སྒྲིག་འཇུག...
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཟིན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
སེར་མཁན་རྐྱེན་ལམ་དུ་གཏང་པའི་གོད་ཆག།
[ 2013/9/8 22:57:00 | By: ཁྱུང་མུ་ཝེར། ]
 

སེར་མཁན་རྐྱེན་ལམ་དུ་གཏང་པའི་གོད་ཆག།

                                                     ཁྱུང་མུ་ཝེར།

                

༧གསང་བ་སྔགས་དང་བླ་མེད་སྒོམ་སྒྲུབ་བྱིན་མཐུའི་འབྱུང་བཞི་དབང་བསྒྱུར་བས།།

ངོ་མཚར་མདའ་འཕེན་རྣོ་ལྕགས་མདུད་ཅིང་རི་བྲག་འབིགས་པས་གཡུལ་ངོ་བཟློག།

མི་མིན་དབང་བསྡུད་བྲན་བཞིན་བཀའ་ཉན་ལྷ་འདྲེས་རལ་གྲི་མངོན་སུམ་འབུལ།།

དགོན་སྡེ་བསྐྲུན་སོགས་བསྟན་འཛིན་གྲུབ་ཐོབ་སྒོང་དཀར་དཔོན་རབས་རིམས་བྱོན་འདུད།།

 

ཅེས་རྒྱ་ནག་གོང་མ་ཆེན་མོའི་ཚེ་སྡེ་ཚེ་སྡེ་ནི་རྒྱ་ནག་གོང་མ་ཆེན་མོས་ཁྲལ་ཡང་བཏང་པའི་དོན་ཡིན།ཞེས་པའི་ཚོ་པ་སུམ་བཅུ་སོ་དགུ་ཆགས། ཚོ་པ་སུམ་བཅུ་སོ་དགུ་ལ། བེ་ཧུ་སུམ་བཅུ་སོ་དགུ་དང་། བེ་ཅང་བརྒྱ་དང་དྲུག་བཅུ་ཡོད། དེ་ཡང་ཚོ་ཁག་རེ་ལ་རང་རང་གི་འབྱུང་ཁུང་རེ་དང་། ལོ་རྒྱུས་རེ་ཡོད་པ་བཤད་མི་དགོས་

དེ་ཡང་ཧོར་སྤྱིའི་ལས་རོག་བེ་ཧུ་འམ་སྒོང་འདི་སྒང་འབྲི་སྲོལ་འདུག་ཀྱང་རུས་རྒྱུད་འདི་སྒོ་ང་ལས་གྲོལ་བའི་བཤད་ཚུལ་ལྟར་ན་རོ་བྲིས་པ་ཡིན།བེ་ཧུའི་མི་རབས་རིམ་བྱུང་གི་ལོ་རྒྱུས་དང་། ཐོབ་ཐང་བྱེད་རྗེས་ཆགས་གནས་ས་བཟུང་བཅས་ཀྱི་ལོ་རྒྱུས་རྒྱས་པ་མཁྱེན་ལྡན་རྣམས་པའི་སྤྱན་ལམ་དུ་རྗེས་སུ་འབུལ་རྒྱུ་ཡིན། འདིར་ཡང་སྡེ་གཞུང་གི་ཟ་སྙེད་བརྡབ་གསིག་དང་། བཤུ་གཞོག་མ་བཟོད་པར་ངོ་རྒོལ་བྱས་པའི་རྐྱེན་གོད་ཆག་བྱུང་བ་ཅུང་ཟད་འགོད་པར་འདོད།།

