སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ལི་ཐོ།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
པར་མཛོད།
ནང་འཇུག
སྒྲིག་འཇུག...
དྲ་གྲོགས།
སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
སྒྲིག་འཇུག...
༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེའི་དགུང་གྲངས་དགུ་བཅུ་ཟིན་ལ་ཉེ་བ། | 2012/5/5 13:40:00
༧ སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་འི་དགུང་གྲངས་དགུ་བཅུ་ཟིན་ལ་ཉེ་བ།
རང་ཅག་བོན་འབངས་ཡོངས་ཀྱི་མེ་ཏོག་གང་ལ་ཕོགས་པའི་ལྷ་སྐལ་༧སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་མཆོག་དགུངས་གྲངས་དགུ་བཅུ་ཟིན་ལ་ཉེ་བ་ཡིན་ཀྱང་། ད་དུང་བསྟན་པ་དང་འགྲོ་བའི་དོན་དུ་སྐུ་ངལ་འཛེམས་མེད་ཐོག་ཉིན་རེ་བཞིན་དུ་མཛད་འཕྲིན་བསམ་གྱིས་མི་ཁྱབ་པ་བསྐྱངས་བཞིན་ཡོད་པར་བརྟེན། རང་ཉིད་བོན་པོ་ཞིག་ཡིན་པའི་ཆ་ནས་རྩེ་གཅིག་དད་པའི་སྒོ་ནས་སོར་བཅུའི་ཐལ་མོ་སྙིང་ཁར་སྦྱར་ཏེ་སྔགས་བརྗོད་དང་བསྟོད་ཚིག་གསོལ་འདེབས་འབུལ་དགོས་པ་ནི་རང་གི་ཕྲག་ལ་བབས་པའི་འགན་འཁྲི་ཞིག་ཅིའི་ཕྱིར་མིན། བླ་མའི་སྐུ་ཚེ་ཅི་ཙམ་བརྟན་པར་བཞུགས་དང་མི་བཞུགས་དེ་ཕྱེད་ཙམ་སློབ་མའི་དད་པ་དང་དག་སྣང་ལ་རག་ལས་ཡོད་པ་ལུང་ལས་བཞེད་པས་རང་ཅག་བོན་འབངས་རྣམས་ཀྱིས་གསོལ་འདེབས་དང་བླ་མའི་རྣམ་འབྱོར་སོགས་མདོར་ན་བླ་མའི་སྐུ་ཚེ་བརྟན་པའི་ཆེད་དུ་བྱེད་རྒྱུ་གང་ཡོད་རྣམས་བྱེད་དགོས་པའི་དུས་ཤིག་ལ་སླེབ་ཡོད་པར་མཐོང་གི་འདུག ཕྱི་ཡི་ཁོར་ཡུག་ཟིང་ཆ་ཆེ་བ་དང་དང་ནང་བསམ་བློའི་རྣམ་རྟོག་ཧ་ཅང་རྒོད་པའི་དུས་སྐབས་འདིར། སངས་རྒྱས་བསྟན་པ་སྤྱི་དང་ཡང་དགོས་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་འདི་ཉིད་འཇིག་རྟེན་གྱི་ཁམས་འདིར་ཤིན་ཏུ་ཉག་ཕྲ་བའི་ཆེས་གཉེན་འཕྲང་ཅན་ཞིག་ཡིན་པ་ཕྱོགས་ཡོངས་ནས་བལྟས་ན་རྟོགས་ནུས་ཤིང་། བསྟན་འཛིན་གྱི་སྐྱེས་ཆེན་དམ་པ་རྣམས་དང་ལྷག་པར་དུ་༧་སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་མཆོག་བསྟན་པ་དང་འགྲོ་བའི་དོན་དུ་སྐུ་མི་འགྱུར་གཡུང་དྲུང་གི་ཁྲི་ལ་བརྟན་པར་བཞུགས་པའི་གསོལ་འདེབས་ཕུར་ཚུགས་སུ་འདེབས་དགོས་པ་བོད་ཕྱི་ནང་གི་སྤྱི་བོ་གནམ་བསྟན་གྱི་བོན་འབངས་ཡོངས་ཀྱི་ལས་འགན་རེད་སྙམ་གྱི་འདུག