སྒང་ཚང་གཞིས་ཀ
 
ཟིན་བྲིས་ལི་ཐོ།
<<  < 2021 - 12 >  >>
1234567
891011121314
15161718192021
22232425262728
293031
སྤྱི་བསྒྲགས།

  ཟུངས་ཁྲག་དྲོན་མོའི་རྒྱུ་བ་མ་འགག་ཅིང།།

  རིན་ཆེན་སྲོག་གི་དམུ་ཐག་མ་ཆད་བར།།

  མ་ཡུམ་གངས་རིའི་པང་དུ་སྐྱེས་པའི་དོད།།

ལྷག་བསམ་འཕར་མའི་བསྣན་ཁ་སྤྲད་བར་འདོད།།

   དངོས་མིང་། སྒང་སྲས་དམུ་རྒྱལ་ཉི་མ། སྙུག་མིང་། ཁྱུང་མུ་ཝེར།

   ཁ་པར།  ༡༨༣༠༨༠༨༧༧༨༨

    qq    1750271917

ཆེད་སྒྲིག་རྣམ་དབྱེ།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
འཚོལ་བཤེར།
སྦྲེལ་མཐུད།
ཟིན་བྲིས་སྤྱི་བསྡོམས།
  • ཟིན་ཐོ། 35
  • དཔྱད་བརྗོད། 22
  • ཆེམས། 0
  • ཀློག་གྲངས། 8447


 
སྒོར་མོའི་དུས་རབས།
[ 2013/12/25 23:02:00 | By: ཁྱུང་མུ་ཝེར། ]
 
 སྒོར་མོའི་དུས་རབས།

 

                                        ཁྱུང་མུ་ཝེར།

༧ཐོབ་ཆེན་བླ་སྤྲུལ་སྒོར་མོ་མཐོང་ན་འོ་བརྒྱལ་མེད།།

རབ་བྱུང་བཙུན་པས་སྒོར་མོ་མཐོང་ན་འདུལ་ཁྲིམས་བརླག།

དྲང་བདེན་དཔོན་པོས་སྒོར་མོ་མཐོང་ན་གཡོན་ཐལ་ཤོར།།

ན་ཆུང་མཛེས་མས་སྒོར་མོ་མཐོང་ན་རང་ལུས་འཚོང་།།

༧ཨ་ཁུ་འབྲོག་པས་སྒོར་མོ་མཐོང་ན་སྒོ་ནོར་བཤའ།།

ཞིང་པ་རྒད་པོས་སྒོར་མོ་མཐོང་ན་ཕ་ཞིང་འཚོང་།།

འབྱོར་ལྡན་ཚང་པས་སྒོར་མོ་མཐོང་ན་སྒོ་ཁྱི་འཚོང་།།

དེང་དུས་མི་ཡིས་སྒོར་མོ་མཐོང་ན་ཕ་ཆོས་ཕུང་།།

སྒོར་མོ་ཡོད་ན་རྨོངས་རྟུལ་ཡིན་ཡང་མཁས་གྲལ་སླེབས།།

སྒོར་མོ་ཡོད་ན་ཉེན་ཆེན་ཡིན་ཡང་ཁྲིམས་ནས་ཐར།།

སྒོར་མོ་ཡོད་ན་ཤན་པ་ཡིན་ཡང་གྲོགས་སུ་གྱུར།།

སྒོར་མོ་ཡོད་ན་རྒད་མོ་ཡིན་ཡང་གནས་སར་སླེབས།།

༧སློབ་མཐར་ཕྱིན་ཡང་སྒོར་མོ་མེད་ན་ལས་མི་རག།

དྲང་བདེན་ཡིན་ཡང་སྒོར་མོ་མེད་ན་ཁྲིམས་རར་ལྷུང་།།

ཉེ་འབྲེལ་ཡིན་ཡང་སྒོར་མོ་མེད་ན་དགྲ་རུ་གྱུར།།

མཛངས་མ་ཡིན་ཡང་སྒོར་མོ་མེད་ན་གོ་རྩར་ལུས།།

༧སྤུན་ཟླའི་མཐུན་སྒྲིལ་དངུལ་ལོ་དམར་པོ་ཁྱོད་ཀྱིས་བརླགས།།

དུག་ལྔའི་སྣ་འདྲེན་དངུལ་ལོ་དམར་པོ་ཁྱོད་ཀྱིས་བྱེད།།

འདི་ཕྱི་གཉིས་ཀ་དངུལ་ལོ་དམར་པོས་ཕུང་ནས་ཐལ།།

ཨ་ཙི་ཨ་ཙི་དངུལ་ལོ་དམར་པོའི་ཆོ་འཕྲུལ་ལ།།

 
 
དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
Powered by Oblog.