དེ་ནས་རྒྱ་བོད་ཆུ་གླང་གཡུལ་འཁྲུགས་བྱས་ཏེ།༡༩༡༦ལོར་བོད་ནས་རྒྱ་རིགས་གཞུང་ཚབ་བོད་ཞུགས་ཨམ་བྷན་ཕྱིར་འབུད་བྱ་རྒྱུ་ཞེས་དམག་འཁྲུགས་གི་རྒྱལ་ཁ་བོད་ལ་ཐོབ་སྟེ་ཚོ་སྡེ་ཞེ་གཉིས་སམ་ཚོ་པ་སུམ་བཅུ་སོ་དགུ་དེ་སྡེ་ཕ་གཞུང་གི་མགོ་བླངས་ཏེ་ས་སྡེ་བདག་འཛིན་དང་ས་མི་ཞིབ་འཇུག་བྱེད་མི་གཞུང་གི་བཀོད་སྒྲིག་བྱེད་པའི་དུས། ག་སྒོང་གཉིས་ཀྱི་ནང་ལ་ས་མི་ཞིབ་འཇུགས་བྱེད་པར་སེ་རའི་མཁན་ཆེན་ཞིག་བོད་གཞུང་མངག་པ་དེས་སྲིད་པ་ཀེ་རྒུར་ལེབ་གསུམ་ཞེས་བཙན་ཁྲིམས་ཡ་མེད་ཆད་གཅོད་འདྲ་མིན་ཟ་སྙད་བརྡབ་སེག་ཆེ་བའི་བཤུ་གཞོག་མ་བཟོད་པར་འུ་ཐུག་སྟེ་ག་སྒོང་གཉིས་ཀྱི་ནང་ནས་རྒན་རབས་མི་དྲག་ཁ་ཤས་ཀྱིས་སེ་རའི་མཁན་ཆེན་གསོད་རྒྱུས་གྲོས་འཆམ་བྱུང་བ་བཞིན་རྐྱེན་ལམ་དུ་གཏོང་ཏེ་ངོ་རྒོལ་བྱས་པའི་རྐྱེན།བོད་སྡེ་ཕ་གཞུང་ནས་ག་སྒོང་གཉིས་རྩ་བརླག་ཤུལ་མེད་དུ་གཏོང་རྒྱུའི་འཆལ་གཞི་བཟོས་ཏེ་མདའ་ཞབས་གསུམ་གྱི་དམག་དཔུང་བཀོད་སྒྲིག་བྱས་པ་སྟེ།སྨོན་ལམ་མདའ་དཔོན་གྱི་དམག་སྒར་དང་གཞུང་སྡེ་ཀྱུང་རང་གཉིས་ཀྱི་དཔོན་རིགས་མི་དྲག་རྣམས་དམག་དཔོན་མགོ་འདོམ་བསྐོས་ནས་དུད་མི་ཕོ་ཡན་དང་བཅས་པའི་ཡུལ་དམག་བསྡུས་རུག་བྱས་པ་རྣམས་ཁྲིད་དེ་གེ་ཤག་གོང་ནས་ཡོང་།  ཆུང་རམ་མདའ་དཔོན་གྱི་དམག་མི་དང་དགེ་རུ་ཤོག་བརྒྱད་ཀྱི་མགོ་འདོམ་དང་ཡུལ་དམག་ཁྲིད་དེ་ག་རེ་འགགས་ནས་ཡོང་།སྤྲིན་དོན་མདའ་དཔོན་གྱི་དམག་དཔུང་དང་ཚབ་ཤི་བེ་ཅང་གིས་དམག་སྤྱི་བྱས་ཏེ་འབུ་ཚབ་ཡུལ་འབྲོག་གི་ཡུལ་དམག་ཁྲིད་དེ་རྡོ་སྐས་ལ་ནས་ཡོང་སྟེ། ཕྱོགས་གསུམ་གྱི་དམག་དཔུང་དེ་ཉིན་མ་གཅིག་དུས་གཅིག་ལ་ག་སྒོང་གཉིས་ཀྱི་མཐའ་བསྐོར་