སྒང་ཚང་གཞིས་ཀ
 
ཟིན་བྲིས་ལི་ཐོ།
<<  < 2021 - >  >>
1234567
891011121314
15161718192021
22232425262728
2930
སྤྱི་བསྒྲགས།

  ཟུངས་ཁྲག་དྲོན་མོའི་རྒྱུ་བ་མ་འགག་ཅིང།།

  རིན་ཆེན་སྲོག་གི་དམུ་ཐག་མ་ཆད་བར།།

  མ་ཡུམ་གངས་རིའི་པང་དུ་སྐྱེས་པའི་དོད།།

ལྷག་བསམ་འཕར་མའི་བསྣན་ཁ་སྤྲད་བར་འདོད།།

   དངོས་མིང་། སྒང་སྲས་དམུ་རྒྱལ་ཉི་མ། སྙུག་མིང་། ཁྱུང་མུ་ཝེར།

   ཁ་པར།  ༡༨༣༠༨༠༨༧༧༨༨

    qq    1750271917

ཆེད་སྒྲིག་རྣམ་དབྱེ།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
འཚོལ་བཤེར།
སྦྲེལ་མཐུད།
ཟིན་བྲིས་སྤྱི་བསྡོམས།
  • ཟིན་ཐོ། 35
  • དཔྱད་བརྗོད། 22
  • ཆེམས། 0
  • ཀློག་གྲངས། 8443


 
རྗེ་དྲིན་ཆེན་བླ་མ་མཁྱེན་ནོ།
[ 2013/9/8 21:21:00 | By: ཁྱུང་མུ་ཝེར། ]
 

 

  རྗེ་དྲིན་ཅན་བླ་མ་མཁྱེན་ནོ།
 
ངོ་བོ་ཀ་དག་མཐའ་བྲལ་བོན་གྱི་སྐུ།།
མ་འགག་ལྷུན་གྲུབ་བདེ་སྟོང་རྫོཌ་པའི་སྐུ།།
དམིགས་མེད་བློ་འདས་ཅི་ཡང་སྤྲུལ་པའི་སྐུ།།
དབྱེར་མེད་སྐུ་གསུམ་ངོ་བོ་བླ་མར་འདུད།།

རབ་འབྱམས་རྒྱལ་བའི་ཕྲིན་ལས་གཅིག་བསྡུས་གར།།
ཟླ་མེད་མགོན་པོ་དབལ་བོན་ཐུགས་ཀྱི་སྲས།།
མ་བགོས་སྤྱི་ཡི་བསོད་ནམས་ལས་འཁྲུངས་ཤིང་།།
འགྲོ་ཀུན་བློ་ཡི་མུན་པ་སེལ་བའི་གཉེན།།

སྟོབས་བཅུ་མི་འཇིགས་བཞི་ཡི་རྩལ་རྣམ་ཀུན།།
ཡོངས་སུ་རྫོཌ་པའི་འདྲེན་མཆོག་ཟླ་བའི་མཚན།།
གཟུགས་སྐུའི་བཀོད་པ་བོན་ཉིད་དབྱིངས་བསྡུས་ནས།།
བགྲང་བྱ་ཧྲིལ་པོར་འཁོར་བའི་ཉིན་མོ་འདིར།།

ཁ་མིན་སེམས་ནས་མོས་པའི་རྦ་རླབས་འཕྱུར།།
ལུས་ངག་ཡིད་གསུམ་དད་པའི་སྤུ་ལོང་གཡོས།།
ཡལ་འདབ་ལྔ་པ་གུས་པའི་ཐལ་མོ་སྦྱར།།
གདུང་བའི་དབྱངས་ཀྱིས་གསོལ་འདེབས་དྲག་པོ་བགྱིས།།

སྐྱེ་འཆི་མི་མངའ་ཚེ་ཡི་དབང་ཐོབ་ཀྱང་།།
རྟག་འཛིན་ཅན་རྣམ་སུན་ཕྱུང་དགེ་བསྐུལ་ཕྱིར།།
དགོངས་པ་བོན་དབྱིངས་གཤེགས་པའི་ཚུལ་བསྟན་ཏེ།།
གཟུགས་སྐུའི་བཀོད་པ་ཀུན་བཟང་ངང་དུ་བསྡུས།།

མཐའ་མེད་འགྲོ་ལ་ཐུགས་ཀྱིས་ཆེར་དགོངས་ལ།།
ཡང་སྤྲུལ་རང་རྟགས་གསལ་བའི་ཟླ་དཀར་ཞིག།
གདུལ་བྱའི་འགྲོ་ཁམས་ལྷ་ཡི་ལམ་ཡང་པོར།།
རིང་མིན་མྱུར་དུ་འཆར་བའི་སྨོན་འདུད་ཞུ།།

༢༠༡༣ལོ་བོད་ཟླ༢ ཚེ་༡༠ཉིན་ས་གསུམ་འགྲན་བྲལ་སེམས་དཔའ་ཟླ་གྲགས་རིན་ཆེན་
ཕུན་ཚོགས་དབང་གི་རྒྱལ་པོ་མཆོག་གཟུགས་སྐུའི་བཀོད་པ་བོན་ཉིད་དབྱིངས་སུ་བསྡུས་
ནས་བགྲང་བྱ་ཧྲིལ་པོར་འཁོར་བ་དང་སྐུ་གདུང་རིན་པོ་ཆེ་ཞུགས་ལ་ཕུལ་བའི་དུས་དེར་སྒོ་
གསུམ་མི་ཕྱེད་གུས་པའི་སྒོ་ནས་གསོལ་བ་བཏབ་པའོ།



 
 
དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
Powered by Oblog.