ལྷག་པར་དུ་གཡུང་དྲུང་གི་བོན་རིན་པོ་ཆེ་ཞེས་པའི་ཚིག་ཏུ་ཅི་ཙམ་བཤད་ཀྱང་མཐའ་གཏུག་ས་སྔགས་དང་རྫོགས་ཆེན་གྱི་གདམ་པ་ཟབ་མོ་གསེར་ཞུན་ལྟ་བུའི་རྒྱུད་སྡེ་རྣམས་ཡིན་པར་བརྟེན། དེང་དུས་སུ་དེ་དག་གི་དོན་འཇིག་རྟེན་ཁམས་འདིར་གསལ་བར་བྱེད་པ་དང་། སྤྱིར་རྫོགས་ཆེན་དེའི་ནང་ཀྱང་ཞང་ཞུང་སྙན་རྒྱུད་དང་མ་རྒྱུད་སངས་རྒྱས་རྒྱུད་གསུམ་སོགས་ཀྱི་གདམ་པ་ཟབ་མོ་རྣམས་ཀྱི་དོན་གསལ་བར་བྱེད་པ་༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེའི་བཀའ་དྲིན་ཉག་ཡིན་པ་དང་། གདམ་པ་ཟབ་མོ་དེ་དག་གི་དོན་ཡོངས་སུ་རྒྱུད་ལ་སྐྱེ་བ་ལ་ཚད་མའི་རིག་པ་ནང་བཞིན་དཔྱད་པ་ཁོ་ནའི་ལམ་ནས་མཐོང་མི་སྲིད་པར་བླ་མའི་རྣམ་འབྱོར་དང་བསྒྲགས་ནས་སྔགས་རྫོགས་ཀྱི་གདམ་པ་ཟབ་མོ་རྣམས་ཀྱི་དོན་རྒྱུད་ལ་སྐྱེ་དགོས་པ་སོགས་བཀའ་སློབ་རང་ཅག་སློབ་འབངས་ཡོངས་ཀྱི་སྤྱིར་བོར་བབས་ཤིང་། ལྷག་པར་དུ་དུས་རབས་འདིའི་ནང་ལ་གདམ་པ་ཟབ་མོ་རྣམས་ཀྱི་ཞལ་ལུང་དང་ཞལ་རྒྱུན་དྲི་མ་མེད་པ་སོགས་ཅི་ཡོད་རྣམས་༧སྐྱབས་རྗེ་བླ་མ་དམ་པ་ཁོང་ལ་གཏུག་དགོས་པ་མ་ཟད་སྔགས་དང་རྫོགས་ཆེན་གྱི་གདམ་པ་ཟབ་མོ་རྣམས་རང་ཅག་སློབ་འབངས་རྣམས་ཀྱིས་སྤྲིན་བར་གྱི་ཉི་མ་ལྟ་བུ་ཞིག་མཇལ་རྒྱུའི་གོ་སྐབས་བྱུང་བ་རྣམས་༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེའི་བཀའ་དྲིན་ཡིན་པར་སྨོས་མི་དགོས་ཤིང་། སྔགས་རྫོགས་གཉིས་ཀྱི་བསྟན་པའི་བདག་ཉིད་དུ་གྱུར་པ་དང་། ལྷག་པར་དུ་སྔགས་དང་རྫོགས་ཆེན་གཉིས་ཀྱི་བསྟན་པ་རིན་པོ་ཆེ་འཇིག་རྟེན་མུན་པའི་སྨག་རུམ་འདིར་ཤིན་ཏུ་གསལ་བར་བྱས་པ་སོགས་མདོར་ན་གང་ཟག་ཐ་ཤལ་བ་ཞིག་གིས་ཁྱེད་ཀྱི་མཛད་འཕྲིན་རྣམས་ཀྱི་དོན་རྟོགས་པར་མི་ནུས་ལ། ་ཁྱེད་ཀྱིས་ཕྱི་ནང་གསང་བའི་མཛད་འཕྲིན་རྣམས་བརྗོད་ཀྱི་མི་ལངས་ཀྱང་། རང་སེམས་རྣམ་པར་དག་པའི་སྒོ་ནས་དད་པའི་ཐལ་མོ་སྙིང་ཁར་སྦྱར་ནས་བྲིས་པ་ཡིན། ད་རུང་བསྟན་པ་དང་འགྲོ་བའི་དོན་ཆེན་མ་རྫོགས་བར་དུ་ཁྱེད་ཀྱི་མཛད་འཕྲིན་དབྱར་ངོའི་ཟླ་ལྟར་རྒྱས་པའི་བཀྲ་ཤིས་སྨོན་འདུན་ཞུ་བཞིན་ཡོད་པ་བཅས།
ཨེ་མ་ཧོ། བསླབ་གསུམ་བསྟན་པའི་བདག་ཉིད་འགྲོ་བའི་མགོན། ཀུན་མཁྱེན་ཉི་དབང་རྣམ་རོལ་དགོངས་རྩལ་རྫོགས། མདོ་སྡེ་སྔགས་ཀྱི་གནས་ལུགས་རྫོགས་པ་ཆེ། བསྟན་པ་འཛིན་སྐྱོང་འཕྲིན་ལས་རྣམ་པར་དག ཡོངས་འཛིན་སྨྲ་བའི་དབང་པོར་གསོལ་བ་འདེབས།
དཔལ་ལྡན་ཁྲི་བརྟན་ནོར་རྩེའི་སློབ་གཉེར་བ་མགྲིནས་ངག་གི་ཁུ་བྱུག་ནས་ཕུལ།
- ཟིན་ཐོ་གོང་མ།དོན་འབུམ་གྱི་གཞུང་ལས་འཕྲོས་པའི་བདེན་གཏམ་རིག་པའི་རང་སྒྲ།
- ཟིན་ཐོ་འོག་མ།སེམས་ཀྱི་སྙིང་གཏམ་དྲོན་མོ།
མཆོག་གསུམ་དམ་ཅན་རྒྱ་མཚོའི་རོལ་མཚོ་འཁྱིལ་པའི་དབུས་སུ་སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་མཆོག་ཉིད་སྐུ་ཚེ་བསྐལ་བརྒྱར་བརྟན་ཞིང་ཐུགས་ཀྱི་བཞེད་དགོངས་ཐམས་ཅད་གེགས་མེད་དུ་འགྲུབ་པར་ཤོག །
བོན་སྨྱུག་གིས་ཁྱུང་པོ་སྟེང་ཆེན་དགོན་ནས་ཕུལ།
བོན་སྨྱུག་གིས་ཁྱུང་པོ་སྟེང་ཆེན་དགོན་ནས་ཕུལ།
གཡུང་དྲུང་བོན་ལ་སྤྱོད་པའི་གང་ཟག་ཡིན་ན་སྐྱབས་རྗེ་ཡོངས་འཛིན་
རིན་པོ་ཆེའི་མཛད་འཕྲིན་ཡར་ངོའི་ཟླ་བཞིན་རྒྱས་པ་དང་སྐུ་ཚེ་བསྐལ་
བརྒྱར་བརྟན་པའི་ཁ་གཡང་སྨོན་ལམ་དུས་ནམ་ཡང་མ་བརྗེད་རོགས། །
སྟེང་དགོན་སྲོ་ལོ་དཀར་པོའི་རེ་བ་ཡིན། །
རིན་པོ་ཆེའི་མཛད་འཕྲིན་ཡར་ངོའི་ཟླ་བཞིན་རྒྱས་པ་དང་སྐུ་ཚེ་བསྐལ་
བརྒྱར་བརྟན་པའི་ཁ་གཡང་སྨོན་ལམ་དུས་ནམ་ཡང་མ་བརྗེད་རོགས། །
སྟེང་དགོན་སྲོ་ལོ་དཀར་པོའི་རེ་བ་ཡིན། །
[i]བླ་མ་ཡི་དམ་མཁའ་འགྲོ་བོན་སྐྱོངས་ལ།
སྒོ་གསུམ་གུས་པའི་ཉེ་བར་སྐྱབས་སུ་གསོལ།
བསྒྲོད་པའི་ལམ་ལ་འགག་སྐྱོན་མེད་པ་དང་།
བསམ་དོན་བར་ཆོད་མེད་པར་མཐར་ཕྱིན་མཛོད།
ཁྱུང་བཙུན་བ་པ་ནས་ཕུལ་
སྒོ་གསུམ་གུས་པའི་ཉེ་བར་སྐྱབས་སུ་གསོལ།
བསྒྲོད་པའི་ལམ་ལ་འགག་སྐྱོན་མེད་པ་དང་།
བསམ་དོན་བར་ཆོད་མེད་པར་མཐར་ཕྱིན་མཛོད།
ཁྱུང་བཙུན་བ་པ་ནས་ཕུལ་
བོན་འབངས་ལྷ་སྡེ་ཀུན་གྱི་བསོད་སྐལ་དུ་འཁྲུངས་པའི་སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་མཆོག་བསྟན་དང་འགྲོ་བའི་དོན་དུ་སྐུ་ཚེ་ཁྲི་ལོ་
བརྟན་ཞིང་མཛད་འཕྲིན་དབྱར་མཚོའི་དཔལ་ལྟར་རྒྱས་པའི་སྨོན་ལམ་གྱི་ཁ་གཡང་དྲོད་མོ་དུས་ནམ་ཡང་གྱེར་བཞིན་ཡོད།། ཤེས་རབ་སྙིང་པོས་སྟེང་དགོན་ནས་ཕུལ།།
བརྟན་ཞིང་མཛད་འཕྲིན་དབྱར་མཚོའི་དཔལ་ལྟར་རྒྱས་པའི་སྨོན་ལམ་གྱི་ཁ་གཡང་དྲོད་མོ་དུས་ནམ་ཡང་གྱེར་བཞིན་ཡོད།། ཤེས་རབ་སྙིང་པོས་སྟེང་དགོན་ནས་ཕུལ།།
ཨེ་མ་ཧོ། རབ་འབྱམས་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཀྱི། མཁྱེན་བརྩེ་ཡེ་ཤེས་ངོ་བོ་གཅིག་བསྡུས་ཏེ། ཟབ་རྒྱས་གཤེན་བསྟན་སྤེལ་བའི་འཕྲིན་ལས་ཅན། ལུང་རྟོགས་བསྟན་པའི་ཉི་མ་རྟག་འཆར་ཤོག
རིང་ནས་རྣམ་དཀར་གྲུབ་འབྲས་ལས་ཐོན་པའི། དབལ་གཤེན་སྟག་ལ་མངོན་བྱོན་འདྲེན་མཆོག་རྗེ། མཚུངས་བྲལ་འཆི་མེད་གཡུང་དྲུང་ཞེས་སུ་གྲགས། ཞབས་ཟུང་འགྱུར་མེད་ཁྲི་རུ་རྟག་བརྟན་ཤོག
གཡུང་དྲུང་བོན་གྱི་བསྟན་པའི་ཀ་ཆེན་འཛམ་གླིང་བླ་མ་སྐྱབས་རྗེ་མཁན་སློབ་རྣམ་གཉིས་སྐུ་ཚེ་ཁྲི་ལོ་ནས་ཁྲི་ལོ་བརྟན་པར་ཤོག ཁྲི་ལོ་ནས་ཁྲི་ལོ་བརྟན་པར་ཤོག ཁྲི་ལོ་ནས་ཁྲི་ལོ་བརྟན་པར་ཤོག

བརྗོད་བྱ་འདི་སྐུ་མགྲོན་0gw3BN(སྐུ་མགྲོན)ལགས་ཀྱིས་དུས་ཚོད་2012-05-11 18:00:16སྟེང་འདྲེན་བཀོལ་བྱས་ཏེ་དཔྱད་གཏམ་སྤེལ་དོན།
ཨེ་མ་ཧོ། རབ་འབྱམས་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཀྱི། མཁྱེན་བརྩེ་ཡེ་ཤེས་ངོ་བོ་གཅིག་བསྡུས་ཏེ། ཟབ་རྒྱས་གཤེན་བསྟན་སྤེལ་བའི་འཕྲིན་ལས་ཅན། ལུང་རྟོགས་བསྟན་པའི་ཉི་མ་རྟག་འཆར་ཤོག
རིང་ནས་རྣམ་དཀར་གྲུབ་འབྲས་ལས་ཐོན་པའི། དབལ་གཤེན་སྟག་ལ་མངོན་བྱོན་འདྲེན་མཆོག་རྗེ། མཚུངས་བྲལ་འཆི་མེད་གཡུང་དྲུང་ཞེས་སུ་གྲགས། ཞབས་ཟུང་འགྱུར་མེད་ཁྲི་རུ་རྟག་བརྟན་ཤོག
གཡུང་དྲུང་བོན་གྱི་བསྟན་པའི་ཀ་ཆེན་འཛམ་གླིང་བླ་མ་སྐྱབས་རྗེ་མཁན་སློབ་རྣམ་གཉིས་སྐུ་ཚེ་ཁྲི་ལོ་ནས་ཁྲི་ལོ་བརྟན་པར་ཤོག ཁྲི་ལོ་ནས་ཁྲི་ལོ་བརྟན་པར་ཤོག ཁྲི་ལོ་ནས་ཁྲི་ལོ་བརྟན་པར་ཤོག ལྗང་ཤེར་བསྟན་པས།

ཨེ་མ་ཧོ། བསླབ་གསུམ་བསྟན་པའི་བདག་ཉིད་འགྲོ་བའི་མགོན།།
ཀུན་མཁྱེན་ཉི་དབང་རྣམ་རོལ་དགོངས་རྩལ་རྫོགས།།
མདོ་སྡེ་སྔགས་ཀྱི་གནས་ལུགས་རྫོགས་པ་ཆེ།།
བསྟན་པ་འཛིན་སྐྱོང་འཕྲིན་ལས་རྣམ་པར་དག །
ཡོངས་འཛིན་སྨྲ་བའི་དབང་པོ་གསོལ་བ་འདེབས།།
རིན་པོ་ཆེ་ཉིད་ཀྱི་སྐུ་ཚེ་བསྐལ་བརྒྱར་བརྟན་ཞིང་ཐུགས་དགོངས་གེགས་མེད་དུ་འགྲུབ་པའི་སྨོན་མདུན་ཞུ། ཁྱུང་ཡུལ་ནས།

ཡོངས་འཛིན་རིན་པོ་ཆེ་སྐུ་ཚེ་བསྐལ་བརྒྱར་བརྟན་པར་ཤོག །
ཁྲི་ལོ་བརྟན་པར་ཤོག།