སྒྲིག་འཇུག...
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཟིན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
བླ་ཤག་གཡུང་དྲུང་གླིང་དང་ག་ངས་དགོན་པ།
[ 2020/11/25 22:13:00 | By: ཁྱུང་མུ་ཝེར། ]
 


                               བླ་ཤག་གཡུང་དྲུང་གླིང་དང་ག་ངས་དགོན་པ།

རྩོམ་པ་པོ།   ཁྱུང་མུ་ཝེར།


  བླ་ཤག་གཡུང་དྲུང་གླིང་འདི་ནི་ཡིག་ཚགས་སུ་འཁོད་པའི་ལོ་རྒྱུས་གསལ་ཁ་ཅན་ཞིག་མ་མཐོང་ཡང་།  ག་ངས་དགོན་པ་དང་བླ་ཤག་གཡུང་དྲུང་གླིང་འདི་གཉིས་ནི་སྒང་དཀར་ནག་གཉིས་ཀྱི་ཕ་དགོན་དང་མཆོད་གནས་ཤིག་ཡིན་པར་གྲགས། ངག་རྒྱུད་ལྟར་ན།  གྲྭ་བཙུན་ལྔ་བརྒྱ་ཙམ་ཡོད་པའི་འདུས་སྡེ་ཆེ་པོ་ཞིག་ཡོད་པའི་ལོ་རྒྱུས་དང་།  མཐར་དུས་རབས་བཅུ་བདུན་པའི་གཡས་གཡོན་ཙམ་ལ་སོག་དམག་གིས་མེར་བསྲེག་བཏང་རབས་བཤད་ཀྱིན་འདུག  ད་ལྟ་ཆགས་ཤུལ་གྱི་མཁར་གཞི་ལ་གཞིག་ན་ངོ་མ་འདུས་སྡེ་ཆེན་པོ་ཞིག་བྱུང་མྱོང་ཡོད་པ་མངོན་གསལ་རེད་འདུག  ག་ངས་དགོན་པ་དང་བླ་ཤག་གཡུང་དྲུང་གླིང་འདི་གཉིས་ཕྱག་བཏབས་པའི་དུས་རབས་སོགས་གསལ་ཁ་བཤད་དཀའ་ཡང་།  ག་ངས་དགོན་པ་འདི་ནི་སྒང་དཀར་གཙོ་མཆོག་སྐྱབས་དང་སྒང་ནག་ཁྲོ་བོ་སྐྱབས་གཉིས་ཀྱི་དུས་ལ་བཏབས་པ་དང་།  བླ་ཤག་གཡུང་དྲུང་གླིང་འདི་ནི་སྒང་དཀར་ཁྲི་རྩེ་དང་སྒང་ནག་གཟི་ཆེན་གྲགས་པ་གཉིས་ཀྱི་དུས་སུ་བཏབས་པར་གྲགས།  དེ་ནས་ག་ངས་དགོན་པ་གཙོ་བོ་སྒང་ནག་རུའི་བསྐྱངས་བ་དང་།  བླ་ཤག་གཡུང་དྲུང་གླིང་གཙོ་བོ་སྒང་དཀར་རུའི་བསྐྱངས་ནས་དར་རྒྱས་ཆེན་པོར་བྱུང་ཡོད་འདུག   དགོན་ཀྱི་དུས་མཆོད་གཙོ་བོ་ཡི་དམ་ཁྲོ་ཕུར་ཞང་གསུམ་དང་ལྷག་པར་དུ་ཁྲོ་བོ་དབང་ཆེན་གྱི་སྒྲུབ་པ་རྟགས་ཐོན་པས།  གཏོར་འབུལ་སྐབས་དབལ་མོ་རྣམས་དངོས་སུ་རྒྱུ་བ་དང་།  ཕུད་ཞལ་ནས་རག་ཏ་འཕྱུར་བ་སོགས་ཀྱི་གྲུབ་རྟགས་ཡོད་པ་རྒན་རབས་ཀྱི་ངག་རྒྱུད་བཤད་སྲོལ་ཐན་ཐུན་ཡོད་འདུག  དེ་ལྟར་དགོན་འདི་གཉིས་ནི་གཞི་རྒྱ་ཆེ་བར་དར་ཡོད་པ་ནི་དགོན་ཀྱི་ཆགས་ཤུལ་ལ་གཟིགས་ན་བདེན་དཔང་ཐུབ་ས་འདུག  ལྷག་པར་དུ་བླ་ཤག་གཡུང་དྲུང་གླིང་གི་ཆགས་ཤུལ་ནི་ད་ལྟ་ག་ཐ་ཤང་མི་དམངས་སྲིད་གཞུང་གནས་ཡུལ་གྱི་ལྟག་བླ་ཤག་ཁ་ཟེར་ས་དེར་ཡོད་ལ་།  འདུ་ཁང་འཆམ་ར་རང་འགྲིག་ཡིན་ས་འདུག་སྙམ་པའི་འདུ་ཁང་གསུམ་དང་།  གཞན་ཁང་པ་ཆེ་ཆུང་བཞི་བཅུ་ལྔ་བཅུ་ལྷག་ཙམ་གྱི་ཞིག་ཤུལ་གསལ་པོ་འདུག  རྒྱབ་རི་དེར་རྒྱལ་མོ་རི་བཙུན་དང་།  དགོན་ཐོད་ཤུགས་གསེང་ཟེར་བ་སོགས་མིང་བརྡའི་ཐ་སྙད་མ་ཉམས་པར་འདུག ད་དུང་དགོན་ཤུལ་དེ་གཡས་ཕྱོགས་ཡར་ཟུར་རྨིད་བཞི་བརྒྱ་ལྷག་གི་ས་དེར་གྲ་སྦྲ་མན་ཟེར་བའི་ཁང་པའི་ཞིག་ཤུལ་ཞིག་ཆེན་པོ་ཞིག་འདུག དེ་ནི་གྲ་བ་རྩྭ་ཟན་ཞེས་པའི་སྲོག་ཆགས་ཤིག་གི་སྦྲ་མན་རེད་ཟེར་བ་སོགས་ལྷ་སྒྲུང་གི་རྣམ་པ་ལྟ་བུ་མང་དུ་བཤད་རྒྱུ་འདུག་ཀྱང་།  དེ་ནི་དགོན་པའི་ཤ་མཛོད་དང་གཉེར་ཁང་ཨེ་ཡིན་སྙམ་པ་བྱུང་། ད་དུང་འགྲམ་དེར་ལུང་ཤུལ་ཆུང་ངུ་ཞིག་འདུག་པ་དེ་ལ་ཁལ་བཤའ་འཇུ། ཟེར་ཡི་འདུག་པས་དགུན་བཤས་དེ་དགོན་པ་དངོས་སུ་མི་མཐོང་བའི་ཁུག་ཀྱོག་དེར་བཤའ་སྲོལ་མེད་པའི་རྒྱུ་མཚན་ཅི་ཡོད། དེ་ལྟར་དགོན་འདི་དར་རྒྱས་ཡོང་བའི་རྒྱུ་མཚན་ནི་དུས་སྐབས་དེར་ཁྱུང་ཡུལ་གྱི་སྟོད་ཕྱོགས་སུ་ཧ་ལམ་སྒང་དཀར་ནག་གཉིས་ཀྱི་མངའ་དབང་བྱས་ཡོད་པའི་ཚོད་དུ་འདུག་པས་དེ་དོན་ཡིནལ་པར་སྙམ།  རྒྱུ་མཚན་ནི། ཡུལ་མིའི་ངག་རྒྱུད་དུ།  “ཁྱུང་དགེ་རུའི་སྒོང་རུ་ཀླད་ལ་ཤོར་། ཟེར་བའི་གཏམ་སྙན་ཀུན་ལ་གྲགས།།  སྡེ་ཚོ་ཆེན་མང་པོ་ནོམ་དུ་བླངས།”ཞེས་དང་།“སྡེ་དགེ་རུའི་དཀྱིལ་ནས་སྒང་རུ་གྲགས།” ཅེས་དང་།  “དགེ་རུའི་དཀྱིལ་ནས་སྒང་རུ་ཤོར།”ཅེས་པའི་ངག་ལ་གཞིག་ན་སྒང་དཀར་ནག་གཉིས་ཀྱི་ཆབ་དཔལ་རིག་གསུམ་དང་མངའ་རིས་དར་རྒྱས་ཆེ་པོ་ཡོད་པ་དཔོགས་ཐུབ་ས་འདུག ལོ་རྒྱུས་ལས།  “རིག་སྒམ་ཁད་ཨུ་རུ་རྫོང་ལུང་སོགས།།  སྒང་ཁྲི་རྩེའི་དགུན་ས་སྡོད་གནས་བྱས།།  གོ་ཆུ་བསྲེ་རྒེས་ལ་རྟ་ར་བཟུང་།།  སྒང་ར་སླག་ཅན་གྱི་རྟ་ས་ཟེར་སྲོལ་བྱུང་།།”ཞེས་པས་དེའི་དུས་སུ་རྒྱལ་ས་ལྟེ་བ་འདིར་ཡིན་པ་རྟོགས་སླ།   ད་དུང་ཁྱུང་པོ་འབུམ་རྗེ་གྲགས་པས་སྒང་དཀར་ནག་གཉིས་ལ་བཙན་འཛུལ་དང་གཡོ་ཐབས་གང་མང་བྱས་ཀྱང་ཐབས་དང་ཇུས་ཀྱི་སྒོ་ནས་ངོ་ཡ་མ་ཐུབ་པའི་ལོ་རྒྱུས་མང་དག་ཡོད་འདུག།  །
 
