ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
པར་མཛོད།
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
ནང་ཆོས་བོད་ལ་དར་བའི་ཉེས་སྐྱོན་བཤད་པ། | 2013/4/29 1:11:00

ནང་ཆོས་བོད་ལ་དར་བའི་ཉེས་སྐྱོན་བཤད་པ།

བོད་བཙན་པོིའི་སྐབས་སུ་བོད་ཅེས་པ་འཛམ་གླིང་གི་ཤར་དཀྱིལ་ན་ཆེས་གཟི་བརྗིད་ལྡན་པ་དང་སྟོབས་ཤུགས་ཆེ་བ། ལྷག་པར་དུ་དམག་ཤུགས་དང་དཔལ་འབྱོར་ཆབས་སྲིད་སྤྱི་ཚོགས་ཤེས་རིག་སོགས་ཕུན་སུམ་ཚོགས་པའི་རྒྱལ་ཁབ་ཅིག་ཡིན་པ་དང་རྒྱ་ནག་གོང་མར་ཡང་དཀའ་བསྔལ་མང་པོ་ཞིག་སྤྲད་ཡོད་པ་དང་དེ་བཞིན་ཁྱིམ་མཚེས་རྒྱལ་ཁབ་དེ་ཚོས་རང་བཞིན་གྱིས་སོམས་ཉི་བྱེད་དགོས་པས་གནས་སུ་གྱུར་ཡོད་པ་དེ་ནི། ད་ལྟ་བཞུགས་པའི་ལོ་རྒྱུས་དག་གིས་བདེན་དཔང་བྱེད་ཐུབ། དེ་མཚུངས་སོགས་པོ་ཡང་ཆེས་སྟོབས་ཤུགས་ཆེ་བས་རྒྱལ་ཁབ་ཅིག་ཡིན་ན་ཡང་རྗེས་མར་ནང་ཆོས་དར་ཡོང་བའི་རྒྱུ་མཚན་ལ་བརྟེན་ནས་སོགས་པོའི་སྟོབས་ཤུགས་ཉམས་སོང་བ་ཡོངས་སུ་གྲགས་ཡོད། དེ་ལྟར་རང་རང་རྒེར་ལ་ནང་ཆོས་ཀྱི་ཕན་ཐོག་ཕྲན་བུ་ཡོད་སྲིད་ཀྱང་མི་རིགས་དང་རྒྱབ་ཁབ་ཀྱི་ཆ་ནས་བསམ་ན་ནང་ཆོས་འདིས་གཏོར་བཤིགས་ཆེན་པོ་བྱས་ཡོད། ལྷག་པར་དུ་སྔོན་མ་བཙན་པོས་སྐབས་སུ་བོད་མི་ས་ཡ་བཅུ་གཅིག་ཡོད་པའི་ལོ་རྒྱུས་ཡོད་ན་ཡང་རྗེས་ཕྱོགས་རྒྱ་གར་ནས་ནང་ཆོས་དར་བའི་རྒྱུ་མཚན་ལ་བརྟེན་ནས། བོད་ས་ཡོངས་རྫོགས་གྲྭ་བ་དང་ཨ་ནེའི་གང་སོང་བ་འདི་ཡང་ནང་ཆོས་ཉེར་འབྲས་མིན་ན་ཅི་ཡིན། ད་ཆ་བོད་མི་ས་ཡ་བཞི་དང་ལྔ་ལ་སླེབ་ཡོད་པ་འདི་ཡང་ནང་ཆོས་དར་བའི་ལག་རྗེས་མིན་ཟེར་ན་སུ་ཞིག་ཡིད་ཆེས། མདོར་ན་བོད་མི་རྣམས་ཀྱིས་རང་རང་གི་རྒྱལ་ཁབ་དང་མི་རིགས་བསམ་རྒྱུ་བཞག་ནས་ཆོས་ཁོ་ན་ལ་གཡེང་ནས་མཚམས་རེར་ཆོས་ཀྱི་ཉེར་ལ་བརྟེན་ནས་ཕུ་ནུ་ནང་དམེ་བྱེད་རེས་བྱས་པ་དང་མཚམས་རེ་ནང་མི་གཟའ་ཚང་ཚུན་ཆད་ཀྱིས་བར་ནང་ཆོས་ཀྱིས་འགལ་ཟླ་ཆེན་པོ་བྱས་ཡོད་པ་མངོན་སུམ་ཚད་མའི་གྲུབ་ཡོད། དེ་འདྲ་བྱས་ནས་བོད་བཙན་པོའི་སྟོབས་ཤུགས་ཡོད་ཚད་ནམ་མཁའ་ལ་འཇའ་ཡར་བ་ལྟར་གྱུར་ནས་དུས་རབས་ཉི་ཤུ་བར་དུ་བསྡད་ཡོད། དུས་རབས་ཉི་རྩ་གཅིག་པའི་ནང་བོད་པ་རྣམས་བོད་བཙན་པོའི་སྐབས་ཀྱི་རྟོག་རིག་ཕྲན་བུ་སད་ཡོད་ཀྱང་ད་དུང་ཆོས་ཀྱི་ཞེན་གོག་རང་སར་གནས་ཡོད་པའི་རྐྱེན་གྱིས་མི་མཐུན་པའི་བྱ་བ་འདྲ་མིན་ཡོང་གི་ཡོད་པ་མངོན་གསལ་ཡིན། རྒྱུ་མཚན་དེ་ལ་བརྟེན་ནས་ང་ཚོས་ནང་ཆོས་འདིས་ལེགས་ཉེས་ཅི་བྱས་ཡོད་པར་ངེས་པར་དུ་བསམ་ཞིབ་ནན་མོ་བྱེད་དགོས་པའི་དུས་ལ་སླེབ་ཡོད  རྒྱལ་ཁབ་གཞན་པ་དེ་ཚོས་དམག་དང་གོ་མཚོན་སོགས་རང་གི་སེམས་ཀྱི་སྟོབས་ཤུགས་གོང་མཐོར་བཏང་གི་ཡོད་ན་ཡང་། བོད་པ་རྣམས་ལྷ་བླ་མའི་བཀའ་དྲིན་རེད་ཟེར་ནས་ཐལ་མོ་སྙིང་ཁར་སྦྱར་ཏེ་ད་དུང་ཆོག་ཤེས་དགོས་ཞི་བདེ་དགོས་ཟེར་ནས་མ་ནི་དབྱངས་སུ་གྱེར་བཞིན་བསྡད་ཡོད་པ་མཐོང་ན་མིག་ཆུ་ཤོར་བར་ངེས། གཞན་གྱིས་ཅི་ཙམ་བཙན་འཛུལ་དང་གཉའ་གནོན་བྱས་ན་ཡང་ཆོག་ཤེས་བྱེད་ཀྱི་ཡོད་པ་འདི་ནང་ཆོས་ཀྱིས་གྲུབ་པའི་འབྲས་བུ་ཡིན། ད་ཆ་ནང་ཆོས་ཀྱིས་ཉེར་ལེན་ལ་བརྟེན་ནས་ས་ཕྱོགས་གང་སར་བོད་པ་ཟེར་ན་གཉའ་གནོན་བྱེད་ཆོག་ཆོག་དང་མཐོང་ཆུང་བྱེད་ཆོག་ཆོག་བྱེད་བཞིན་ཡོད། རང་བཞིན་གྱིས་བོད་མིས་ལུས་སེམས་གཉིས་ཀ་སྟོབས་ཤུགས་ལྡན་པ་ཞིག་ཡིན་ན་ཡང་ནང་ཆོས་ཀྱི་ཉེར་ལེན་ལ་བརྟེན་ནས་བོད་མིའི་སྟོབས་ཤུགས་ལྡན་པའི་སེམས་འདི་ནུས་མེད་བཟོས་ཚར་ཡོད། གལ་ཏེ་ལུས་འདི་ཡང་ཆུང་ཆུང་དང་ནུས་མེད་བཟོ་རྒྱུ་ཡོད་པའི་དབང་དུ་བཏང་ན་ནང་ཆོས་ཀྱིས་ཆུང་ཆུང་བཟོས་ཚར་ཡོད་ཀྱང་། ནང་ཆོས་ཅི་ཙམ་ནང་ཆོས་བོད་ལ་དར་བའི་ཉེས་སྐྱོན་བཤད་པ།

བོད་བཙན་པོིའི་སྐབས་སུ་བོད་ཅེས་པ་འཛམ་གླིང་གི་ཤར་དཀྱིལ་ན་ཆེས་གཟི་བརྗིད་ལྡན་པ་དང་སྟོབས་ཤུགས་ཆེ་བ། ལྷག་པར་དུ་དམག་ཤུགས་དང་དཔལ་འབྱོར་ཆབས་སྲིད་སྤྱི་ཚོགས་ཤེས་རིག་སོགས་ཕུན་སུམ་ཚོགས་པའི་རྒྱལ་ཁབ་ཅིག་ཡིན་པ་དང་རྒྱ་ནག་གོང་མར་ཡང་དཀའ་བསྔལ་མང་པོ་ཞིག་སྤྲད་ཡོད་པ་དང་དེ་བཞིན་ཁྱིམ་མཚེས་རྒྱལ་ཁབ་དེ་ཚོས་རང་བཞིན་གྱིས་སོམས་ཉི་བྱེད་དགོས་པས་གནས་སུ་གྱུར་ཡོད་པ་དེ་ནི། ད་ལྟ་བཞུགས་པའི་ལོ་རྒྱུས་དག་གིས་བདེན་དཔང་བྱེད་ཐུབ། དེ་མཚུངས་སོགས་པོ་ཡང་ཆེས་སྟོབས་ཤུགས་ཆེ་བས་རྒྱལ་ཁབ་ཅིག་ཡིན་ན་ཡང་རྗེས་མར་ནང་ཆོས་དར་ཡོང་བའི་རྒྱུ་མཚན་ལ་བརྟེན་ནས་སོགས་པོའི་སྟོབས་ཤུགས་ཉམས་སོང་བ་ཡོངས་སུ་གྲགས་ཡོད། དེ་ལྟར་རང་རང་རྒེར་ལ་ནང་ཆོས་ཀྱི་ཕན་ཐོག་ཕྲན་བུ་ཡོད་སྲིད་ཀྱང་མི་རིགས་དང་རྒྱབ་ཁབ་ཀྱི་ཆ་ནས་བསམ་ན་ནང་ཆོས་འདིས་གཏོར་བཤིགས་ཆེན་པོ་བྱས་ཡོད། ལྷག་པར་དུ་སྔོན་མ་བཙན་པོས་སྐབས་སུ་བོད་མི་ས་ཡ་བཅུ་གཅིག་ཡོད་པའི་ལོ་རྒྱུས་ཡོད་ན་ཡང་རྗེས་ཕྱོགས་རྒྱ་གར་ནས་ནང་ཆོས་དར་བའི་རྒྱུ་མཚན་ལ་བརྟེན་ནས། བོད་ས་ཡོངས་རྫོགས་གྲྭ་བ་དང་ཨ་ནེའི་གང་སོང་བ་འདི་ཡང་ནང་ཆོས་ཉེར་འབྲས་མིན་ན་ཅི་ཡིན། ད་ཆ་བོད་མི་ས་ཡ་བཞི་དང་ལྔ་ལ་སླེབ་ཡོད་པ་འདི་ཡང་ནང་ཆོས་དར་བའི་ལག་རྗེས་མིན་ཟེར་ན་སུ་ཞིག་ཡིད་ཆེས། མདོར་ན་བོད་མི་རྣམས་ཀྱིས་རང་རང་གི་རྒྱལ་ཁབ་དང་མི་རིགས་བསམ་རྒྱུ་བཞག་ནས་ཆོས་ཁོ་ན་ལ་གཡེང་ནས་མཚམས་རེར་ཆོས་ཀྱི་ཉེར་ལ་བརྟེན་ནས་ཕུ་ནུ་ནང་དམེ་བྱེད་རེས་བྱས་པ་དང་མཚམས་རེ་ནང་མི་གཟའ་ཚང་ཚུན་ཆད་ཀྱིས་བར་ནང་ཆོས་ཀྱིས་འགལ་ཟླ་ཆེན་པོ་བྱས་ཡོད་པ་མངོན་སུམ་ཚད་མའི་གྲུབ་ཡོད། དེ་འདྲ་བྱས་ནས་བོད་བཙན་པོའི་སྟོབས་ཤུགས་ཡོད་ཚད་ནམ་མཁའ་ལ་འཇའ་ཡར་བ་ལྟར་གྱུར་ནས་དུས་རབས་ཉི་ཤུ་བར་དུ་བསྡད་ཡོད། དུས་རབས་ཉི་རྩ་གཅིག་པའི་ནང་བོད་པ་རྣམས་བོད་བཙན་པོའི་སྐབས་ཀྱི་རྟོག་རིག་ཕྲན་བུ་སད་ཡོད་ཀྱང་ད་དུང་ཆོས་ཀྱི་ཞེན་གོག་རང་སར་གནས་ཡོད་པའི་རྐྱེན་གྱིས་མི་མཐུན་པའི་བྱ་བ་འདྲ་མིན་ཡོང་གི་ཡོད་པ་མངོན་གསལ་ཡིན། རྒྱུ་མཚན་དེ་ལ་བརྟེན་ནས་ང་ཚོས་ནང་ཆོས་འདིས་ལེགས་ཉེས་ཅི་བྱས་ཡོད་པར་ངེས་པར་དུ་བསམ་ཞིབ་ནན་མོ་བྱེད་དགོས་པའི་དུས་ལ་སླེབ་ཡོད  རྒྱལ་ཁབ་གཞན་པ་དེ་ཚོས་དམག་དང་གོ་མཚོན་སོགས་རང་གི་སེམས་ཀྱི་སྟོབས་ཤུགས་གོང་མཐོར་བཏང་གི་ཡོད་ན་ཡང་། བོད་པ་རྣམས་ལྷ་བླ་མའི་བཀའ་དྲིན་རེད་ཟེར་ནས་ཐལ་མོ་སྙིང་ཁར་སྦྱར་ཏེ་ད་དུང་ཆོག་ཤེས་དགོས་ཞི་བདེ་དགོས་ཟེར་ནས་མ་ནི་དབྱངས་སུ་གྱེར་བཞིན་བསྡད་ཡོད་པ་མཐོང