སྒང་ཚང་གཞིས་ཀ
 
ཟིན་བྲིས་ལི་ཐོ།
<<  < 2021 - >  >>
1234567
891011121314
15161718192021
22232425262728
293031
སྤྱི་བསྒྲགས།

  ཟུངས་ཁྲག་དྲོན་མོའི་རྒྱུ་བ་མ་འགག་ཅིང།།

  རིན་ཆེན་སྲོག་གི་དམུ་ཐག་མ་ཆད་བར།།

  མ་ཡུམ་གངས་རིའི་པང་དུ་སྐྱེས་པའི་དོད།།

ལྷག་བསམ་འཕར་མའི་བསྣན་ཁ་སྤྲད་བར་འདོད།།

   དངོས་མིང་། སྒང་སྲས་དམུ་རྒྱལ་ཉི་མ། སྙུག་མིང་། ཁྱུང་མུ་ཝེར།

   ཁ་པར།  ༡༨༣༠༨༠༨༧༧༨༨

    qq    1750271917

ཆེད་སྒྲིག་རྣམ་དབྱེ།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
འཚོལ་བཤེར།
སྦྲེལ་མཐུད།
ཟིན་བྲིས་སྤྱི་བསྡོམས།
  • ཟིན་ཐོ། 35
  • དཔྱད་བརྗོད། 22
  • ཆེམས། 0
  • ཀློག་གྲངས། 8400


 
དྲྭ་བའི་དགེ་སྐྱོན།
[ 2015/3/14 10:58:00 | By: ཁྱུང་མུ་ཝེར། ]
 

དེང་འཛམ་གླིང་བརྡ་འཕྲིན་ཀྱི་དུས་རབས་ཞེས་ས་སྒང་འདིའི་ཤར་ནུབ་བར་ཇེ་ཉེ་རུ་ཕྱིན་ནས་གལ་ཆེའི་གསར་འགྱུར་རྣམ་དུས་དང་དུས་སུ་རྒྱ་ཁྱབ་ཐུབ་ཅིང་མིང་དོན་མཚུངས་བའི་དུས་རབས་ཤིག་ཏུ་གྱུར་ཡོད། དེ་ཕྱིར་ཤར་ནུབ་མི་རིགས་ཡོད་དོ་ཅོག་ཚང་མ་དྲྭ་བར་།ཞུགས་ཚད་ཉིན་རེ་བཞིན་འཕེལ་རྒྱས་ཕྱིན་གྱིན་ཡོད་སྐད།དེ་མཚུངས་ང་ཚོ་བོད་པ་ཡང་དེའི་རྗེས་སུ་སྙེགས་བཞིན་ཡོད་ལ། སྙེགས་འོས་པ་ཤིག་ཀྱང་རེད།  ཡིན་ནའང་དེ་ལ་དགེ་སྐྱོན་གཉིས་ཡོད་དེ།གཅིག་ཤོས་དེ་འཛམ་གླིང་གི་འཕྲིན་གསར་དང་འཚོ་བའི་རྒྱུན་ཤེས་གལ་ཆེའི་མཛུབ་སྟོན་སོགས་དགོས་གལ་ཆེ་བའི་བརྡ་མང་པོ་ཞིག་ཚེགས་མེད་རྟོགས་པའི་དགེ་མཚན་དུ་མ་སྣང་མོད།  ད་དུང་དགོས་གལ་དེ་ཙམ་མེད་པའི་དགོང་མོ་བདེ་ལེགས་དང་ཉིན་གུང་བདེ་ལེགས།  ཞོགས་པ་བདེ་ལེགས་སོགས་ནི་ཕན་མེད་གནོད་མེད་སྐོར་ཞིག་དུས་ཚོད་དང་དཔལ་འབྱོར་གྱིས་གཤེད་མ་ལྟ་བུར་གྱུར་གྱིན་པ་ནི་ལེགས་ཉེས་རང་རང་གིས་དཔྱོད།གཅིག་ཤོས་དེ།  འཕྲིན་ཚོམ་མང་པོ་ཞིག་ཏུ་ཞུགས། དོན་མེད་ཀྱི་འཆལ་གཏམ། གསར་འགྱུར་རྫུན་མ། བརྩམས་ཆོས་རྐུ་བཤུ། མ་ཚད་ཆོས་ལུགས་དང་ཆོས་ལུགས་མི་དང་མིའི་བར་ལ་དབྱེ་དཀྲུག་ཅི་ཐུབ་དང་། མི་སྒེར་རམ་ལུང་ཚན་དང་ལུང་ཚན་བར་གྱིས་འགལ་བ་ཕྲན་བུ་དག་གི་རྩ་བ་སྔོགས་ནས།  གཏམ་འདོད་ཤག་རྒྱག  མཐུ་དམོད་མོ་སོགས་ཆོས་ལུགས་དང་ཆབ་སྲིད་གང་ལ་མི་འཐད་པའི་གཡུལ་འཁྲུག་ཞིག་བྱེད་ཀྱིན་འདུག་པ་འདི་ནི་དྲྭ་བའི་བདེ་སྤྱོད་མ་ཤེས་པའི་སྐྱོན་དུ་ཟད།དེ་དག་ལ་བསམ་གཞིགས་དང་སྤངས་བླང་མ་ནོར་བར་རང་རང་གིས་ས་ནས་གོ་རྟོགས་རེ་སད་ཐུབ་ན་ད་གཟོད་དྲྭ་བའི་དུས་རབས་ཀྱི་རྗེས་ཟིན་པ་རེད་སྙམ།                        ཁྱུང་མུ་ཝེར་ནས། 

 
 
དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
Powered by Oblog.