སྒང་ཚང་གཞིས་ཀ
 
ཟིན་བྲིས་ལི་ཐོ།
<<  < 2021 - >  >>
1234567
891011121314
15161718192021
22232425262728
2930
སྤྱི་བསྒྲགས།

  ཟུངས་ཁྲག་དྲོན་མོའི་རྒྱུ་བ་མ་འགག་ཅིང།།

  རིན་ཆེན་སྲོག་གི་དམུ་ཐག་མ་ཆད་བར།།

  མ་ཡུམ་གངས་རིའི་པང་དུ་སྐྱེས་པའི་དོད།།

ལྷག་བསམ་འཕར་མའི་བསྣན་ཁ་སྤྲད་བར་འདོད།།

   དངོས་མིང་། སྒང་སྲས་དམུ་རྒྱལ་ཉི་མ། སྙུག་མིང་། ཁྱུང་མུ་ཝེར།

   ཁ་པར།  ༡༨༣༠༨༠༨༧༧༨༨

    qq    1750271917

ཆེད་སྒྲིག་རྣམ་དབྱེ།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
འཚོལ་བཤེར།
སྦྲེལ་མཐུད།
ཟིན་བྲིས་སྤྱི་བསྡོམས།
  • ཟིན་ཐོ། 35
  • དཔྱད་བརྗོད། 22
  • ཆེམས། 0
  • ཀློག་གྲངས། 8347


 
འཇོལ་མོ་དཀར་མོ།
[ 2013/9/28 23:42:00 | By: ཁྱུང་མུ་ཝེར། ]
 


འཇོལ་མོ་དཀར་མོ།
 

གངས་རིའི་དབུ་རྩེ་མཐོ་ས་ནས།།

མཁའ་དབུགས་འབག་བཙོག་བྲལ་ས་ནས།།
 
འབྱུང་བཞིའི་ཚ་གྲང་སྙོམས་ས་ནས།།
 
དུས་ཀྱི་ཅོང་བརྡ་སྙན་མོ་ཞིག།
 

བལྟས་ན་ཁྲ་ཆུང་མིག་གི་རྒྱན།།
 
ཉན་ན་སྒྲ་འཛིན་རྣ་བའི་བཅུད།།
 
བསམ་ན་གངས་དཀར་སེམས་ཀྱི་གཏན།།
 
མཐོ་སྒང་བུ་མོ་གླུ་སྐད་དེ།།
 
 
རྣ་བའི་གསང་ལམ་ནས་རྒྱུད་དེ།།
 
རྙིང་རོལ་ཀླད་པའི་རྒྱ་སྲུབས་བརྟོལ།།
 
དམར་ཆུང་སྙིང་གི་དཀྱིལ་དུ་སིམ།།
 
ལུས་སེམས་འདི་ཡི་ཚོར་འདུ་དཀྲུགས།།
 

དུས་རབས་གསར་པའི་མི་མོ་ཞིག།
 
དུས་རབས་གསར་པའི་གར་སྟེགས་སུ།།
 
རིགས་མཐུན་ཆོལ་གསུམ་སྤུན་ཟླ་ལ།།
 
རིགས་ཞེན་ལྷ་ཆབ་གཏོར་གྱིན་འདུག།
 

སྲོལ་རྒྱུན་བཟང་པོའི་ཆས་གོས་གཟབ།།
 
དྲུག་འགྱུར་ངག་གི་དབྱངས་རྟ་དང་།།
 
ལྡེམ་ལྡེམ་ལུས་ཀྱི་ཉམས་འགྱུར་ལ།།
 
ཁྱད་དུ་འཕགས་པའི་སྒྱུ་རྩལ་དངོས།།
 

འཇོལ་མོ་དཀར་མོའི་ངག་ལམ་ནས།།
 
རྟོགས་པར་དཀའ་བའི་གསང་བ་དངོས།།
 
བརྗེད་པར་དཀའ་བའི་སླབས་བྱ་དངོས།།
 
སྨྲ་མི་ཤེས་པའི་སྒྱུ་རྩལ་དངོས།།
 

ལྗང་ནག་ཀླད་པའི་ལྟ་བ་ཡི།།
 
འོག་ན་འཚོ་བའི་སྐྱེ་མ་ཚོའི།།
 
ལས་དབང་བདེ་སྡུག་གླེང་གིན་འདུག།
 
འདྲ་མཉམ་རྡོ་རིང་སློང་གིན་འདུག།

              ༢༠༡༣     ༩     ༢༡
 
 
 
རྩོམ་ཡིག་འདི་གཤམ་གྱི་ཚོགས་མིས་ལེགས་འདེམས་བྱས་ཟིན།
Re:འཇོལ་མོ་དཀར་མོ།
[ 2013/9/29 18:35:16 | By: danzengyixi ]
 
danzengyixi


མི་སྡེ་ཡིས་ཁྱུང་ཡུལ་གྱི་གསར་བུ་དེ་ཚོ་བརྩེ་དུང་གིས་བཟི་འདུག་ཟེར།
ཧེ་ཧེ་་་་་་་ཀུ་རེ་ཡིན། སེམས་ཚོར་ངོ་མ་དེ་ཡིག་ངོས་སུ་ཕོབ་པ་གཟི་བརྗིད་ཞིག་ཅི་ལ་མིན།
ལྷ་གཡག་དར་མས།
 
 
Re:འཇོལ་མོ་དཀར་མོ།
[ 2013/9/29 20:50:27 | By: སྐུ་མགྲོན་pu48Ob(སྐུ་མགྲོན) ]
 
སྐུ་མགྲོན་pu48Ob(སྐུ་མགྲོན)རེད་རེད་ང་ཚོས་བརྩེ་དུང་སྐོར་དངོས་བྲིས་མང་ཙམ་བྱེད་ནས་ཁྱུང་ཡུལ་འདི་བརྩེ་དུང་གི་ལུང་པ་ཞེས་པར་སྒྱུར་དགོས། ཧི་བོན་ཟིན་བྲིས་ཀྱི་ཀློག་པ་པོ་ལྡོང་སྐལ་བཟང་ནས།
 
 
དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
Powered by Oblog.