་ན་མིག་ཆུ་ཤོར་བར་ངེས། གཞན་གྱིས་ཅི་ཙམ་བཙན་འཛུལ་དང་གཉའ་གནོན་བྱས་ན་ཡང་ཆོག་ཤེས་བྱེད་ཀྱི་ཡོད་པ་འདི་ནང་ཆོས་ཀྱིས་གྲུབ་པའི་འབྲས་བུ་ཡིན། ད་ཆ་ནང་ཆོས་ཀྱིས་ཉེར་ལེན་ལ་བརྟེན་ནས་ས་ཕྱོགས་གང་སར་བོད་པ་ཟེར་ན་གཉའ་གནོན་བྱེད་ཆོག་ཆོག་དང་མཐོང་ཆུང་བྱེད་ཆོག་ཆོག་བྱེད་བཞིན་ཡོད། རང་བཞིན་གྱིས་བོད་མིས་ལུས་སེམས་གཉིས་ཀ་སྟོབས་ཤུགས་ལྡན་པ་ཞིག་ཡིན་ན་ཡང་ནང་ཆོས་ཀྱི་ཉེར་ལེན་ལ་བརྟེན་ནས་བོད་མིའི་སྟོབས་ཤུགས་ལྡན་པའི་སེམས་འདི་ནུས་མེད་བཟོས་ཚར་ཡོད། གལ་ཏེ་ལུས་འདི་ཡང་ཆུང་ཆུང་དང་ནུས་མེད་བཟོ་རྒྱུ་ཡོད་པའི་དབང་དུ་བཏང་ན་ནང་ཆོས་ཀྱིས་ཆུང་ཆུང་བཟོས་ཚར་ཡོད་ཀྱང་། ནང་ཆོས་ཅི་ཙམ་དར་ཀྱང་ལུས་སྔར་བཞིན་གནས་པ་ལས་ནུས་མེད་ཆུང་ཆུང་བཟོ་ཐུབ་མེད།དར་ཀྱང་ལུས་སྔར་བཞིན་གནས་པ་ལས་ནུས་མེད་ཆུང་ཆུང་བཟོ་ཐུབ་མེད། 

Re:ནང་ཆོས་བོད་ལ་དར་བའི་ཉེས་སྐྱོན་བཤད་པ། | 2013/4/29 21:18:52
སྐུ་མགྲོན་1HXk05(སྐུ་མགྲོན)བརྗོད་དོན་ཟབ་པའི་རྩོམ་ཡིག་འདི་འདྲ་ང་ཚོའི་ཟིན་བྲིས་སུ་སྤེལ་བ་ཉུང་ཙམ་ཡིན་པས་ཆེས་ཡི་རངས་ཞུ་རྒྱུ་དང་། དག་སྦྱོར་ཐོག་ནས་གང་ཉིད་ཀྱིས་མཉམ་པར་མ་བཞག་པའམ་གང་ལྟར་ནོར་བ་མང་ཙམ་སྣང་། དགོངས་པ་མ་འཚོམ།
རྩོམ་པ་པོ།:སྐུ་མགྲོན་1HXk05(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:ནང་ཆོས་བོད་ལ་དར་བའི་ཉེས་སྐྱོན་བཤད་པ། | 2014/7/3 11:10:42
སྐུ་མགྲོན་8dt2Wj(སྐུ་མགྲོན)གོང་དུ་བཤད་པ་དེ་ནི་ཁུང་ལུང་མེད་པའི་རྫུན་བཤད་ཁོ་ན་མ་གཏོགས་འཐད་པའི་ཕྱོགས་ཏིལ་འབྲུ་ཙམ་ཙམ་ཡང་མི་འདུག་་་།།།་ནང་ཆོས་དར་ཁྱབ་ཆེ་བའི་འཇར་པན་དང་་་འབར་མ་་་་ཤེ་རི་ལངས་དཀར་་་དེ་བཞིན་ཐན་ལན་ཏྲའི་སོགས་མང་པོ་ཡོད་ཀྱང་ཁོ་ཚོའི་གཏན་དུ་ནང་ཆོས་ཉམས་ལེན་བྱེད་གི་ཡོད་ཀྱང་སྟོབས་ཤུགས་ཉམས་རྒུད་འགྲོ་བའི་ལོ་རྒྱུས་མེད་འདུག་།།།་བོད་ལ་ག་རེ་བྱེད་ནས་དམིགས་བསལ་གི་ཉམས་རྒུད་བཏང་བ་རེད་།།
རྩོམ་པ་པོ།:སྐུ་མགྲོན་8dt2Wj(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.