སྒྲིག་འཇུག...
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཟིན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
ང་དང་ངའི་ཕ་ཡུལ་གྱི་གྲུ་ཟུར།
[ 2019/12/25 23:35:00 | By: ཁྱུང་མུ་ཝེར། ]
 

 བདག་ནི་ཕ་ཡུལ་འདི་ལ་དུང་ཞིང་ཕ་ཡུལ་གྱི་མི་མང་དག་ལ་ལྷག་ཏུ་འཁྲེང་།  རྒྱུ་མཚན་དེ་སློང་པའི་དགའ་སྐྱོ་ཆགས་སྡང་གི་གྲུ་ཟུར་ནས་ཕ་ཡུལ་གྱི་ཉམ་ཐག་པའི་སྐྱོ་སྡུག་གི་འཚོ་བ་འདི་ལ་བསམ་གཞིག་གིས་སྒོ་ནས་ན་ཟུག་གི་འཁུན་སྒྲ་རེ་ཤོར་འགྲོ་ཡི་འདུག  དེ་ནི་ངས་ཕ་ཡུལ་བཅངས་བའི་ལྷག་བསམ་དང་རང་ཉིད་མི་ཞིག་ཡིན་པའི་འདུག་ཤེས་དང་དུ་བླངས་བ་ཞིག་ཡིན། འདི་ལྟར་ངས་བརྩེ་བ་དྲོན་མོ་ཞིག་གི་རུམ་ཁུག་ནས་ནམ་ཡང་བློས་བཏང་བྱེད་མི་ནུས་པའི་ཕ་ཡུལ་ལ་དུང་བ་ཕྲ་མོས་འགན་འཁྲི་ཕྲག་ཏུ་ཁུར་ནས་འབྱུང་འགྱུར་གྱི་འཚོ་བ་དང་ཤེས་རིག  འཕེལ་རྒྱས་དང་བདེ་འཁོད།  དཔལ་འབྱོར་དང་ཁོར་ཡུག་སོགས་ལ་ནུས་ཚོད་ཀྱི་ཞབས་ཞུ་རེ་སྒྲུབ་སེམས་ཡོད་པས་ཡིན་།  ཡིན་ཡང་འུར་ཟིང་དང་ལོགས་བཤད་དཀྲོག་གཏམ་འཇིག་བསྐུལ་སོགས་ཀྱིས་དངོས་ཤུགས་རྒྱུད་གསུམ་ནས་ཡང་ཡང་མནར་གྱིན་འདུག་མོད།  དེ་ནི་རྨོངས་སྦྲིད་ཀྱི་བཟུང་ཞིང་ཤེས་རྨོངས་ཀྱི་གང་བའི་གཡུལ་ས་འདི་ལྟ་བུ་རུ་ཆེས་རྒྱུན་ལྡན་ཡིན་པས་དེ་ལ་སུན་འབྱིན་དང་འཁང་ར་བྱེད་རིན་མེད་པ་ཞིག་ཅི་ལ་མིན།

 

ཕ་ཡུལ་ན་ཆེས་མཚར་བའི་ཟེར་སྒྲོས་ཁག་གཅིག་ཡོད་པ་ནི།  ལྟ་བ་ལོག་ཡོད་རེད།  ཆོས་ལུགས་ལ་དགག་གི་ཡོད་རེད།  ལོགས་ལམ་དུ་འཁྲིད་མཁན་རེད།   ཟེར་བ་ནས་གནམ་འུར་ས་འུར་བྱེད་ཀྱིན་འདུག་པ་འདི་ནི་ངོ་མ་དགོད་རྒྱུ་ལས་མ་འདས། འདི་དག་ལ་རྒྱུ་མཚན་ཡོད་དམ་ཞེས་ན་ཡོད་དེ། ཁོ་ཚོ་ལ་དམིགས་ཡུལ་ངེས་ཅན་ཞིག་ཡོད་པའི་ཕྱིར་རོ།  

 

དེ་ལས་མཚར་བ་ཞིག་ལ།  ས་ཆ་ག་གེ་མོའི།  མི་ལ་ལ་རྒྱ་ཆེ་རབས།  ཆོས་ལ་དད་རབས།  དཔའ་ཆེ་རབས།  དཔུང་སྦོམ་རབས།  མི་དེ་ཚོས་ཁོ་ཚོ་གསོད་ཀྱི་རེད།  གསོད་དགོས་ཟེར་འདུག   གསོད་གྲབས་རེད་འདུག  ཟེར་བའི་འཆར་ཚིག་སྣ་ཚོགས་སྒྲོག་གིན་འདུག་པ་འདི་རེད།  རྒྱུ་མཚན་ཅི།  ཚུལ་མཐུན་ཀྱི་སྒོ་ནས་བསམ་ཚུལ་གླེང་།  དྲང་བདེན་གྱི་ལམ་ནས་ལྟ་ཚུལ་འདོན། བདེན་དོན་དང་གནས་ལུགས་བཙལ་ནས་ཡོང་དུས་སྒེར་གཅོད་པ་དག་གི་གདན་ཐོབ་ཤོར་དོགས་དང་རང་འཚང་བུད་དོགས་ཀྱི་བློ་མི་བདེ་བར་དངོས་ཤུགས་རྒྱུད་གསུམ་ནས་རང་ཉིད་ལྷང་དུ་མ་བུད་བར་ཞབས་སུ་ཁོ་ཚོའི་གཤང་ཅི་ཟ་བའི་བྲན་གཡོག་དག་ལ་འདྲོག་འགོ་བསླངས་ནས་འུར་སྲིད་པ་ཙམ་མ་གཏོགས་རིག་ཞེན་དང་ལ་རྒྱ་ཡོད་པ།  དད་སེམས་དང་ཡ་རབས་ལ་ཕྱོགས་པ།  རང་རྟོན་གྱི་འདུ་ཤེས་ཡོད་པ་དེ་ཚོས།  ལས་འབྲས་རྒྱབ་ཏུ་བོར་བའི་བྱ་བར་ཞུགས་དོན་ཅི། དེ་ནི་ཁྱོད་ཚོའི་ཁ་གཡང་ཤོག་ཙམ་ལས་དོན་སྨིན་ཡོང་རྒྱུ་ནི་ནམ་མཁའ་སྟོང་པར་ལག་གཟད་པ་དང་ཡོངས་སུ་མཚུངས། 