འདི་ལྟར་ལྐོག་འགྱུར་དུས་ཀྱི་ཆུའི་བཤུར་བའི།།
ཡ་ཐོག་ལོ་རྒྱུས་གྲམ་མཁར་སྐྱ་བོ་ལ།།
འཕེལ་རིམ་འདི་ཞེས་བརྗོད་པ་ངལ་ན་ཡང་།།
གླེང་སློང་ཙམ་གྱི་སྤོབས་པ་བདག་ལ་སྐྱེས།།
 
   ཅེས་བླ་ཤག་གཡུང་དྲུང་གླིང་དང་འབྲེལ་བའི་གླེང་སློང་ཉུང་ངུ་འདི་ནི་ཡུལ་མི་རྒན་རབས་ཀྱི་ངག་རྒྱུན་དང་རང་གི་རིག་པ་ཟུང་དུ་སྦྲེལ་ཁུལ་གྱིས་རྒྱ་ཆེའི་ལོ་རྒྱུས་སྨྲ་བ་པོ་རྣམས་པའི་མདུན་སར་དཔྱད་ཞིག་ཆུང་ཆུང་ཞིག་ཡོང་རེའི་ཆེད་དུ་ཁྱུང་མུ་ཝེར་རམ་སྒང་སྲས་དམུ་རྒྱལ་ཉི་མས་ཡུལ་སྐྱོང་མདུང་ཡུ་རག་པ་མཆེད་བརྒྱད་ཀྱི་མདུན་ཞོར་དུ་སྤྱི་ལོ་༢༠༡༩/ཟླ་༡/ཚེས་༡༥/ཉིན་མགྱོགས་བྲིས་བྱས་པའོ།

 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.