སྒང་ཚང་གཞིས་ཀ
 
ཟིན་བྲིས་ལི་ཐོ།
<<  < 2021 - 11 >  >>
12
3456789
10111213141516
17181920212223
24252627282930
སྤྱི་བསྒྲགས།

  ཟུངས་ཁྲག་དྲོན་མོའི་རྒྱུ་བ་མ་འགག་ཅིང།།

  རིན་ཆེན་སྲོག་གི་དམུ་ཐག་མ་ཆད་བར།།

  མ་ཡུམ་གངས་རིའི་པང་དུ་སྐྱེས་པའི་དོད།།

ལྷག་བསམ་འཕར་མའི་བསྣན་ཁ་སྤྲད་བར་འདོད།།

   དངོས་མིང་། སྒང་སྲས་དམུ་རྒྱལ་ཉི་མ། སྙུག་མིང་། ཁྱུང་མུ་ཝེར།

   ཁ་པར།  ༡༨༣༠༨༠༨༧༧༨༨

    qq    1750271917

ཆེད་སྒྲིག་རྣམ་དབྱེ།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
འཚོལ་བཤེར།
སྦྲེལ་མཐུད།
ཟིན་བྲིས་སྤྱི་བསྡོམས།
  • ཟིན་ཐོ། 35
  • དཔྱད་བརྗོད། 22
  • ཆེམས། 0
  • ཀློག་གྲངས། 8428


 
འགྱོད་པ་འཕྱི་སོང་།
[ 2013/11/6 2:37:00 | By: ཁྱུང་མུ་ཝེར། ]
 

འགྱོད་པ་འཕྱི་སོང་།

                            ཁྱུང་མུ་ཝེར།

 

དུས་ཚོད་ཆུ་བོ་འདྲ་སྟེ་བྲེལ་བྲེལ་དུ་བཞུར་སོང་།།

ཚེ་སྲོག་ཞག་སྒྲོན་འདྲ་སྟེ་མར་མར་དུ་བྲི་སོང་།།

ལང་ཚོ་འཇའ་ཚོན་འདྲ་སྟེ་གསལ་གསལ་ངང་འགྲིབ་སོང་།།

མདུན་ལམ་འོད་ཟེར་ཅན་ཏེ་མོག་མོག་ཏུ་གྱུར་སོང་།།

 

འཁོར་བ་སྡུག་བསྔལ་ཤེས་ཀྱང་བསླུ་བྲིད་ཀྱིས་ཁྲིད་སོང་།།

ཐམས་ཅད་མ་རུ་ཤེས་ཀྱང་ཞེ་སྡང་འདི་རྒོད་སོང་།།

ལས་དང་རྒྱུ་འབྲས་ཤེས་ཀྱང་བྱིང་མུག་འདི་མཐུག་སོང་།།

ནོར་ལ་ཧམ་སེམས་མེད་ཀྱང་འདོད་ཆགས་འདི་རགས་སོང་།།

 

མི་འགྲུབ་བྱ་བ་མེད་ཀྱང་ལེ་ལོ་ཡིས་བརྐུས་སོང་།།

ངོ་དགའ་སྤྲེལ་ལད་མེད་ཀྱང་གཞན་སེམས་དེ་འཁྲུགས་སོང་།།

རེ་བ་རྫོགས་མཐའ་མེད་ཀྱང་ཡིད་ཐང་ཞིག་ཆད་སོང་།།

ཡོད་ཚད་ཚར་བ་ཤེས་ཀྱང་འགྱོད་པ་ནི་འཕྱི་སོང་།།

 

༢༠༡༣/༡༠/༡༨

 

 

 
 
དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
Powered by Oblog.