ཏེ་ཡོང་ཡོང་བས། ག་སྒོང་གཉིས་ཀྱི་འབྲོག་དམངས་རྣམས་ཀྱིས་རྒོལ་འཛིན་དྲག་པོ་བྱས་ཀྱང་། མཐར་མང་སྣེ་ཉུང་གི་མ་བརྟན་པར་ཕོ་མོ་བརྒྱད་ཅུ་གྱ་དགུ་བསད་པ་དང་སྒོ་ཕྱུགས་དང་རྒྱུ་ནོར་ཡོད་ཚད་གཞུང་ལེན་བྱས་ཏེ་ཧ་ལམ་ཤུལ་མེད་དུ་བརླག་པ་རེད། དེ་ལྟར་ག་སྒོང་གཉིས་གཞུང་དམག་ལས་ཕམ་ཉེས་སུ་སོང་བའི་རྒྱུ་མཚན་ཡང་། གཅིག་ནི་གཞུང་གི་དམག་དཔུང་དེ་དག་གསང་བའི་སྒོ་ནས་ཡོང་བས་ག་སྒོང་གཉིས་ནས་དམག་འཐབ་ཀྱི་གྲ་སྒྲིག་གང་ཡང་བྱུང་མེད་པ་དང་། གཉིས་ནས་མང་སྣེ་ཉུང་གི་མ་བརྟན་པ་ཞིག་རེད།དེའང་ཇི་སྐད་དུ།    །གཤེད་བཞི་ལོ་པས་རལ་གྲི་གནམ་ལ་གཡུགས།།ཐ་མ་རལ་གྲིའི་སོ་ཁ་ཞ་ཉེར་འགྱུར།།ག་མིག་ཐང་ལ་ཁྲག་གི་ཆར་པ་བབས།གཤེད་བཞི་ལོ་པས་བསྟན་ཆུས་ཕུང་ནས་ཐལ།།ཡུལ་མི་རྒན་རབས་ཀྱི་ངག་རྒྱུན་ལྟར་ན་ བླ་སྤྲུལ་གོང་མའི་མ་འོངས་ཞལ་བྱང་ཞིག་ཏུ་འཁོད་ཚུལ་ཤོད་ཀྱི་འདུགཞེས་གཤེད་བཞི་་ལོ་པ་ནི། ཧོར་ལྷ་མོ། ཨ་འཚོ་དགའ་མེར།  སྒོ་གསུམ་གཡུ་སྦོ།  ག་གཟི་དབལ་གསས་འགའ་ཞིག་གིས་ནག་རུ་ཕུག་རོན་ཡིན་ཟེར།ལོ་རུས་སྤར་ཁའི་ཐོག་མི་དེ་བཞི་རེད་ཟེར་སྲོལ་འདུག། དེ་ནས་བཟུང་ཚོ་སྡེ་སོ་དགུ་དེ་སོ་བརྒྱད་ལ་འགྱུར་ཅིང་།སྒོང་བེ་ཧུའི་ཚོ་ཁག་མིང་མེད་དུ་བཏང་སྟེ་ཡུལ་འབྲོག་ཤོག་བཞིའི་མང་ཚོགས་འཕྲོ་ལུས་རྣམས། རྐྱང་ཐ་ཤོག་ཁ་དེ་ཀྱུང་རོང་གཉིས་སྤྲད།  ཡུལ་སྡེ་བླ་གཞུང་གཉིས་ནི་ཧོར་སྤྱིའི་གྲགས་དྷམ་ཞེས་རྨར་དཔོན་གི་ཞོར་སྐྱོང་ཟེར་ཏེ་རྨར་དཔོན་ལ་སྤྲད། ཞིབ་གཞུང་གི་ཐོག་མ་མེ་འབུད་ཞིབ་གཞུང་ཞེས་པའི་ནང་དུ་བཀོད།ག་རེའི་ཤི་འཕྲོ་ཕོ་ཧྲིང་མོ་ཧྲིང་རྣམས་གེ་རྩའི་མེ་འབུད་བྱས་ནས་རིམ་བཞིན་རྨར་དཔོན