 

ལར་ཁྱོད་ཚོས་གང་ཟེར་ནའང་ཆོག   ཇི་སྐད་དུ།  གཞན་གྱི་ཅི་ཟེར་བཤད་དུ་ཆུགས།  རང་ཉིད་རང་གི་ལམ་དུ་སོང་།  ཞེས་པ་ལྟར་།  ཁྱོད་ཚོས་བྲོད་སེམས་ཀྱི་གླེང་ཕྱོགས་ཙམ་ལ། རྒོལ་བའི་མོས་པ་བདག་ལ་སྔ་ནས་མེད་ལ་ད་ཡང་མེད།  ལྟ་བ་ལོག་འདུག་ཟེར་ནའང་ཆོག་མོད།  ལྟ་བ་ཞེས་པ་དེ་ལོག་རྒྱུའི་རྒྱུ་ཞིག་དང་པོ་ང་དང་ཁྱོད་ཚོའི་རྒྱུད་ལ་ཡང་དག་པའི་ལྟ་བ་འདི་ཟེར་བ་ཞིག་ཡོད་མེད་ཐེ་ཚོམ་མོ།། ཆོས་ལ་དགག་གི་འདུག་ཟེར་ཡང་ཆོག  ཆོས་ལུགས་ཞེས་པའི་སྒྲ་དེ་གང་ལ་འཇུག་མིན་གྱི་ཤེས་བྱ་ཙམ་ཞིག་ང་དང་ཁྱོད་ཚོས་རྟོགས་ཡོད་མེད་ལ་ད་དུང་དོགས་གཞིའོ།  ཆོས་ལ་དད་གུས་བྱེད་རྒྱུ་དེ་ནི་ང་ཚོ་ཕྲུ་གུ་ཡན་གྱི་སེམས་གཏིང་ན་ཐིམ་པའི་བག་ཆགས་ཤིག་ཡིན་ཙམ། ང་ཡང་ཁྱོད་ཚོ་ལས་མི་དམན་པའི་དུང་བ་ཟབས་མོ་ཞིག་འབྲེལ་ནས་ཡོད་པ་ལྟ་ཅི།

 

འཇིག་རྟེན་འདིའི་བྱེད་པོ་ཡོད་ཚད་ཆོས་ལུགས་ཀྱི་ཐག་གཅོད་དགོས་རྒྱུ་ཞིག་དང་ཆོས་ལུགས་ཀྱི་ཁོངས་སུ་བསྡུ་དགོས་རྒྱུ་ཞིག་ག་ལ་ཡིན། དེ་ལྟར་འདོད་མཁན་ཆོས་མིན་ཆོས་ཀྱི་འཁྲབ་སྟོན་པ་དག་ལ་ངོ་སོ་བྱེད་མི་འདོད་ལ།  ཁ་ནས་ཆོས་ལུགས་ཀྱི་སྒྲིག་ཁྲིམས་ཚ་མོ་མ་ཞིག་བསྒྲག་ནས། དོན་དུ་ཡོད་ཚད་རང་འོག་ཏུ་བསྡུ་བའི་འཁྲབ་སྟོན་ཞིག་དུས་ནམ་ཡང་འཁྲབ་སེམས་མེད།  མེས་པོའི་སྲོལ་གོམས་དང་རིག་གཞུང་དག་སྣང་མེད་དུ་དོར་ནས་རང་ཉིད་ཀྱི་ཡོན་འབབ་ཁོ་ནར་དམིགས་པ་ནི་རིགས་ཀྱི་རྐང་འདྲེན་ཞིག་ཅི་ལ་མིན།  དེ་དོན་མིང་སྐམ་ཞིག་ཐོད་དུ་ཕྱར་ནས་རང་ཉིད་ཀྱི་ཁེ་ཕན་ཆེད་དུ་མི་མང་ལ་ངན་བསྐུལ་བྱེད་དེ་གཡུལ་ཆེན་བཤམས་རྒྱུའི་ཐབས་བཀོད་ཅིག་བཟོས་སེམས་མེད་ལ།   བཟང་ངན་གང་ཡིན་ཡང་རང་བློས་དཔོགས་ཚོད་གང་ཡོད་པ་དེ་མི་ངོ་དང་དཔའ་ངོ་སྲུང་སེམས་མེད་པའི་སྒལ་ཚིག་བསྲང་ནས།  དྲང་བདེན་གྱི་བསམ་ཚུལ་གླེང་།  དྲང་བདེན་གྱི་བྱ་བ་གྲུབ།  དྲང་བདེན་གྱི་གནས་ལུགས་བཙལ།  དྲང་བདེན་གྱི་འགན་འཁྲི་ཁུར་ནས་སྤྱི་ཚོགས་ཀྱི་གྲུ་ཟུར་ན་འགྲེང་རྒྱུ་དེ་ནི་ཁོ་བོའི་རྩ་བའི་དམ་བཅའོ།། །།

   ༢༠༡༦/༡༠/

 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.