ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
པར་མཛོད།
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
ངའི་སེམས་ཀྱི་བརྩེ་བ་འདིས་ང་རང་སྡུག་བསྔལ་གྱི་གནས་སུ་བསྐྱལ། | 2012/6/4 15:25:00

ངའི་སེམས་ཀྱི་བརྩེ་བ་འདིས་ང་རང་སྡུག་བསྔལ་གྱི་གནས་སུ་བསྐྱལ།

གནམ་འོག་གི་འཇིག་རྟེན་འདི་ནས་ངའི་སེམས་ཁྱོད་གཅིག་པུ་ལ་འཁོར་དགོས་པ་ག་རེ་ཡིན་ན། ངོ་མ་ཁ་ནང་དུ་འཁོར་ནས་བསམ་བློ་རེ་བཏང་ཚེ་རང་གི་རང་ལ་ངོ་མཚར་སྐྱེ་ཞིང་།  ཅི་ཡང་ཆ་མི་འཚལ་བའི་རང་སེམས་སྟོང་པའི་ཀློང་ནས་གློ་བུར་དུ་དྲན་རྟོག་ཞིག་ཐོལ་གྱིས་བྱུང་སྟེ་དྲན་རྟོག་གི་ཆུ་རྒྱུན་རིང་མོ་དེ་ཁྱོད་ཀྱི་ཕྱོགས་སུ་བཞུར་སོང་། ངས་གླེན་པའིཨུ་ཚུག་ཅི་ཙམ་བྱས་ཀྱང་དྲན་རྟོག་རང་དབང་མེད་པར་ལས་ཀྱིས་གཡོས་ནས་རང་བཞིན་གྱི་ཡིད་དུ་འོང་བའི་ཁྱོད་ཀྱི་ཕྱོགས་སུ་ཕྱིན་སོང་། ཉི་མ་རེ་རེ་བཞིན་དུ་ཁྱོད་ཀྱི་མཛེས་སྡུག་ལྡན་པའི་བཞིན་རས་དང་ལུས་ཀྱི་སྒེག་ཉམས་ད་དུང་ནམ་ཡང་སེམས་ནས་བརྗེད་པར་དཀའ་བའི་ཁྱོད་ཀྱི་མཆུ་སྒྲོས་དམར་པོ་སོགས་སེམས་ལ་ལྷང་ལྷང་འཆར་བཞིན་འདུག གང་ལྟར་ཡང་ངས་སེམས་ཆུང་དམར་པོ་དེ་ཁྱོད་ལས་བྲལ་ཐབས་མེད་པའི་རང་བཞིན་ཅན་ཞིག་ཏུ་གྱུར། ཁྱོད་འཇིག་རྟེན་འདིར་བདེ་བར་འཚོ་བ་དེ་ཙམ་གྱིས་ངའི་ལུས་སེམས་ཡོངས་རྫོགས་བདེ་བ་ཞིག་གིས་ཟིན་ཡོད་ལ། ཁྱོད་འཇིག་རྟེན་འདིར་མེད་པའི་ཉིན་མོ་ནས་ང་འཇིག་རྟེན་འདིར་འཚོ་ཞིང་གནས་པར་སྙིང་པོ་དབེན་ཞིང་མུན་ནག་གི་སྨག་རུམ་ཞིག་གིས་ངའི་ལུས་སེམས་ཡོངས་རྫོགས་བཏུམ་པ་ཡིན། ད་ངས་རྡོལ་གཏམ་མང་ཉུང་ཅི་ཙམ་བཤད་ཀྱང་ཁྱོད་ཀྱིས་ངའི་སེམས་ཆུང་དམར་པོའི་རྣམ་པ་མཐོང་མི་སྲིད་ལ། ངས་ཁ་ནས་བཤད་པ་རྣམས་དོན་དངོས་ཡིན་པ་ཡང་ཁྱོད་ཀྱིས་ཡིད་ཆེས་པར་དཀའ། ལྷག་པར་དུ་ས་སྒང་གི་འཇིག་རྟེན་ཆེན་པོ་འདིར་འགྲོ་བ་གྲངས་ལས་བརྒལ་བར་ཡོད་ཀྱང་ངས་སེམས་འཁོར་ས་ཁྱོད་རང་གཅིག་པུ་ལས་མེད། ངོ་མ་ང་འདི་འདྲ་ཞིག་ཁྱོད་ལ་དགའ་དགོས་པ་ག་རེ་ཡིན་ན། ཁྱོད་ཀྱི་སེམས་ལ་ང་གཙིགས་སུ་འཛིན་མི་སྲིད་ཀྱང་། གལ་ཏེ་ངས་སེམས་ཆུང་དམར་པོ་དེ་ཁྱོད་ཀྱི་མིག་གི་དབང་པོའི་མཐོང་ཡུལ་དུ་གྱུར་ཚེ། ཁྱོད་ཡང་རང་དབང་མེད་པར་ང་ལ་བཅོས་མིན་གྱི་སྙིང་རྗེ་ཞིག་སེམས་གཏིང་ནས་སྐྱེ་སྲིད། དཀོན་མཆོག་མཁྱེན། འཇིག་རྟེན་འདི་ནས་ངས་མིག་གི་མདའ་མོ་ཁྱོད་གཅིག་པུ་ལ་འཕེན་དགོས་པ་ག་རེ་ཡིན་ན། བསྟན་དར་རྒྱས་ནས།

 

 

 

 

 

 

 

 

 

དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.