སྒང་ཚང་གཞིས་ཀ
 
ཟིན་བྲིས་ལི་ཐོ།
<<  < 2021 - 12 >  >>
123
45678910
11121314151617
18192021222324
25262728293031
སྤྱི་བསྒྲགས།

  ཟུངས་ཁྲག་དྲོན་མོའི་རྒྱུ་བ་མ་འགག་ཅིང།།

  རིན་ཆེན་སྲོག་གི་དམུ་ཐག་མ་ཆད་བར།།

  མ་ཡུམ་གངས་རིའི་པང་དུ་སྐྱེས་པའི་དོད།།

ལྷག་བསམ་འཕར་མའི་བསྣན་ཁ་སྤྲད་བར་འདོད།།

   དངོས་མིང་། སྒང་སྲས་དམུ་རྒྱལ་ཉི་མ། སྙུག་མིང་། ཁྱུང་མུ་ཝེར།

   ཁ་པར།  ༡༨༣༠༨༠༨༧༧༨༨

    qq    1750271917

ཆེད་སྒྲིག་རྣམ་དབྱེ།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
འཚོལ་བཤེར།
སྦྲེལ་མཐུད།
ཟིན་བྲིས་སྤྱི་བསྡོམས།
  • ཟིན་ཐོ། 35
  • དཔྱད་བརྗོད། 22
  • ཆེམས། 0
  • ཀློག་གྲངས། 8380


 
རྣག་ཐོག་ཁབ་གཙག
[ 2016/12/18 15:46:00 | By: ཁྱུང་མུ་ཝེར། ]
 

རྣག་ཐོག་ཁབ་གཙག

 

 

རང་རློམ་ཆེ་སོང་ཟེར་ནས་འགལ་ཡང་ཆོག།

ཁ་ཕོ་ཆེ་སོང་ཟེར་ནས་སྡིག་ན་ཐང་།།

ལྟ་བ་ལོག་འདུག་ཟེར་ནས་ཁྲེལ་ཡང་རུང་།།

གང་དྲན་ཤོག་ཐོག་བྲི་རྒྱུ་ཁོ་བོའི་གཤིས།།

 

ཡ་ཀིའི་སྐུ་ལོ་ཐེག་པ་མཐོ་རབ་དང་།།

ཕ་ཀིའི་ཁོང་ཚང་རིགས་རུས་བཟང་རབ་དང་།།

མ་ཀིའི་དཔོན་པོ་འཇོན་ཐང་ཆེ་རབ་སོགས།།

རང་རྟུག་གསེར་སྒོམ་གཏམ་ལ་སུ་ཡིད་ཆེས།།

 

བརྡ་སྤྲོད་རིག་པའི་རྨང་གཞི་མི་དགོས་ཟེར།།

སྙན་ངག་མངོན་བརྗོད་ཚིག་རྒྱན་མི་དགོས་ཟེར།།

བསྡུས་རྟགས་རིགས་པའི་སྒྲོ་འདོག་མི་དགོས་ཟེར།།

ཡིག་རྨོངས་ཤིག་གིས་གཞུང་དོན་དཀྲོལ་ནུས་སམ།།

 

སྲུང་ཁྲིམས་རྩ་བཞི་རྒྱུད་ལ་མི་ལྡན་ཡང་།།

སངས་རྒྱས་ན་བཟས་སྒྱུ་ལུས་གཏུམ་བཞིན་དུ།།

དུན་རྩེ་ཁ་སྦྱོར་ཅན་གྱི་མགོ་ཟླུམ་རིགས།

ས་ཁུག་རི་ཁུག་འགའ་ལ་མོད་བཞིན་གདའ།།

 

མ་གྱུར་འགྲོ་བ་དོ་མཉམ་གཟིགས་ཡོད་སྐད།།

སྣང་ཞིང་སྲིད་པ་ས་ལེར་གསལ་ཡོད་སྐད།།

ཁ་མཁས་གཡོ་སྒྱུ་ཅན་གྱི་སེར་གཟུགས་ལ།།

དད་གུས་བྱེད་སའི་གནས་ཤིག་ངས་མ་མཐོང་།།

 

རང་རྒྱུད་ཉམས་ལེན་ཉིན་མོའི་སྐར་མ་ལ།།

གཞན་ལ་གནས་ལུགས་རྗེན་པར་བསྟན་ཡོད་ཟེར།།

དེང་དུས་བཙུན་གཟུགས་འགའ་ཡི་མཛད་ཕྲིན་འདི།།

གྲོང་དང་གྲོང་གི་བར་ན་རྒྱས་ཀྱིན་འདུག།

 

བྱམས་དང་སྙིང་རྗེ་ཟེར་ནའང་ངག་སྐྱོར་ཙམ།།

ངུར་སྨྲིག་རྒྱན་གྱི་སྤུད་ཀྱང་ཕྱི་ཚུལ་ཙམ།།

དུག་ལྔའི་དབལ་ཁ་རྒོད་པའི་རྣལ་འབྱོར་།།

གཅིག་ལས་གཅིག་མགྱོགས་གྲལ་འགོ་རྩོད་ཀྱིན་གདའ།།

 

འདི་ཙམ་སེམས་ཀྱི་དབལ་ཁ་བཙན་དྲག་པས།།

དབང་མེད་ཁ་དང་ལག་པའི་བར་བླག་ནས།།

འགོག་མི་ཐུབ་པར་ཐོལ་གྱིས་ཟག་ནས་སོང་།།

ད་ནི་མང་པོ་མི་བཤད་སྙིང་རླུང་རྒྱུ།།

 

འདི་ནི་དོན་མེད་ཟུར་ཟའི་གཏམ་མ་ཡིན།།

སེམས་ཀྱི་ན་ཟུག་ཁ་ནས་ཤོར་བ་ཡིན།།

མི་འདོད་གདོང་མིག་བགྲད་མཁན་གཅིག་ཡོད་ན།།

རྣག་ཐོག་ཁབ་ཀྱིས་ཙག་པའི་དགོས་པའོ།།

༢༠༡༤/༤/༤ཉིན།

 
 
དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
Powered by Oblog.