སྒྲིག་འཇུག...
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཟིན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
དུང་སེམས་ཀྱི་བརྡ་ཁྱབ།
[ 2014/3/23 21:20:00 | By: ཁྱུང་མུ་ཝེར། ]
 
    དུང་སེམས་ཀྱི་བརྡ་ཁྱབ། 
འཇིག་རྟེན་གྱི་མི་རྣམས་ནི་དགའ་སྐྱོ་དུང་བརྩེ་ལས་གྲུབ་ཅིང་
དགའ་སྐྱོ་དུང་བརྩེའི་བར་གསེང་ནས་ནར་སོན་པ་དང་།
 དགའ་སྐྱོ་དུང་བརྩེའི་ཁྲོད་དུ་འཚོ་བ་བསྐྱལ་ཞིང་།
 དགའ་སྐྱོ་དུང་བརྩེའི་ཀློང་ནས་མཇུག་རྫོགས་
འགྲོ་བ་ནི་འགྲོ་བ་མིའི་སྤྱི་ཁྱབ་ཀྱི་མགོ་རྔ་ཞིག་ཡིན།
 དགའ་སྐྱོ་ཡི་ཚོར་བ་མེད་ཅིང་དུང་བརྩེ་ཡི་ངོ་བོ་མི་ཟིན་པ་ཞིག་ཡོད་ན
་དེ་ནི་རྣམ་ཤེས་བྲལ་བའི་བེམ་པོ་དང་ཁྱད་མེད་ལ་ཚོར་སྣང་མེད་པའི་
ས་རྡོ་ལྟ་བུ་ཞིག་ཡིན། སེམས་ཚོར་གྱི་སྣང་བ་ཟབ་མོ་གང་འདོད་གླུ་རུ་གྱེར་
བ་ནི་སྨྲ་བརྗོད་རང་དབང་གི་བདག་ཐོབ་དེ། རང་སྟེང་དུ་ལེན་ཤེས་པ་དང་
། བག་འཁུམ་དང་ཉམ་ཞན་གྱི་ཚད་དུ་མ་ལྷུང་ནས་སྤོབས་སེམས་དང་
སད་རྟགས་ཤིག་ཀྱང་མངོན་པ་རེད། དེ་ལྟར། ན་གཞོན་ཕོ་མོ་རྣམ་པས་
རང་གི་མ་བཅོས་པའི་སེམས་གཏམ་དག་མ་དེ་དག་གླེང་སའི་ཁོར་ཡུག་ཅིག་
གམ་བསྒྲགས་སའི་གར་སྟེགས་ཤིག་ལ་དམིགས་ནས་ངེད་རྩོམ་སྒྲིག་
(གངས་སྙུག ཁྱུང་མུ་ཝེར། ལྷ་གཡག་དར་མ། ལྡོང་སྐལ་བཟང་།)པ་
ཚོས་གཉེར་བའི་ ༼དུང་བའི་མུ་ཁྱུད༽ ཅེས་པའི་སྙན་དེབ་འདི་དངོས་སུ་
སྤྱི་ཚོགས་སུ་འགྲེམ་གྱིན་ཡོད་པས། རྒྱ་ཆེ་བའི་ཀློག་པ་པོ་ལྷན་རྒྱས་ཀྱིས།
 འདི་ནས། ན་གཞོན་ཕོ་མོ་རྣམས་ཀྱི་ཚོར་སྣང་གིས་བཞེངས་པའི་བརྩེ་བ་
དང་དུང་བའི་ངོ་མདངས་གསལ་མོ་དང་། ན་གཞོན་ཕོ་མོ་རྣམས་ཀྱི་
ལང་ཚོའི་ཁ་དོག་གིས་བསྐྲུན་པའི་ལུགས་མཐུན་གྱི་མཛའ་གླུ་རིང་མོ། 
ན་གཞོན་ཕོ་མོ་རྣམས་ཀྱི་སྙིང་སྟོབས་ཀྱིས་བྲིས་པའི་འཆར་ཡན་གྱི་
བརྩེ་གཏམ་དམར་རྗེན་སོགས་ཚོར་བའི་ཡུལ་དུ་རུང་བའི་ཚིག་འབྲུ་
མང་པོ་ཞིག་མཐོང་སྲིད་ལ། དེས་ཁྱེད་ཚོ་ལའང་བརྗོད་དུ་མེད་པའི་
བག་ཆགས་ཟབ་མོ་ཞིག་འཇོག་པ་ནི་སྨྲོས་སུ་མེད་དོ།།
ཞེས་ལྡོང་སྐལ་བཟང་ནས།
༢༠༡༤/༣/༢༡
འབྲེལ་གཏུག 
༡༣༥༡༨༩༡༥༡༩༡
༡༨༣༠༨༠༨༧༧༨༨
 ༡༨༧༩༨༩༨༥༧༢༢
༡༨༠༠༩༩༥༤༧༧༧
 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.