་གྱི་ཁོང་རྟོགས་བྱས།སྒོང་སྟོད་དཔོན་དབང་རྒྱལ་བཀྲ་ཤིས་དཔོན་གནས་གོ་ས་མེད་པར་དར་རྒན་ཞེས་ཁྲལ་འུ་མཉམ་འདུལ་མ་དགོས་ཙམ་ལ་བཞག། དེ་སྒོང་དབང་རྒྱལ་བཀྲ་ཤིས་ཀྱི་ཚེ་སྟོད་ལ་བྱུང་བའི་ལོ་རྒྱུས་སོ།།                                         ལྕམ་ལ་བན་བཟའ་བདེ་ཆེན་དཔལ་མོ་དང་བཀྲ་ཤིས་གཏེར་མཚོ་སྤུན་གཉིས་སྔོན་རྗེས་ཐོག་བཞག་པ་ལ་སྲས་གསུམ་འཁྲུངས་ཀྱང་མ་དབང་པར་དགུང་དུ་གཤེགས་ཤོར་བས་སྒོང་ཚང་གི་བསྟན་ཆུས་ཤུལ་འཛིན་མེད་པ་དང་།དཔོན་རྗེ་གསུམ་སྐུ་ན་བགྲེས་རིམ་བཞིན་གཡོག་བྱ་ལྟ་སྐྱོང་བྱེད་མི་མེད་པས་སྡོད་བློ་མེད་པ་རུ་བྱུང་སྟེ།གཡམ་ཐའི་ནག་རུ་སྦྲ་ཆུང་གི་དཔོན་གངས་རྒྱལ་གྱིས་ལྕམ་དེ་ཉིད་ཚེ་ཡི་དུས་ལས་ཡོལ་ཏེ་སྲས་ཁ་དམར་ཞིག་ལུས་པ་གོ་ཐོས་བྱུང་བས།དཔོན་རྗེ་གསུམ་དང་སྒོང་རུའི་རྒནརབས་མི་དྲག་རྣམས་བསམ་བློ་གཅིག་གྱུར་ཐོག་གྲོས་བསྡུར་བྱས་པར། སྒོང་དཀར་ནག་གཉིས་ནི་ཕ་མ་གཅིག་གི་བུ་རྒྱུད་ཡིན་པས་ད་ལམ་དཔོན་གངས་རྒྱལ་གྱི་སྲས་ཁ་དམར་དེ་བསླང་ནས་ཉྭ་བསྐྱོར་ན་སྒོང་རུའི་བསྟན་ཆུས་གཉིས་ལ་ཕན་ཐོགས་མིན་ཀྱི་ཕྱག་མོ་རྩ་བླ་རིན་པོ་ཆེ་གཡུང་དྲུང་རྒྱལ་མཚན་མདུན་དུ་ཞུ་རྒྱུ་དང་།སྒོང་དཀར་རུའི་བསྟན་ཆུས་ལ་ཕན་ཐོག་འབྱུང་བའི་ཕྱག་མོ་བབས་ཚེ་སྲས་བསླང་རྒྱུར་གཅིག་གྱུར་ཐོག་ནས་ཐག་བཅད།  སྒོང་དབང་རྒྱལ་བཀྲ་ཤིས། ཨ་འཚོ་འབུམ་དར། བན་རུ་འབུམ་རྒྱལ་གསུམ་རྩ་བླ་རིན་པོ་ཆེའི་མདུན་དུ་བཅར་ནས།གོང་འཁོད་ཀྱི་གནས་ཚུལ་རྣམས་ཞིབ་ཞུས་ཐོག་ནག་རུ་དཔོན་ཚང་སྲས་དེ་སྒོང་བེ་ཧུའི་བསྟན་ཆུས་གཉིས་ཐོག་ཏུ་བཞག་ཚེ།སྒོང་རུ་དཔོན་སྡེ་གཉིས་ཀྱི་བསྟན་ཆུས་ལ་རྒྱ་ལ་ཕན་ཐོགས་མིན་གྱི་གནས་དོན་ཐུགས་ཐག་ཆོད་པའི་སྐྱབས་འཇུགས་ཞུས་པས།རྩ་བླ་རིན་པོ་ཆེས་ད་ལྟ་ཁྱེད་ཚོའི་དཔོན་སྡེའི་བསྟན་ཆུས་གལ་ཆེན་གྱི་བྱ་བ་ཞིག་ཡིན་པས་བརྟག་པ་གནོང་སྟེ།སང་ཉིན་ཞོགས་པར་བཤད་རྒྱུ་ཡོད་པ་བྱེད་གསུངས། ཕྱི་ཉིན་སྐུ་མདུན་དུ་བཅལ་བས། ཁྱེད་དཔོན་སྡེ་གཉིས་ཀྱི་འཆར་གཞི་རེ་འདུན་དེ།ནག་རུ་དཔོན་ཚང་ཀྱི་སྲས་དེས་ཁྱེད་ཚོའི་དཔོན་སྡེ་གཉིས་ཀྱི་བསྟན་ཆུས་ལ་ཕན་ཐོག་ཐག་ཆོད་ཡིན།ཕྱག་མོ་དགོངས་རྟགས་ཤིན་ཏུ་ལེགས་པོ་འདུག་གསུང་པ་ལ་ཡིད་ཆེས་བྱས་ཏེ།སྒོང་དབང་རྒྱལ་བཀྲ་ཤིས་དང་། སྒོ་གསུམ་ཕུན་ཚོགས་དཔོན་གཡོག་གཉིས་ནག་རུ་དཔོན་ཚང་སར་སྲས་སློང་བར་སུང་ཞིང་།  ཡབ་གངས་རྒྱལ་ལ་ཁྱེད་ཀྱི་སྲས་ར་དེ་སྒོང་ཚང་གི་བུ་དོད་དང་སྒོང་རུའི་བསྟན་ཆུས་ཀྱི་བདག་པོ་གནང་རོགས་ཞུ་རྒྱུ་དང་། རྩ་བླ་རིན་པོ་ཆེའི་ཕྱག་མོ་བབས་སུང་བས་སྲས་གནང་རྒྱུའི་རེ་བ་མཐའ་གཅིག་ཏུ་ཞུ་རྒྱུ་ཡིན་ཞུས་པ་དང་།མ་ཚད་སྲས་ལ་སྐྱབས་གཡོར་སྐྱོབ་གསུམ་ཕ་མ་དང་ཁྱད་མེད་བྱེད་རྒྱུས་འགན་བླངས་པས། གངས་རྒྱལ་ནས་ད་ང་ཡི་དྭ་ཕྲུག་ཞིག་ལ་ཁྱེད་དཔོན་སྡེ་གཉིས་ཀྱི་རེ་བ་བྱེད་དུས། ཞལ་ངོ་ལྡོག་མི་ཕོད་གསུངས་ཏེ་གནང་རྒྱུའི་ཐུགས་ཐག་བཅད་པ་དང་ཟླ་ཚེས་བཟང་ཉིན་ཞིག་ལ་སྲས་སྐྱེལ་རྒྱུ་བྱས། དེ་ནས་ཚེ་བཟང་སྐར་བཟང་ཉིན་ཞིག་ལ་ཡབ་ནས་སྒོང་ཚང་ཀྱི་ཁྱིམ་དུ་བསྐྱལ་ཏེ་མིང་ལ་སྟག་ཚེ་རིང་བཏགས།  དེ་ནས་བཟུང་སྒོང་ཚང་གི་སྲས་སྐལ་བྱས་ཏེ་དཔོན་རྗེ་གསུམ་གྱི་ཕ་མའི་དོད་པོ་མཛད་དེ་འཚོ་སྐྱོང་བྱམས་གཟིགས་ཀྱིས་ཉྭ་བསྐྱོར་ཏེ།གོང་གི་དབུ་ཁྲིད་བཟང་པོའི་འོག་དུ་འཚར་ལང་བྱུང་བས་དགེ་སྡིག་གཉིས་ལ་གོ་མ་ལོག་ཞིང་།།

