ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
པར་མཛོད།
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
༧སྐྱབས་རྗེ་རྣམ་གཉིས་འགྲོ་དོན་ལ་ཕེབས་པ། | 2012/7/16 11:01:00

༧སྐྱབས་རྗེ་རྣམ་གཉིས་འགྲོ་དོན་ལ་ཕེབས་པ།

 

དེ་རིང་ཞོག་ཀ་ཕྱག་ཚོད་དྲུག་དང་ཕྱེད་ཀའི་ཐོག་༧སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་སེང་གེ་མཆོག་དང་༧སྐྱབས་རྗེ་མཁན་རིན་པོ་ཆེ་ལུང་རྟོགས་བསྟན་པ་གཡུང་དྲུང་རྣམ་གཉིས་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་ལྡན་ཁྲི་བརྟན་ནོར་རྩེ་ནས་ཆིབས་བསྒྱུར་བསྐྱང་སྟེ།  བལ་ཡུལ་རྒྱལ་སའི་ཉེ་འདབས་སུ་ཡོད་པའི་གནམ་ཐང་དུ་ཞབས་སོར་བདེ་བར་འཁོད་པའི་རྗེས་སུ། ཕྱག་ཚོད་བརྒྱད་ཡན་མན་ཞིག་གི་ཐོག་མཁའ་ལམ་བརྒྱུད་ཏེ་ནུབ་ཕྱོགས་སྟོབས་ཆེན་རྒྱལ་ཁབ་ཕྷ་རན་སི་ལ་བསྟན་པ་དང་འགྲོ་བའི་དོན་དུ་ཕེབས་ཡོད་པ་དང་། སྤྱིར་སངས་རྒྱས་ཀྱི་བསྟན་པ་དང་ཡང་དགོས་རྒྱལ་བ་གཤེན་རབ་ཀྱི་བསྟན་པ་རིན་པོ་ཆེའི་ཆེད་དུ། ༧སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་སེང་གེ་མཆོག་གི་དགུང་ལོ་ཉེར་བདུན་ནས་བཟུང་སྟེ།  རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་ཞེས་སྲིད་གསུམ་ན་གྲགས་པའི་སྐྱེས་བུ་དམ་པ་དེ་ཡི་རྗེས་སུ་བཟུང་ནས་བསྟན་པ་འདི་ཉིད་རྣམ་པར་དག་པ་དང་། ཚད་ལྡན་ཚུལ་མཐུན་ཞིག་ཡོང་རྒྱུའི་ཆེད་དུ་དགུང་གྲངས་བརྒྱད་ཅུ་ཅ་བདུན་མ་ཟིན་བར་དུ་འབད་ཁུལ་བྱས་པ་ཡིན་ཞེས་༧སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་སེང་གེ་མཆོག་གི་ཞལ་ནས་གསུང་ཤིང་།  ད་རུང་བསྟན་པ་འདི་ཉིད་ཀྱི་ཆེད་དུ་སྐུ་ངལ་འཛེམས་མེད་ཐོག་རྒྱལ་ཕྱི་ནང་གང་སར་འགྲོ་དོན་བསྐྱང་བཞིན་ཡོད་པར་མཆིས། ས་སྟེང་འགྲན་ཟླ་བྲལ་བའི་༧བླ་མ་དམ་པ་ཁོང་གི་དགུང་གྲངས་དགུ་བཅུ་ཟིན་ལ་ཉེ་བ་ཡིན་ཀྱང་། ལམ་བར་གྱི་དཀའ་ཚེགས་སོགས་ལ་མ་འཛེམས་པར་ཕྱི་ཕྱོགས་སུ་ཕེབས་དགོས་པའི་རྒྱུ་མཚན་ནི་སྤྱིར་སྐྱེ་འགྲོ་སྤྱི་དང་། ཡང་དགོས་༧སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་སེང་གེ་མཆོག་གི་སྐྱབས་འོག་ཏུ་ཚུད་པའི་འབྲེལ་ཡོད་ཀྱི་རྒྱལ་ཕྱི་ནང་གི་སློབ་ཚོགས་དུ་མར་ཡོད་པར་བརྟེན། ལོ་འདིར་ཕྱི་ཕྱོགས་སུ་གནས་པའི་སློབ་ཚོགས་མང་པོ་ཞིག་གི་རེ་བསྐོང་གི་ཆེད་དུ་ཕེབས་པ་ཞིག་ཡིན་པ་༧སྐྱབས་རྗེ་མཁན་རིན་པོ་ཆེ་ལུང་རྟོགས་བསྟན་པ་གཡུང་དྲུང་མཆོག་གི་གྲྭ་ཚང་ལ་བཀའ་སློབ་བཀྲ་དྲིན་སྩལ་སྐབས་སུ་གསུངས་སོང་། རང་ཅག་བོན་འབངས་སུ་ཞིག་ཡིན་རུང་དགའ་དགོས་པ་ཞིག་ལ། ༧སྐྱབས་རྗེ་བླ་མའི་སྐུ་གཟུགས་བདེ་ཐང་ཡིན་པ་དང་། མི་དཀྱུས་མ་ཞིག་དང་མི་འདྲ་བར་ནང་གི་ཉམས་ལེན་སོགས་ཀྱི་སྟོབས་ལ་བརྟེན་ནས་དགུང་གྲངས་དགུ་བཅུ་ཟིན་ལ་ཉེ་བ་ཡིན་ཀྱང་དགོན་པའི་ནང་དུ་བཞུགས་ཚེ་ཉམས་ལེན་དང་ཕྱག་དཔེར་གཟིགས་ནས་སྐུ་ཚེ་བསྐྱེལ་བཞིན་ཡོད་པ་དང་ཕྱི་ཕྱོགས་སུ་ཕེབས་ཚེ་ཡང་དེ་བཞིན་རེད་ཅེས་བརྗོད་བཞིན་འདུག  གཞན་ཡང་༧སྐྱབས་རྗེ་རྣམ་གཉིས་ཀྱིས་ཕྱི་ཕྱོགས་སུ་འགྲོ་དོན་བསྐྱང་དགོས་པའི་རྒྱུ་མཚན་གཞན་ཞིག་ནི་གཙོ་བོ་འདིར་བཞུགས་ཀྱི་གྲྭ་མང་རྣམས་ཀྱིས་འཚོ་བའི་ཆ་རྐྱེན་སོགས་ཀྱི་ཆེད་དུ་ཡང་ཡིན་པ་རེད། མདོར་ན་༧སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་སེང་གེའི་སྐུ་གཟུགས་བདེ་ཐང་ཡིན་བཞིན་དུ་ཕྱི་ཕྱོགས་སུ་འགྲོ་དོན་ལ་ཕེབས་པའི་གནས་ཚུལ་སྙིང་བསྡུས་སུ། ཡོངས་འཛིན་ཆེན་མོའི་སློབ་མའི་མིང་འཛིན་པ་བསྟན་པ་དར་རྒྱས་ནས།

