ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
པར་མཛོད།
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
ཁྱོད་ཀྱིས་འདོད་པ་ངོ་མ་དེ་ག་རེ་རེད | 2012/6/1 13:37:00

 

 

ཁྱོད་ཀྱིས་འདོད་པ་ངོ་མ་དེ་ག་རེ་རེད།

ཐོག་མར་ཡེ་གཤེན་བཀོད་པ་དོན་འབུམ་འདི།

དབུ་མའི་གཞུང་ཞིག་ཡིན་པར་བཤད་པའི་ཚེ།

རྟགས་མ་གྲུབ་ཟེར་རྟགས་ལན་སྔོན་ལ་བཏབས།

འོན་ཀྱང་རྗེས་སུ་རང་འདོད་གང་ཡིན་པ།

སྐོམ་པ་ཆུས་གདུང་ལྟར་དུ་སྒུག་ན་ཡང་།

གསལ་བཤད་ཅི་ཡང་མེད་པར་ཁུ་སིམ་མེ།

ཁྱེད་ཀྱིས་བྲིས་པའི་རྟགས་ལན་ང་རོའི་ནང་།

ཡེ་གཤེན་བཀོད་པ་དོན་གྱི་གཞུང་ཆེན་འདི། 

སྔགས་གཞུང་ཡིན་པ་ཁྱེད་ཀྱིས་བྲིས་འདུག་པ།

དཔེར་ན་འདུས་མ་བྱས་པའི་སེམས་དང་གཅིག

སྩལ་མེད་ཡེ་སངས་རྒྱས་པའི་ཀློང་ཆེན་དང་།

ཆེས་གྲགས་ཆེ་བ་གསང་སྔགས་ཡེ་གཤེན་པ།

ཁྱེད་ཀྱིས་བྲིས་པའི་རྟགས་ལན་དེ་ལས་གསལ།

གཞན་ཡང་ཁྱེད་ཀྱིས་བྲིས་པའི་རྟགས་ལན་ལས།

འདུས་མ་བྱས་པའི་སེམས་ཞེས་བརྗོད་པ་དེས།

ལྟ་བ་བསྟན་པ་ཅི་ལ་མིན་ཞེས་བཤད།

འོན་ཀྱང་དེ་ཀ་ཙམ་གྱིས་གསང་སྔགས་པའི།

ལྟ་བ་བསྟན་ཞེས་ཤིན་ཏུ་བརྗོད་པར་དཀའ།

གོང་མའི་ཚིག་འགའ་བྱུང་བའི་རྒྱུ་མཚན་གྱིས།

གོང་མའི་གཞུང་ལུགས་ཡིན་པར་བརྗོད་དགོས་ན།

གྲུབ་མཐའི་ལྟ་སྤྱོད་འཆོལ་བའི་ཉེན་ཁ་ཆེ།

ཚིག་ཉུང་དོན་ཟབ་ལྡན་པའི་དོན་འབུམ་གཞུང་།

གསང་སྔགས་ཡེ་གཞུང་ལྟ་ཞོག་དངོས་བསྐྱེད་པར།

ཉེ་བར་ནམ་ཡང་འགྱུར་བར་མ་ཡིན་ཏེ།

གཞུང་གིོ་བསྟན་དོན་བབ་ལ་བརྟག་ན་གསལ།

རང་ལུགས་སྔགས་གཞུང་ཐམས་ཅད་མགྲིན་གཅིག་ཏུ།

འདུས་མ་བྱས་པའི་སེམས་དང་སྩལ་མེད་ཀློང་།

བཞེད་པ་ཁྱད་པར་ཅུང་ཟད་ཙམ་ཡང་མེད།

རྒྱུ་མཚན་རང་གཞུང་སྔགས་གཞུང་ཕལ་མོ་ལས།

ཕྱི་ནང་གང་ལས་མངོན་རྟོགས་བསྒོམ་པའི་ཚེ།

གནས་ལུགས་མཐའ་བྲལ་ཆེན་མོའི་གཞི་དགོས་པ།

བཞི་ཀ་གཅིག་པ་ཡོངས་འཛིན་ཆེན་མོs་གསུང་།

འདུས་མ་བྱས་སེམས་ཨེ་ཀློང་ཆེན་པོ་གཉིས།

གསང་སྔགས་ཕྱི་ནང་ཐམས་ཅད་རང་ལུགས་ལ།

ཚིག་གིས་མང་ཉུང་འགྲེལ་བཤད་ཇི་བྱས་ཀྱང་།

གནས་ལུགས་མཐའ་བྲལ་དེ་ཀ་རང་དུ་ཟད།

ད་རུང་ཁྱེད་ཀྱིས་རྟགས་ལན་ང་རོའི་ནང་།

