་གྲོང་གི་རི་ཁུག་ཞིག་ན་བྲིས།


 
 
Re:ལྷས་རའི་ལྕི་འདམ་ཁྲོད་ཀྱི་སྙིང་སྡུག་མ།
[ 2013/9/26 23:19:12 | By: zhongsong ]
 
zhongsongཤ་ཉེ་ལ་སྙན་ངག་ཡར་རྒྱས་འདི་ཙམ་ཕྱིན་ཚོད་དགའ་འོས་པ་ཞིག་རེད་འདུག་ཅེས། བོན་གྲྭ་ནས་
 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.