 

Re:༧སྐྱབས་རྗེ་རྣམ་གཉིས་འགྲོ་དོན་ལ་ཕེབས་པ། | 2012/7/16 13:11:02
snowyouthཀུན་གྱི་ཡོངས་འཛིན་ཆེན་མོ་༧སྐྱབས་རྗེ་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་དགུང་གྲངས་བརྒྱ་ཕྲག་ནས་བརྒྱ་ཕྲག་ཏུ་བརྒལ་བར་སྨོན། ཟིན་བདག་ལགས་ཀྱིས་མཛད་འཕྲིན་འདིའི་སྐོར་རྗེས་མར་མུ་འགོད་བྱེད་རྒྱུའི་རེ་བ་ཡོད།
Re:༧སྐྱབས་རྗེ་རྣམ་གཉིས་འགྲོ་དོན་ལ་ཕེབས་པ། | 2012/7/16 18:46:48
tdmbཁོང་རྣམ་གཉིས་སྐུ་ཚེ་བསྐལ་བརྒྱར་བརྟན་པ་ཤོག།
Re:༧སྐྱབས་རྗེ་རྣམ་གཉིས་འགྲོ་དོན་ལ་ཕེབས་པ། | 2012/7/17 0:47:12
སྐུ་མགྲོན་Ine5HT(སྐུ་མགྲོན)གྲོགས་བསྟན་པ་དར་རྒྱས་ལགས་ཐོག་མར་འཚམས་འདྲི་བཀྲ་ཤིས་བདེ་ལེགས། སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་སྐུ་ཚེ་ཁྲི་ལོ་ནས་ཁྲི་ལོ་བརྟན་པར་ཤོག ཁྱེད་ཀྱིས་རྗེས་ཕྱོགས་སུ་འདི་ལྟ་བུའི་དཔྱད་རྩོམ་གང་མང་སྤེལ་
བའི་རེ་བ་དང་བཅས། ཨ་ཀྲོང་རིན་རྒྱལ་གྱིས་འཕགས་ཡུལ་སྨན་གླིང་ནས་བཏེགས།
རྩོམ་པ་པོ།:སྐུ་མགྲོན་Ine5HT(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:༧སྐྱབས་རྗེ་རྣམ་གཉིས་འགྲོ་དོན་ལ་ཕེབས་པ། | 2012/7/17 12:25:31
Drncharབོན་བསྟན་དར་གྱི་གདུག་དཀར། མི་ནུབ་སྲིད་རྩིར་བསྒྲིང་མཁན། སྐྱབས་རྗེ་འགྲོ་མགོན་རྣམ་གཉིས། སྐུ་ཚེ་བསྐལ་བརྒྱལ་བརྟན་ཤོག། ཕྱྭ་བརྩུན་ནས།
Re:༧སྐྱབས་རྗེ་རྣམ་གཉིས་འགྲོ་དོན་ལ་ཕེབས་པ། | 2012/7/19 19:48:41
སྐུ་མགྲོན་017Hx4(སྐུ་མགྲོན)སྐྱབས་རྗེ་མཁན་སློབ་རྣམ་གཉིས་སྐུ་ཚེ་བསྐལ་བརྒྱར་བརྟན་པར་ཤོག། བསོད་ནམས་བློ་གྲོས་ནས།
རྩོམ་པ་པོ།:སྐུ་མགྲོན་017Hx4(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.