སྙད་རྒྱུད་ལས་བྱུང་ཚིག་དོན་ཟབ་མོ་གཉིས།

ཀུན་བཟང་དགེ་བ་མ་བྱས་མངོན་སངས་རྒྱས།

སེམས་ཅན་སྡིག་པ་མ་བྱས་འཁོར་བར་འཁྱམས།

ཞེས་པའི་དོན་དེ་ཁྱེད་ཀྱིས་འགྲེལ་ཚུལ་ལ།

ཅུང་ཙམ་གུས་པའི་བློ་ངོར་མ་བབ་པར་།

འདི་རུ་ཅུང་ཙམ་འབྲི་བའི་ངལ་བ་བྱས།

དཔེར་ན་སྣང་བ་རྟོག་པས་བཀྲིད་པ་ལ།

ཀུན་བཟང་དགེ་བ་མ་བསྒྲུབས་མངོན་སངས་རྒྱས།

སླར་ཡང་སྣང་བ་རྟོག་པས་བཀྲིད་པ་ལ།

སེམས་ཅན་འཁོར་བར་ཇི་ལྟར་འཁྱམས་པ་ཡིན།

སྣང་བ་རྟོག་པས་བཀྲིད་པར་ཞེས་པ་དེ།

གཞི་སྩལ་གཉིས་ནས་སྩལ་གྱི་ཆ་ནས་ཡིན།

ཀུན་བཟང་དགེ་བ་མ་བསྒྲུབས་མངོན་སངས་རྒྱས།

སེམས་ཅན་སྡིག་པ་མ་བྱས་འཁོར་བར་འཁྱམས།

ཞེས་པས་དང་པོ་ཀུན་ཏུ་བཟང་པོ་ནི།

རྣམ་རྟོག་ངོར་བལྟས་རྣམ་རྟོག་རང་སར་ཞི།

དེ་ཀ་རང་ལ་བཅོས་བསྒྱུར་མ་བྱས་པར།

བཞག་པའི་སྟོབས་ཀྱིས་ཀུན་བཟང་མངོན་སངས་རྒྱས།

འཁོར་བའི་སེམས་ཅན་འཁོར་བར་འཁྱམས་པའི་ཚེ།

སྟོང་པའི་སྩལ་ལ་སྒྲ་འོད་ཟེར་གསུམ་ཤར།

ཤར་བ་དེ་ལ་རང་སྣང་མ་ཤེས་པར།

གཞན་སྣང་ཡུལ་དུ་བཟུང་བའི་ནུས་སྟོབས་ཀྱིས།

རྣམ་པར་རྟོག་པ་ཇེ་ཆེ་ཇེ་རགས་སོང་།

སེམས་ཅན་ཐམས་ཅད་དེ་ཡི་རྗེས་འཛིན་བྱས།

དེ་ཡི་རྗེས་འཛིན་བྱས་པས་འཁོར་བར་འཁྱམས།

མངོན་སངས་རྒྱས་དང་འཁོར་བར་འཁྱམས་པ་གཉིས།

དགེ་སྡིག་གཉིས་ལ་རགས་མ་ལུས་པར་བསྟན།

དེས་ན་ཚིག་ཏུ་ཅི་ཙམ་བཤད་ཀྱང་རུང་།

མདོ་དོན་ང་ལ་དྲི་བ་གཅིག་ཏུ་མཆིས།

དོན་འབུམ་གཞུང་དེ་ཐེག་པ་གང་གི་གཞུང་།

ཁྱེད་ཀྱིས་དྲི་བ་གསལ་བོ་གནང་རོགས་བྱོས།

ས་མཐར་འཁྱམས་པའི་གྲྭ་རྐྱང་དཀྱུས་མ་ངས།

དྲ་གྲོགས་ཁྱུང་བཙུན་སྨྱུག་མཛེས་ལགས་ལ་ཕུལ།

བསྟན་པ་དར་རྒྱས་ནས་ཕུལ།

 

 

 

 

 

 

 

 

 

Re:ཁྱོད་ཀྱིས་འདོད་པ་ངོ་མ་དེ་ག་རེ་རེད | 2012/6/4 15:09:11
Khyungཧ་ཧ།
ངས་ཀྱང་དམིགས་གསལ་དུ་ཐེག་པ་དགུ་ལས་འདི་ཉིད་དོ་ཞེས་ད་ཆ་མེད།
Re:ཁྱོད་ཀྱིས་འདོད་པ་ངོ་མ་དེ་ག་རེ་རེད | 2012/6/27 11:41:28
སྐུ་མགྲོན་Lqh6KW(སྐུ་མགྲོན)ཡིག་ནོར་དེ་དག་ད་དུང་ཡང་བཅོས་མི་འདུག ངོ་མ་ཐབ་རྡུག་ཀི་ཡ།
རྩོམ་པ་པོ།:སྐུ་མགྲོན་Lqh6KW(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.