སྒྲིག་འཇུག...
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཟིན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
ང་ཚོ་ནི་དུས་རབས་ཀྱི་མི་ཡིན་པས་དུས་རབས་དང་བསྟུན་མི་དགོས་སམ།
[ 2020/12/5 15:09:00 | By: ཁྱུང་མུ་ཝེར། ]
 

ང་ཚོ་ནི་དུས་རབས་ཀྱི་མི་ཡིན་པས་དུས་རབས་དང་བསྟུན་མི་དགོས་སམ།


     ཁྱུང་མུ་ཝེར།     

བླ་མས་ཅི་གསུང་ཆོས།  མཁས་པས་གང་འཆད་ལེགས་བཤད་ཟེར་བའི་སྡོམས་ཚིག་ཀོ་དམར་འདྲ་བ་འདིས་ཁོར་ཡུག་ཧྲིལ་པོར་ཐུམ་པའི་རི་གྲོང་འདིར།  རང་གི་བསམ་བློ་ལ་གསེང་དཀྲོལ་དང་སྔོགས་འདོན་མ་ནུས་པའམ་མ་ཐུབ་པའི་ང་ཚོ། ཆོས་དང་སྲིད་འདྲེས།  སྲིད་ལ་ཆོས་འདྲེས།   ཆོས་ལུགས་ནག་ནོག  སྲིད་རུལ་སུངས་དུ་གྱུར་བའི་དེ་རིང་གི་དུས་འདིར།  བླ་མ་གྲྭ་བཙུན་རྣམ་གྱི་དཔྱོད་དགོངས་མཁྱེན་གསུམ་གྱི་ཆོས་ལུགས་ལ་དག་འབུད་དང་དཔྱད་ཞིབ་གནང་ནས་དུས་རབས་ལ་མཐུན་པའི་སྒོ་ནས་ཆོས་ལུགས་སྐྱོང་།  མི་མང་རྣམས་ཀྱིས་འཇིག་རྟེན་ལུགས་དང་མཐུན་པའི་སྒོ་ནས་ལེགས་ཉེས་བླང་དོར་ཚུལ་བཞིན་བྱེད་ནས་མི་གྲལ་དུ་འགྲེང་ཨེ་ཐུབ་བྱས་ན་ད་ལྟ་ཅུང་མ་འཕྱི་ན་སྔ་མི་འདུག་ཞེས་དཔྱོད་ལྡན་དུ་མས་གླེང་གིན་འདུག་པ་ཨེ་གོ  དེ་མིན་ཡོད་ཚད་ཀྱི་ཁ་ནས་ཆོས་ལུགས་དང་དགེ་སྒྲུབ་སྡིག་སྤངས་རྐྱང་རྐྱང་གླེང་།  དོན་དུ་ཉ་ཉུང་འདྲེས་མ།  ལེགས་ཉེས་གོ་ལྡོག ཧམ་སེམས་འདོད་ལོགས། མ་རུང་ཁོག་བཅུག  ཉེ་དགའ་བདག་ཕྱོགས།  ཟས་ངོ་གོས་དྲིན། རྒྱུ་ངོ་ཟས་ཤད་རྐྱང་ཕྱོགས་བསྡད་ན་ཆོས་དང་འཇིག་རྟེན་གཉིས་ཀ་མེད་པའི་བེམ་གཟུགས་ཤིག་ལས་མ་འདས།     སོམས་ཤིག  དཔྱོད་ཅིག

      

བདག་འཛིན་གྱི་མདུད་པ་གྲོལ་བའི་རྣལ་འབྱོར་བ།  འབྱུང་ལྔ་ལ་རང་དབང་ཐོབ་པའི་གྲུབ་ཐོབ་བ།  རིག་ལམ་གྱི་མེ་དབལ་ཚ་བའི་མཚན་ཉིད་པ། མཁས་བཙུན་གྱི་ཐུགས་རྒྱ་ཡངས་བའི་སྙུག་ཐོག་པ།  ལེགས་ཉེས་ཀྱི་རྣམ་དཔྱོད་མངའ་བའི་བསམ་བློ་བ་སོགས་གང་ལྟར་ན་དཔྱོད་དགོངས་མཁྱེན་གསུམ་མངའ་བའི་སྐྱེས་བུ་མང་པོ་ཞིག་སྐྱ་སེར་ཐ་དད་མེད་པར་དེ་སྔོན་བྱོན་མྱོངས་ལ་ད་ལྟ་ཡང་ཡོད་དེ།  མ་འོངས་པར་འབྱོན་སྲིད། ཡིན་ཡང་རླབས་ཆེན་གྱི་མི་བུ་དེ་དག་གིས།  སྤྱིར་སངས་རྒྱས་ཀྱི་བསྟན་པ་དང་འགྲོ་བའི་བདེ་སྐྱིད་ཀྱི་ཆེད་དུ།  ངལ་བ་བསྲན།  དཀའ་ཚིག་དང་རྔུལ་ཆུ་ལས་གྲུབ་པའི་མཛད་རྣམ་རེ་རེའི་སྣེ་མོར་མིང་ལ་ཆགས་ཤིང་ཆོས་ལ་འཇུ་བའི་སྒེར་བཅོད་པ་དག་གིས་ལྷ་སྒྲུང་རིང་མོ་ཞིག་གི་ཤམ་བུ་རེ་རྒྱབ་ནས་གང་ཟག་རང་རང་གི་ཁེ་དབང་ཆེད་དུ་བཀོལ་ནས་དམ་པའི་རྣམ་ཐར་དང་སྐྱེས་ཆེན་གྱི་བཞུད་ལམ་དག་རབ་རིབ་དང་མག་མོག་བཟོས་པ་ནི་ཐེངས་གཅིག་གཉིས་ཤིག་ཡིན་ཚོད་མི་འདུག་བ་འདི་ཤིན་ཏུ་འཕང་ངོ།།

ཁ་ནས་གུ་ཡང་དང་མཐུན་ལམ།  དོན་དུ་སྒེར་གཅོད་དང་རྩ་འཛུག་བྱེད་ནས་དུས་རབས་ཀྱི་རྗེས་ཆོད་ག་ལ་སྲིད། བྱས་ཙམ་ང་ཚོ་ནི་དུས་རབས་ཀྱི་མི་ཡིན་པས་ཅིས་ཀྱང་དུས་རབས་དང་བསྟུན་མི་དགོས་སམ། སོ་ནམ་མ་ཤེས་རོགས་བྱ་སྲུང་།  ཞེས་པའི་དཔེ་ལྟར་ཁྱིམ་མཚེས་མི་རིགས་གཞན་ལ་མིག་ལྟོས་དང་ཁོ་ཚོའི་ལེགས་ཆ་རྣམས་བསྡུ་རུབ་དང་དང་ལེན་བྱེད་ནས། དཔལ་ཡོན་ཟུང་གི་མཐུན་རྐྱེན་མཐོར་འདེགས་ཀྱི་ཐབས་ལམ་བཙལ་ན་དགེ་མཚན་ཆེ་བར་སྙམ།  

     ༢༠༡༦//༡༥ཉིན་ཕ་ཡུལ་ག་ཐ་ནས།

 

 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.