སྒང་ཚང་གཞིས་ཀ
 
ཟིན་བྲིས་ལི་ཐོ།
<<  < 2021 - >  >>
1234
567891011
12131415161718
19202122232425
262728293031
སྤྱི་བསྒྲགས།

  ཟུངས་ཁྲག་དྲོན་མོའི་རྒྱུ་བ་མ་འགག་ཅིང།།

  རིན་ཆེན་སྲོག་གི་དམུ་ཐག་མ་ཆད་བར།།

  མ་ཡུམ་གངས་རིའི་པང་དུ་སྐྱེས་པའི་དོད།།

ལྷག་བསམ་འཕར་མའི་བསྣན་ཁ་སྤྲད་བར་འདོད།།

   དངོས་མིང་། སྒང་སྲས་དམུ་རྒྱལ་ཉི་མ། སྙུག་མིང་། ཁྱུང་མུ་ཝེར།

   ཁ་པར།  ༡༨༣༠༨༠༨༧༧༨༨

    qq    1750271917

ཆེད་སྒྲིག་རྣམ་དབྱེ།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
འཚོལ་བཤེར།
སྦྲེལ་མཐུད།
ཟིན་བྲིས་སྤྱི་བསྡོམས།
  • ཟིན་ཐོ། 35
  • དཔྱད་བརྗོད། 22
  • ཆེམས། 0
  • ཀློག་གྲངས། 8395


 
ཕ་ཡུལ་གངས་ལྗོངས།
[ 2014/1/26 15:56:00 | By: ཁྱུང་མུ་ཝེར། ]
 

ཕ་ཡུལ་གངས་ལྗོངས།

 

 

དབལ་སོ་གངས་རི་ཡི་བསྐོར་ཞིང་།།

དྭངས་གཙང་ཆུ་བཞི་ཡི་འགོ་ཁུངས།།

ཀུན་ཕན་བྱམས་བརྩེ་ཡི་ཕ་ས།།

རྩ་གསུམ་ལྷ་གནས་འདིར་ཡིན་རེད།།

 

གནས་ལྔའི་བྱུར་འབུར་དུ་བལྟམས་ཤིང་།།

བཅུ་རིག་འོ་མཚོ་ཡི་འགོ་ཁུངས།།

ལོ་རྒྱུས་རྡོ་རིང་དེ་བརྟན་ས།།

འོལ་གླིང་གཉིས་པ་འདིར་ཡིན་རེད།།

 

རང་འབྱུང་གཏེར་ཁ་ཡི་བང་མཛོད།།

འདོད་དགུ་ཡོ་བྱད་ཀྱི་འབྱུང་ཁུངས།།

འབྲུ་སྲན་སྣ་ལྔ་ཡི་ཞིང་ས།།

རིན་ཆེན་ཚལ་གླིང་འདིར་ཡིན་རེད།།

 

གནོད་སྦྱིན་འཛམ་ལྷ་ཡི་དཀོར་མཛོད།།

ར་བ་སྒོ་བཞི་ཡི་འབྱུང་ཁུངས།།

སྣ་མང་ཕྱུགས་རིགས་ཀྱི་ཕ་ས།།

རྟག་གཟིགས་ནོར་གླིང་འདིར་ཡིན་རེད།།

 
 
Re:ཕ་ཡུལ་གངས་ལྗོངས།
[ 2014/1/28 14:40:22 | By: སྐུ་མགྲོན་s84Yqd(སྐུ་མགྲོན) ]
 
སྐུ་མགྲོན་s84Yqd(སྐུ་མགྲོན)རྩོམ་སྤེལ་བར་གུས་བཀུར་ཡོད། མ་འོངས་སྤྱི་ཚོགས་ཡོངས་ལ་ཁ་ཕྱོགས་ཏེ་འབྲེལ་ཡོད་ཀྱི་འབོལ་རྩོམ་ཐོག་ལ་དོ་སྣང་གནང་རྒྱུའི་རེ་བ་ཡོད།
 
 
དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
Powered by Oblog.