བློ་ཕུག་དཀོན་མཆོག་གསུམ་ལ་གཏད།།

བསམ་དཀར་ཁྲ་མོ་སྡེ་ལ་བྱས།།

སོ་ནམ་དཔོན་སྡེའི་ཆུས་ལ་བསམ།།

དྲིན་ལན་དཔོན་རྗེ་གསུམ་ལ་དྲན།།

དེ་བཞིན་སྡེ་མང་ཚོགས་ཀྱི་དོན་དུ་རྐུ་ཇག་བོར་གཏོར་ཤོར་གྱི་ར་མདའ་རྗེས་ཆོད་བྱས་ཚུལ་སོགས་བྱས་རྗེས་མི་ཉུང་བ་ཡོད་ཀྱང་ཞིབ་ཕྲ་འདིར་མ་བཀོད།དེ་ནས་ལོ་རྒྱུས་ཐོག་ཏུ་ཚོ་པ་སུམ་བཅུ་སོ་དགུའི་ནང་ནས་སྒོང་བེ་ཧུའི་ཚོ་ཁག་མིང་མེད་དུ་སོང་ཞིང་ཚོ་པ་སོ་དགུ་དེ་སོ་བརྒྱད་དུ་གྱུར་པ་དེ་ཡང་སླར་སྒོང་བེ་ཧུའི་གོ་གནས་བསྐྱར་གསོ་བྱས་ཏེ་ཚོ་སྡེ་སོ་དགུའི་གྲལ་དུ་སླེབ་པ་བྱ་རྒྱུའི་སེམས་ཤུགས་ཡོད་ཀྱང་།གོང་འཁོད་ལྟར་སྒོང་རུའི་སྡེ་དུད་རྣམས་རེ་དཀར་སོག་གསུམ་ཀྱུང་རོང་ནེམ་གསུམ་སོགས་ཚོ་ཁག་མང་པོ་ཞིག་གི་ནང་དུ་བསྒོ་བཤའ་བཏང་སྟེ་འཐོར་རྒྱ་ཆེ་བར་བརྟེན་བསྡུས་རུག་དགོས་ཀྱང་ཧ་ཅང་དཀའ་བའི་གནས་སུ་མཆིས་མོད། ཡིན་ནའང་ ༡༩༤༩ ལོ་བཅིངས་འགྲོལ་དཔོན་དམག་གི་ཐོག་མ་སྟེང་ཆེན་དུ་འབྱོར་བ་ནས་བཟུང་རྒྱ་བོད་གཉིས་ལ་སྐྱིད་སྡུག་གི་ཞུ་འབུལ་རིམ་པར་བྱས་མཐར་སྒོང་བེ་ཧུའི་ཚོ་ཁག་དེ་ལོ་རྒྱུས་ཀྱི་ཐོབ་ཐང་བསྐྱར་གསོ་བྱེད་ཆོག་པའི་ཆོག་མཆན་ཐོབ་པ་དང་འབྲེལ་རྨ་རུ་དཔོན་ནས།ཡུལ་སྡེ་བླ་གཞུང་གཉིས་དང་སྒོང་རུ་ག་རེ་བཅས་ས་ཕྱེད་གཞུང་ལོག་གི་རྩིས་སྤྲོད་བྱས། ཀྱུང་པ་དང་རང་པོ་དཔོན་གཉིས་ནས་རྐྱང་ཐའི་སྡེ་དུས་རྣམས་གཞུང་སྡེ་ཡིན་པའི་ལོ་རྒྱུས་ཀྱི་རིགས་བཤད་ཀྱང་།མཐར་༡༩༥༡ལོ་སྟེང་ཆེན་དུ་ཚོ་ཁག་ཞེ་གཉིས་ཀྱི་ཚོགས་འདུ་ཆེན་མོ་འཚོགས་ཏེ།ཚོ་སྤྱི་ཝང་སྲི་ལན་དང་ཧོར་རྒྱལ་སྲས་གཉིས་ཚོ་པ་སོ་དགུ་དང་རེ་དཀར་སོ་གསུམ་བཅས་ཀྱི་སྤྱི་ཁྱབ་ཏུ་བསྐོ་བཞག་བྱས་པ་དང་།ལོ་རྒྱུས་ཐོག་གི་ཚོ་སྡེ་སོ་དགུ་དེ་སོ་བརྒྱད་ལ་འགྱུར་ཏེ་སྒོང་བེ་ཧུའི་ཚོ་ཁག་མིང་མེད་དུ་སོང་པ་ལ། ད་ལམ་སྒོང་བེ་ཧུའི་ཚོ་ཁག་བསྐྱར་གསོ་བྱེད་རྒྱུའི་རེ་འདུན་ལ་རྒྱ་བོད་གཉིས་ནས་ཆོག་མཆན་གཏན་འབེབ་གནང་བ་དང་།  སྒོང་སྟོད་དཔོན་སྟག་ཚེ་རིང་ལ་སྒོང་བེ་ཧུའི་ཐོབ་ཐང་གོ་གནས་བསྐྱར་གསོ་གནང་བ་དང་མ་ཚད་ཁྲི་རྡོ་རྫོང་བཅིངས་འགྲོལ་ཨུ་ཡོན་ལྷན་ཁང་ཁའོ་ཀྲང་གི་གོ་གནས་གནང་བ་ལ་ཚོགས་ཆེན་ཐོག་ཚང་མས་ལག་པ་བརྐྱང་སྟེ་དང་ལེན་དང་དགའ་བསུ་ཞུས་པ་རེད། ཀྱུང་རང་གཉིས་ནས་རྐྱང་ཐའི་སྡེ་དུས་རྣམས་ཕྱིར་སྤྲོད་མི་བྱེད་ཐབ་མེད་དུ་བྱུང་བ་རེད། བོད་ནས་གཞུང་བཞེས་བྱས་པའི་སྒོང་རུ་ག་རེའི་ས་ཞིང་རྣམས་དང་། སྒོང་སྟོད་ཡུལ་འབྲོག་བར་གསུམ་གྱི་སྔར་ཡོད་ས་སྡེ་ཐོབ་ཐང་དབང་ཆ་བདག་འཛིན་བྱུང་བ་རེད།།

