སྒང་ཚང་གཞིས་ཀ
 
ཟིན་བྲིས་ལི་ཐོ།
<<  < 2021 - >  >>
1
2345678
9101112131415
16171819202122
232425262728
སྤྱི་བསྒྲགས།

  ཟུངས་ཁྲག་དྲོན་མོའི་རྒྱུ་བ་མ་འགག་ཅིང།།

  རིན་ཆེན་སྲོག་གི་དམུ་ཐག་མ་ཆད་བར།།

  མ་ཡུམ་གངས་རིའི་པང་དུ་སྐྱེས་པའི་དོད།།

ལྷག་བསམ་འཕར་མའི་བསྣན་ཁ་སྤྲད་བར་འདོད།།

   དངོས་མིང་། སྒང་སྲས་དམུ་རྒྱལ་ཉི་མ། སྙུག་མིང་། ཁྱུང་མུ་ཝེར།

   ཁ་པར།  ༡༨༣༠༨༠༨༧༧༨༨

    qq    1750271917

ཆེད་སྒྲིག་རྣམ་དབྱེ།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
འཚོལ་བཤེར།
སྦྲེལ་མཐུད།
ཟིན་བྲིས་སྤྱི་བསྡོམས།
  • ཟིན་ཐོ། 35
  • དཔྱད་བརྗོད། 22
  • ཆེམས། 0
  • ཀློག་གྲངས། 8399


 
སྦྲ་ནག
[ 2014/2/16 0:01:00 | By: ཁྱུང་མུ་ཝེར། ]
 

   སྦྲ་ནག

 

འདས་སོང་ལོ་རྒྱུས་སྟོང་གི་བདེན་ཁ་དང་།། 

མཐོ་སྒང་མི་རིགས་ཤིག་གི་ཁྱད་བོན་ཏེ།།   

སྔོ་ལྗང་རྩྭ་ཐང་ཡངས་པའི་རྒྱན་ཆ་རུ།། 

ཕུལ་བྱུང་སྦྲ་ནག་སྨུག་པོ་ཨེ་མ་རྨད།། 

 

སྟོང་ལོ་དུ་མའི་ཕྲེང་བ་ཁྱེད་ལ་གྲངས།། 

སྐྱེས་ཆེན་དམ་པའི་རྣམ་ཐར་ཁྱེད་ལ་གསལ།། 

ཡབ་མེས་གོང་མའི་མིང་བྱང་ཁྱེད་ལ་བྲིས།། 

མཁས་གྲུབ་བྱེ་བའི་སྙུག་ཁ་ཁྱེད་ལ་རྡོལ།། 

 

སྟག་ཤར་དར་མའི་སྙིང་སྟོབས་ཁྱོད་ལས་འཕེལ།། 

སྨན་ཤར་དར་མའི་ལང་ཚོ་ཁྱོད་ལས་སྨིན།། 

དཔའ་རྒོད་དར་མའི་ཟུངས་ཁྲག་ཁྱོད་ལས་རྒྱས།། 

མ་འོངས་གཞི་འཛིན་ལང་ཚོ་ཁྱེད་ལས་འབུས།། 

 

སྦྲ་ཡི་སྲུབས་ན་ལོ་རྒྱུས་གཏན་ཚིགས་ཡོད།། 

སྦྲ་ཡི་མིང་ལ་བོད་པའི་ཐ་སྙད་ཡོད།། 

སྦྲ་ཡི་མཐིལ་ལ་རིག་པའི་གསང་ཚིག་ཡོད།། 

སྦྲ་ནག་འདི་ནི་སྒང་པའི་ཕ་ཁྱིམ་ཡིན།། 

 

སྦྲ་འདི་ཉམས་རྟོགས་འཕེལ་སའི་དབེན་གནས་ཡིན།། 

སྦྲ་འདི་ཚད་གསུམ་རྩོད་སའི་འཆད་ར་ཡིན།། 

སྦྲ་འདི་ཀ་ཁ་ག་ངའི་སློབ་ར་ཡིན།། 

སྦྲ་ནག་འདི་ནི་བརྒྱ་གོ་གཅིག་ཆོད་ཡིན།། 

 

སྦྲ་འདི་མེས་པོ་དག་གིས་བཟོས་ནི་ཡིན།། 

སྦྲ་འདི་མ་ཕྱི་རྣམས་ཀྱིས་འཐག་ནི་ཡིན།། 

སྦྲ་འདི་ང་ཚོར་བགོས་པའི་ནོར་སྐལ་ཡིན།། 

སྦྲ་ནག་འདི་ནི་ཉམས་མེད་རྒྱུད་འཛིན་དགོས།། 

 

ང་ཚོ་སྦྲ་ནག་ཚང་གི་རྒྱུད་ཡིན་པས།། 

སྦྲ་ནག་རྒྱུད་འཛིན་སྦྲ་ནག་ཚང་གི་འགན།། 

སྦྲ་ནག་གཅེས་སྤྲས་སྦྲ་ནག་ཚང་གིས་དགོས།། 

སྦྲ་ནག་འདི་ནི་ང་ཚོར་མེད་ཐབས་མེད།།  

 
 
Re:སྦྲ་ནག
[ 2014/2/20 15:28:36 | By: སྐུ་མགྲོན་230Meq(སྐུ་མགྲོན) ]
 
སྐུ་མགྲོན་230Meq(སྐུ་མགྲོན)ཐུགས་རྗེ་ཆེ། ཕ་གཞིས་སྦྲ་མཁར་སྨུག་པོ་ལ་དུང་ཞེན་ཅན་གྱི་གཞོན་ནུ་ཁྱེད་དང་ཁྱེད་ལྟ་བུ་གང་མང་ཞིག་གིས་རང་མི་རིགས་ཀྱི་ཆོས་དང་རིག་གཞུང་འདི་ཉིད་མི་ཉམས་དུས་ཀྱི་འགྲོས་དང་བསྟུན་ཏེ་མདུན་བསྐྱོད་ཀྱི་གོམ་སྒྲ་ཡང་ནས་ཡང་དུ་སྒྲོག་པར་སྨོན། ཁྱུང་གསེར་ཞུན་ནས།
 
 
Re:སྦྲ་ནག
[ 2014/3/2 16:50:01 | By: zhongsong ]
 
zhongsongདྲ་གྲོགས་ལགས་མ་མཇལ་ཡུན་རིང་དུས་སྙན་འཇེབས་འདི་འདྲ་གནང་སོང་བ་དེ་རིང་མཇལ་མ་ཐག་ཀློག་རོལ་བྱས་ཟིན།
 
 
དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
Powered by Oblog.