སྒྲིག་འཇུག...
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཟིན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
གཉིད་མ་ཁུག་པའི་མཚན་མོ། 
[ 2015/3/20 14:40:00 | By: ཁྱུང་མུ་ཝེར། ]
 

གཉིད་མ་ཁུག་པའི་མཚན་མོ།

གཉིད་མ་ཁུག་པའི་མཚན་མོ་དེར་

དྲན་ཤེས་ཀྱི་རིག་པ་དེ་

བདག་མེད་ཀྱི་རྟ་རྒོད་དེ་ལ་ཞོན་ཏེ་དངངས་སྐྲག་ཚད་མེད་ངང་རྒྱལ་ཁམས་འདི་ཡུད་ཀྱི་བསྐོར།

འདས་པའི་ལོ་ཟླ་ལ་ཕྱིར་འདང་དང་

མ་འོངས་པ་ལ་བསམ་གཞིག་རེ་བྱེད་དུས།

ངོ་མ་ང་ནི་ཁུ་སིམ་མེར་དུ་ལུས་འདུག

དེ་སྔོན་ཞག་པོ་དགུ་སྟོང་ལ་རྒལ་བའི་ལོ་ཟླ་དེ་འབྲོག་གྲོང་གི་རི་ཁུག་དེ་ན་གྲིབ་ནག་ཙམ་མེད་པར་ཁུ་སིམ་མེར་གྱུར་འདུག་ལ་

ད་དུང་ཡང་མུ་མཐུད་ནས་ཁུ་སིམ་མེར་ལུས་འདུག

དེ་ནས་རབ་རིབ་ཀྱི་མདུན་ལམ་ཕྲ་མོ་དེ་རུ་ཧྲག་ཧྲག་གིས་རྡོག་སྒྲས་བཀང་འདོད་བྱུང་ཡང་།

ཁ་ནང་དུ་བསྐོར་ནས་བལྟ་དུས་

ཁོ་བོ་ནི་སློབ་ཆེན་དང་སློབ་འབྲིང་ནི་ལྟ་ཞོག

སློབ་ཆུང་ཙམ་གྱིས་སྒོ་ཐེམ་བརྒལ་མ་མྱོང་བས་བྱ་གཤོག་ཆག་གི་དཔེ་ལྟར་སྟོང་བསམ་དེ་ག་ལ་འགྲུབ།

 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.