རང་བསྟོད་གཞན་སྨད་དུས་རབས་གསར་པའི་ཁྲོད།།

ཕྲག་དོག་དུག་ཆུའི་སྨྱོས་པའི་མཁས་རློམ་འགས།།

ཕྱོགས་ལྷུང་རྣོ་ངར་མདའ་མོ་མང་བསྣུན་ཡང།།

བདེན་པའི་ཁྲབ་དཀར་གྱོན་པས་བདག་མི་ཞུམ།།

ཞེས་དུག་ལྔའི་གདོན་གྱིས་བསླུས་པའི་མཁས་རློམ་འགའ་ཡིས་ཕྱོགས་ལྷུང་འཁྱལ་ཚིག་དུ་མས་ཡིས་ཡང་ཡང་བསྐུལ་བར་བརྟེན། རང་གི་ཕ་ཡི་བྲིས་པའི་ལོ་རྒྱུས་ཀྱིས་ཟིན་ཐོ་དང་ཡུལ་མི་རྒན་གྲས་རྣམས་ཀྱི་ངག་རྒྱུན་ལྟར་བཅོས་བསླད་མེད་པར་ཁྱུང་མུ་ཝེར་རམ་སྒོང་སྲས་དམུ་རྒྱལ་ཉི་མས་གཞི་བདག་ཁྱུང་ཐོག་བཙན་རྒོད་འབར་བའི་མདུན་ཞོལ་དུ་བྲིས།།

 

 

 

 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.